Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ཡོན་གྱི་ཡོ་ལང་དང་མི་སེམས་ཀྱི་འཇིག་རྟེན།

Posted on 2015-04-282015-04-28 By ཁ་བརྡ་ No Comments on དཔལ་ཡོན་གྱི་ཡོ་ལང་དང་མི་སེམས་ཀྱི་འཇིག་རྟེན།

གླིང་གཅེར་བུ།

 

དཔལ་ཡོན་གྱི་ཡོ་ལངས་དང་མི་སེམས་ཀྱི་འཇིག་རྟེན།
______འཇུ་སྐལ་བཟང་གི་སྙན་ངག་(གྲོང་ཁྱེར)་ལ་མྱོང་བའི་ཕྲན་དཔྱད།

 

ཀློག་པ་ཙམ་གྱིས་ཡིད་ངོར་དོགས་འཆར་གྱི་སྣང་བརྙན་མང་པོ་ཞིག་འཚང་ཡོང་བའི་མཚོན་དོན་རང་བཞིན་ཅན་གྱི་སྙན་ངག་འདི་ནི། ཧ་ཅང་གནས་ལུགས་ཀྱི་གཏིང་ཚད་ཟབ་ཅིང་སྙན་ངག་རང་ངོས་ཀྱི་ཤོང་རྒྱ་ཆེ་བ། འགལ་འདུའི་རྣམ་པ་རྒོད་ཅིང་དང་འགྱུར་བའི་གཤིས་ཤིག་གཙོ་བོར་བཟུང་ནས་བྲིས་ཡོད་ལ། ནང་དོན་གྱི་ཆ་ནས་ཀྱང་འགྱུར་བའི་ངོ་བོ་ཞིག་གི་གཟུགས་སུ་གྲུབ་པར་བྱས་པའི་སྙན་ངག་འདི་ནི་མཚར་སྣང་བསྐྱེད་ཅིང་ཡུན་གྱིས་བསམ་ན་དོན་ལ་གནས་པ་ཞིག་ཡིན་ཏེ།

དེ་ཡང་གྲོང་ཁྱེར་ཅན་དང་གྲོང་ཁྱེར་དུ་འགྱུར་བ་ནི་དུས་རབས་འདི་དང་མི་རབས་འདིའི་མཚོན་དཔེ་ཞིག་ཏུ་གྱུར་ཡོད་པ་ལྟར། རྩོམ་པ་པོས་གྲོང་ཁྱེར་ཞིག་གི་སྣང་བརྙན་དང་གྲོང་ཁྱེར་གྱི་མིའི་འཚོ་བ་དང་དེ་ཡི་ངོ་བོ་དང་འགྱུར་བ་བརྗོད་བྱར་བཟུང་སྟེ་དུས་རབས་དང་མི་རབས་ཡང་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱད་པར་དང་དེ་ལས་ཀྱང་གནའ་རབས་དང་དེང་རབས་བར་གྱི་འགྱུར་ལྡོག་ཞིག་འགྲེལ་བཞིན་ཡོད།

གྲོང་ཁྱེར་ཅན་དང་གྲོང་ཁྱེར་ཅན་དུ་འགྱུར་བ་ནི་མ་གཞི་རྩོམ་པ་པོས་མི་སྡུག་པ་ཞིག་དང་མི་ཡག་པ། དཔེར་ན། རྩོམ་པ་པོས་ཐོག་མར་གྲོང་ཁྱེར་གྱི་རྣམ་པའམ་སྣང་བརྙན་འབྲི་སྐབས་ཁ་རླངས་དང་ལུས་དྲོད་ཀྱིས་བཅུན་པ། འདོན་ཡོན་གྱི་ངོ་བོ་ན་ཡོད་པ། གྲོང་ཁྱེར་གྱི་མི་ཚོགས་ཀྱང་ཁ་ལུད་ཀྱི་གཟུགས་ཀྱིས་བཞུར་བཞིན་པའི་སྣང་བ་སོགས་ང་ཚོའི་སྣང་ངོར་གཞར་ཡང་མི་སྡིག་པའི་ངོ་བོར་བཅོས་ཡོད་པ་རེད་ལ།

དེ་བཞིན་སྙན་ངག་འདིའི་མགོ་ལུས་ཧྲིལ་བོ་འགྱུར་བའི་ངོ་བོ་འགྱུར་བ་དང་འགལ་བའི་ལས་སུ་བཅོས་ཤིང་འགྱུར་བ་དེ་ཡང་མི་སྡིག་པ་ཞིག་དང་ཡག་པོ་མིན་པ་ཞིག་གི་ངོས་ནས་བྲིས་ཡོད་པ་རེད། དཔེར་ན། ཆུ་ཕྲན་དང་རྩ་ལྗང་བཞག་ནས་ཨར་འདམ་དང་རྣོ་ལྕགས་ཀྱི་བཙོན་ལ་ཚུད་པ། འདང་རྒྱག་བྲལ་བའི་མགོ་བོ་མང་པོས་ཞབས་བྲོ་ཇི་ལྟར་བརྒྱབ་ཀྱང་མཇུག་མཐར་ཐམས་ཅད་ཤོར་བའི་སྐྱོ་སྣང་ཙམ་ལས་མིན་པ། མཐའ་ན་མི་དག་གི་ཀུན་སྤྱོད་ཀྱི་རྣམ་གཞག་དེ་ཡང་གཞོན་ནུ་མའི་ལྭ་བ་ལྟར་མགོ་མཇུག་བྲལ་བ་ཞིག་ཏུ་འགྱུར་བཞིན་པ།

ཡོད་ཚད་འཕྲུལ་ལས་ཅན་དུ་གྱུར་བའི་ཤུལ་ན། མི་རྣམ་འཕྲུལ་ཆས་ཀྱི་བྲན་དུ་གྱུར་ཏེ་ཐོབ་ཤོར་ཞིག་ལ་བརྣག་ཅིང་འདང་རྒྱག་ལྕི་མོ་ཞིག་དྲུད་ནས་ངལ་གསོ་མེད་པར་མི་ཚེ་ཧྲིལ་བོར་རྒྱུག་པས། རང་ཉིད་རང་ལ་དབང་བའི་ཁོར་ཡུག་གི་ཀི་སྒྲ་དང་ཧབ་ཆ་ཡང་བག་ལ་ཞ་ཞིང་ཡོད་ཚད་གཞུང་ལམ་གྱི་དྲ་བ་དང་རླངས་འཁོར་གྱི་རླབས་རྒྱུན་གྱིས་ཁུར་བས། མཐའ་ན་མི་སེམས་ཕན་ཚུན་ཡང་གཅིག་ཏུ་ཕྲད་པའི་སྐལ་བ་ཤིན་ཏུ་ཕྲ་བར་གྱུར་བས་ཡོད་ཚད་རེ་དོགས་འབའ་ཞིག་གི་སེམས་ངལ་གྱིས་བཟུང་ཡོད།

འདི་ལྟ་བའི་མི་ཚེ་ཞིག་ནི་འོག་ནས་མི་མང་པོ་ཞིག་ལ་འཚོ་བའི་སྤྲོ་སྣང་ཡལ་ཞིང་བླང་དོར་གྱི་རྣམ་གཞག་བྲལ་བ་སོགས་བྱུང་བཞིན་པ་ནི། རྩོམ་པ་པོས་དེང་རབས་ཅན་དང་གྲོང་ཁྱེར་ཅན། འཛུག་སྐྲུན་ཅན་ལ་འགྱུར་བའི་མཐའ་མཇུག་གི་གྲུབ་འབྲས་ཙམ་པོ་བ་ཞིག་ཡིན་པར་འགྲེལ་ཡོད་ལ། དཔེར་ན་གཱན་དྷི་སོགས་ཀྱིས་བཟོ་ལས་ཅན་དང་འཕྲུལ་ལས་ཅན་དེང་རབས་ཅན་གྱི་རྣམ་པར་འགྱུར་ཞིང་བསྒྱུར་བ་ནི་འགྲོ་མིའི་རང་ཉིད་ལ་བཙོན་ར་ཞིག་བཟོ་སྐྲུན་བྱ་བཞིན་ཡོད་པ་སོགས་ཀྱི་སྡོམ་ཚིག་བཀོད་པ་ལྟར། མཐའ་མཇུག་རང་སྡུག་རང་གིས་ཉོ་བའི་ལས་ཁོ་ན་ལས་མིན་ཟེར་ཡོད་མོད།

ཏག་ཏག་བསམ་བློ་ཞིབ་མོར་བཏང་ན་དུས་ད་ལྟ་དུས་ཚོད་དེར་ཇི་བཞིན་སླེབས་ཡོད་པའི་ལས་སུ་གྲུབ་ཡོད་ཏེ། མི་སེམས་ཀྱི་ཚབ་མཚོན་འཕྲུལ་ཆས་ལ་བཅོལ་བས་མི་སེམས་ཀྱི་འབྲེལ་འདྲེས་ཡལ་ཞིང་ཕན་ཚུན་གྱི་ཡིད་ཆས་ཡལ་བ། འཛུགས་སྐྲུན་སོགས་ལས་གྲོང་ཁྱེར་ཡོད་ཚད་ཇེ་རིང་ནས་ཇེ་མཐོར་ཤིན་པས་ས་འགུལ་དང་འབྱུང་བཞི་ཅུང་ཙམ་འཁྲུག་པ་ནས་མི་སྲོག་མང་པོ་གྲངས་གར་མི་ཐེབས་པ་ལྟ་བུ་བྱུང་དགོས་པ་དག་ནི། དོན་དམ་པར་འདི་དག་ཡོད་ཚད་ང་རང་ཚོས་རང་ཉིད་ཚོར་རང་ཤི་བརྒྱག་སའི་ལྕེབ་ཐག་བཟོས་བ་དང་མི་མཚུངས་སམ།

ཡོད་ཚད་ནས་ཡོད་ཚད་དེང་རབས་ཅན་ལ་ཕྱོགས་པའི་དུས་སུ། རྩོམ་པ་པོས་དེང་རབས་ཅན་གྱི་དཔལ་ཡོན་འཕེལ་རྒྱས་དང་དེས་སྐྱེད་པའི་མཇུག་འབྲས་ལ་སྡོམ་ཚིག་ཅིག་བརྒྱབ་ཡོད་འདུག་ལ། དེ་བས་ད་དུང་སྙན་ངག་འདིའི་ཁྱད་ཆོས་གཙོ་བོ་ནི་སྙན་ངག་གི་བརྗོད་དོན་གྱི་ཤོང་རྒྱ་ཆེ་བ་དང་མཚོན་དོན་རང་བཞིན་གྱི་འབྲི་ཐབས་སྤྱད་ཡོད་པ། གཏིང་ཟབ་པའི་གནས་ལུགས་ཤིག་སྣ་བརྙན་རང་བཞིན་གྱིས་འགྲེལ་ཡོད་པ། ཀློག་པ་ཙམ་གྱིས་དོགས་སྣང་གི་འཇིག་རྟེན་ཞིག་ཅི་བཞིན་ཡིད་ངོར་འཚང་ཡོང་བའི་སྒྱུ་རྩལ་གྱི་འབྲི་ཐབས་ཁྱད་པར་བ་ཞིག་སྤྱད་ཡོད་པ་དེའོ།

༢༠༡༥/༤/༢༦/

རྩོམ་རིག

Post navigation

Previous Post: བལ་ཡུལ་ནང་ས་ཡོམ་བྱུང་དོན་ཤེས་འདོད་དམ།
Next Post: ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འབོད་སྐུལ་གསལ་བསྒྲགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme