Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་དུ་བལ་ཡུལ་གྱི་ས་ཡོམ་ཆེད་བསྔོ་སྨོན་ཟབ་རྒྱས་འཚོགས་པ།

Posted on 2015-04-282015-04-28 By ཁ་བརྡ་ No Comments on ཐའེ་ཝན་དུ་བལ་ཡུལ་གྱི་ས་ཡོམ་ཆེད་བསྔོ་སྨོན་ཟབ་རྒྱས་འཚོགས་པ།

གནས་ཚུལ་མཁོ་སྤྲོད་པ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་།

unnamedདེ་ཡང་སྤྱི་ཟླ་བཞི་པའི་ཚེས་༢༥ ཡི་ཉིན་གུང་བལ་ཡུལ་ལྟེ་བར་བྱས་པའི་བོད་དང་འབྲུག་སོགས་ཚུད་པའི་ཧི་མ་ལའི་རི་བརྒྱུད་ཁུལ་དུ་རིམ་པ་བརྒྱད་ཅན་གྱི་ས་ཡོམ་ཤུགས་ཆེན་བརྒྱབས་ཏེ་མི་རྒྱུ་གཉིས་ལ་གྱོང་གུད་ཆེན་པོ་ཕོགས་བཞིན་པར་དམིགས་ནས། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་བྱས་ཏེ། མདང་ནུབ་(2015/4/27)རྒྱལ་ས་ཐའེ་པེ་རུ་གནོད་ཐེབས་མི་མང་གི་ཆེད་དུ་མཆོད་འབུལ་སྨོན་ལམ་ཧ་ཅང་གཞི་རྒྱ་ཆེ་བ་ཞིག་འཚོགས་ཡོད་ཅིང་། དེར་དམིགས་བསལ་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་༸གདུང་སྲས་སྐུ་གཞོན་རིན་པོ་ཆེ་མཆོག་གདན་ཞུས་དབུ་ཞུགས་ཐོག མཛད་རིམ་དང་ལས་ཀའི་བྲེལ་ཟིང་ལ་མ་ལྟོས་པར་དུས་ཐུང་གི་དྲ་ལམ་ཁྱབ་བསྒྲགས་ཁོ་ན་བརྒྱུད་ཐའེ་བཞུགས་བོད་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་གཙོ་བོར་གྱུར་པའི་དགེ་འདུན་པ་བདུན་ཅུ་ལྷག་དང་། མི་མང་སུམ་བརྒྱར་ཉེ་བ་འདི་འཛོམས་བྱུང་ཡོད་པར་མ་ཟད། ཚང་མས་ཚོར་ཤུགས་ཆེན་པོས་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་ཡོད།unnamed-1

དེ་ཡང་༸སྐྱབས་རྗེ་གདུང་སྲས་རིན་པོ་མཆོག་གིས་ཐོག་མར་དགེ་འདུན་པ་དང་མི་མང་ལ་ཚང་མ་མཉམ་དུ་འཛོམས་ནས་གསོལ་སྨོན་གནང་བའི་གལ་ཆེའི་རང་བཞིན་དང་དམིགས་ཕན་ཡོན་གྱི་སྐོར་དང་འབྲེལ་བའི་གསུང་བཤད་གནང་། དེ་བཞིན་ལས་འགུལ་གོ་སྒྲིག་མགྲིན་ཚབ་པས་ཀྱང་། མི་ཧ་ཅང་མང་པོ་ཞིག་རྐྱེན་ལམ་དུ་གྱུར་པ་དང་། མང་པོ་ཞིག་ལ་རྨས་སྐྱོན་ཚབ་ཆེན་ཕོག་པ། དེ་ལས་མང་བ་ཞིག་རྟེན་ཡུལ་མེད་པ་ཆགས་པ་སོགས་ཀྱི་ཧ་ཅང་ཡི་མུག་སྐྱེ་བར་འོས་པའི་དཀའ་སྡུག་གི་གནས་སྟངས་ལ་དམིགས་ནས་དུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་འདྲ་མིན་བསྟོན་རྒྱུ་ནི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ངོས་དང་། ཐེག་པ་ཆེན་པོའི་མཉམ་ལེན་གྱི་ངོས་གཉིས་ཆར་ནས་གལ་ཆེན་ཡིན་པ་དང་། ཞིབ་ཚོགས་ཀྱི་ངོས་ནས་ཀྱང་། ནུས་ཚོད་དང་བསྟུན་ནས་སྔར་འཇར་པན་མཚོ་འཁྱོམས་ཆེན་མོ་དང་། ཡུལ་ཤུལ་ས་ཡོམ། ཐའེ་ཝན་གྱི་བརླངས་རྫས་གས་འཐོར་སོགས་རང་བྱུང་གི་གནོད་འཚེ་ཕོག་སྐབས་ཀུན་ལ་གདུང་སེམས་མཉམ་བསྐྱེད་མཚོན་པའི་མཆོད་འབུལ་སྨོན་ལམ་ཞུས་པ་ལྟར། ད་ཐེངས་ཡང་བལ་ཡུལ་མཚོན་པའི་གནོད་ཐེབས་མི་མང་གི་ཆེད་དུ་སྨོན་ལམ་འདི་གོ་སྒྲིག་འདི་ཞུས་པ་ཡིན། ཞེས་དང་། རྗེས་སོར་ཡང་དགོས་གལ་ནམ་བྱུང་ལ་ཐའེ་བཞུགས་དགེ་འདུན་པ་དང་དད་སློབ་ཚང་མ་དམ་ཚིག་དང་མཐུན་ལམ་འོ་ཆུ་གཅིག་འདྲེས་ཀྱིས་ལས་འགུལ་ག་འདྲ་ཞིག་ཡིན་ཡང་མཉམ་ཞུགས་བྱ་གལ་ཆེན་པོ་ཡིན་ཞེས་གསུངས།

unnamed-4

དེ་རྗེས། ཚང་མས་ཐུབ་ཆོག་བྱིན་རླབས་གཏེར་མཛོད་དང་། ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས། གུ་རུ་སིདྡྷི། བཟང་སྤྱོད་སྨོན་ལམ། མར་མེའི་སྨོན་ལམ་བཅས་གསུངས་མཐར་ངག་བསྡམས་མྱ་ངན་སྐར་མ་གཅིག་གི་རིང་ལ་བྱས་མཐར་ཐེངས་འདིའི་ལས་འགུལ་ཡོངས་སུ་གྲུབ།
ཐེངས་འདིའི་ལས་འགུལ་ལ་ཐའེ་ཝན་དད་སློབ་དག་གིས་ཀྱང་ཐའེ་བཞུགས་དགེ་འདུན་པ་དག་གིས་དཀའ་ངལ་ཅན་ལ་སེམས་གསོ་གནང་བའི་ལས་དོན་གྱི་བྱེད་ཕྱོགས་ལ་སེམས་འགུལ་ཐེབས་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ལ། འདིས་ཐའེ་ཝན་མི་མང་གིས་བོད་བརྒྱུད་ནང་བསྟན་དང་བོད་མིའི་ཀུན་སྤྱོད་འདུ་ཤེས་ལ་སྔར་ལས་མཐོ་བའི་ངོས་འཛིན་གང་ལེགས་འབྱུང་བའི་བཟང་ཕྱོགས་ཀྱི་རྒྱུ་རྐྱེན་གལ་ཆེན་ཤིག་བསྐྲུན་ཐུབ་པ་བྱུངཡོད། །

འབྲེལ་མཐུད། 00886-963017508

གསར་འགྱུར།

Post navigation

Previous Post: ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འབོད་སྐུལ་གསལ་བསྒྲགས།
Next Post: བལ་ཡུལ་གནོད་སེལ་དགེ་འདུན་དང་སྐད་ཆ་གཞན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme