Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྡ་སའི་སྨྱུག་མིང་ཁྲོམ་ར།

Posted on 2008-05-232008-05-23 By དབང་ཕྱུག་ 5 Comments on རྡ་སའི་སྨྱུག་མིང་ཁྲོམ་ར།

ཨ་མྱེས་བྱ་ཁྱུང༌།
གཞིས་བཞུགས་པ་ཁག་ཅིག་ནས་འདོན་སྤེལ་གནང་མུས་༼ད་ལྟ་བ༽དུས་དེབ་ནི་ཕྱི་ལོ་ ༢༠༠༥ ལོར་གཞི་ནས་འདོན་མགོ་ཚུགས་པའི་དུས་དེབ་ཅིག་རེད་དེ། དེའི་འགྲེམས་རྒྱའི་ཁོར་ཡུག་ནི་བོད་ཀྱི་ལོ་རྒྱུས་ནང་འགྲེམས་རྒྱུག་ཆེ་ཤོས་ཡིན་པའི་དུས་དེབ་༼སྦྲང་ཆར༽ ལས་ཀྱང་བརྒལ་བཞིན་འདུག་ཟེར། འདི་ནི་༼ད་ལྟ་བ་༽ཀློག་མཁན་སྐོར་ཞིག་དང༌། ༼ད་ལྟ་བ༽དུས་དེབ་ཀྱི་རྩོམ་སྒྲིག་པར་ངོ་མཇལ་གྱིས་གླེང་མོལ་བརྒྱུད་ཤེས་རྟོགས་བྱུང༌། རེད། ངས་༼ད་ལྟ་བ་༽དུས་དེབ་ཀྱི་འདོན་ཐེངས་ཚང་མ་བཀླགས་པ་ཡིན། དེ་ནི་དུས་དེབ་གཞན་གང་དང་ཡང་འདྲ་ས་རྙེད་དུ་མེད་པར། རང་ཉིད་ཀྱི་ཁྱད་ཆོས་དམིགས་བསལ་བ་ཞིག་གིས་རྒྱབ་མདུན་ཆ་ཚང་ཡུག་གཅིག་ཏུ་སྦྲེལ་ནས་འདུག་པ་དེས་ཀློག་མཁན་མང་པོའི་དྭང་བ་འདྲེན་པ་ཞིག་ཏུ་གྲུབ་འདུག

༼བོད་ཀྱི་དུས་བབ༽་གསར་ཤོག་གིས་བཀའ་ཤག་གི་སྒོ་བྱང་ནས་ཚོང་ཁང་ཁག་ཅིག་གི་སྒོ་བྱང་བར་གྱི་དག་ཆ་ལ་ཐེངས་གཅིག་བལྟས་མྱོང་བ་དང༌། བལྟ་ཐེངས་དེས་སྒོ་བྱང་མང་པོ་ཞིག་གི་ཡིག་ནོར་མེད་པར་བཟོས་སོང༌། ཡང༌། བོད་ཀྱི་དུས་བབ་ཀྱིས་བསམ་ཚུལ་སྣ་ཚོགས་ཤིག་བསྡུས་ནས་བཏོན་སོང་བ་དེས། གླེང་རྙོག་མང་པོ་ཞིག་ཁ་གསལ་གཏིང་གསལ་བཟོས་སོང༌། འདི་ཚང་མ་སྤྱི་ཚོགས་ཀྱི་དགོས་མཁོ་ཞིག་དང་རང་ཉིད་ཀྱི་ཁ་ཕྱོགས་ཤིག་དམིགས་ཡུལ་དུ་བཟུང་བས་རེད། ཡིན་ནའང༌། ཁག་ཅིག་གིས་ནི། བོད་ཀྱི་དུས་བབ་ནང་འགན་འཁྲི་མེད་པའི་རྩོམ་ཡིག་མང་པོ་ཞིག་སྤེལ་གྱིན་འདུག་ཟེར། དེ་ནི་༼བོད་ཀྱི་དུས་བབ༽་ཀྱིས་སྨྱུག་མིང་འཁོད་པའི་རྩོམ་ཡིག་མང་པོ་ཞིག་བཏོན་དང་འདོན་བཞིན་པར་ཟུར་ཟའི་ལྟ་སྟངས་ཀྱི་ངོས་ནས་བྱུང་བར་འདོད། བོད་ཀྱི་དུས་བབ་ལ་རང་ཉིད་སྒེར་གྱི་ཁྱད་ཆོས་ཤིག་ཡོད་པ་འདི། རང་ཉིད་སྒེར་གྱི་གྲུབ་འབྲས་རེད།
རྡ་རམ་ས་ལ་ན་གསར་འབྱོར་མང་ཞིང༌། གསར་འབྱོར་བ་ཚོས་ཚགས་པར་དང་དུས་དེབ་སྣ་ཚོགས་བཏོན་དང་འདོན་བཞིན་ཡོད་ཅིང༌། གསར་འབྱོར་བ་ཚོས་སྙན་ངག་དང་སྒྲུང་རྩོམ། དཔྱད་རྩོམ་སོགས་སྤེལ་ནས་དུས་ཡུན་གང་འཚམ་ཕྱིན། དོན་འདི་ནི། གསར་འབྱོར་བ་ཚོས་རང་ཉིད་ལ་འཕག་ཚག་རྒྱག་སའི་ས་ཁོད་ཅིག་མེད་པ་ནས་ཡོད་པར་བྱས་པའི་ངོས་རེད། ཡིན་ནའང༌། གནད་འགག་ཅན་གྱི་རྩོམ་ཡིག་རེ་དང༌། ཡང་ན་གནད་འགག་ཅན་གྱི་བསམ་ཚུལ་རེ་འདོན་སྐབས་སྨྱུག་མིང་རེ་སྤྱད་ནས་ལས་རང་མིང་དངོས་སུ་འདོན་མཁན་མང་པོ་ཞིག་མེད་པ་ཡིན་སྟབས། སྨྲ་བརྗོད་རང་དབང་ཡོད་པའི་ཁོར་ཡུག་ཅིག་ནས་སྨྱུག་མིང་བེད་སྤྱོད་བྱེད་བབ་ལ་སྐྱོན་བརྗོད་ཀྱི་ལྟ་ཚུལ་ཡང་སླེབས་ཀྱིན་ཡོད་ནའང༌། གསར་འབྱོར་བ་ཚོས་ད་དུང་ཡང་མུ་མཐུད་སྨྱུག་མིང་བེད་སྤྱོད་གཏོང་གིན་ཡོད། འདི་ཅིས་ཉེས་པ་ཡིན་ནམ།
སྨྱུག་མིང་སྤྱོད་པ་ལ་རྒྱུ་མཚན་མང་པོ་ཞིག་ཡོད་པའི་ནང་གི་རྒྱུ་མཚན་གནད་འགག་ཅན་གཅིག་ཡོད་པ་ནི། དུས་རབས་སྔ་མའི་ལོ་རབས་དགུ་བཅུ་པའི་ནང༌། གསར་འབྱོར་བ་པདྨ་འབུམ་གྱིས་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་པའི་བགྲོ་གླེང་ཚོགས་འདུའི་སྟེང་བོད་ཀྱི་དེང་རབས་རྩོམ་རིག་ལས་འཕྲོས་པའི་དཔྱད་རྩོམ་༼མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང༽ཞེས་པ་སྒྲོག་སྦྱང་དང་འགྲེམས་སྤེལ་གནང་བ་དེར་རྒྱུ་མཚན་བཀོད་ནས་ཐེར་འདོན་གྱི་ཚབ་ཏུ། སྐྱོན་འདོགས་ཉེས་བཤད་སྣ་ཚོགས་དང་བཅས་ཏེ་གསར་འབྱོར་བ་པདྨ་འབུམ་གསོད་ཐུབ་མཁན་ཡོད་ན་ཧིན་སྒོར་འབུམ་གཉིས་ཀྱི་སྡིག་གླ་སྤྲོད་རྒྱུ་ཚུན་གྱི་འཇིགས་སྐུལ་བྱུང་བ་དེས། གསར་འབྱོར་བ་མང་པོས་རང་ཉིད་ལ་སྨྱུག་མིང་གསར་པ་རེ་བཏགས་ཤིང༌། ལ་ཤས་ཀྱིས་ནི་སྨྱུག་མིང་གཉིས་ནས་གསུམ་རེ་བེད་སྤྱོད་གཏོང་བ་སོགས་བྱུང་ཡོད། བོད་ཀྱི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་ཆ་ཚང་གསོལ་བསྩལ་གནང་ཡོད་པ་རེད་དེ། སྤྱི་ཚོགས་ལ་སྨྲ་བརྗོད་རང་དབང་གི་གོམས་གཤིས་ཞན་པའི་ངོས་དེ་ནི་སྨྱུག་མིང་གི་ཡོང་ཁུངས་རེད།
དེ་ལྟ་བས་ན། སྨྱུག་མིང་བེད་སྤྱོད་བྱེད་བབ་འདི་མང་གཙོ་ཡིན་མིན་དང༌། རང་དབང་ཡོད་མེད་ཙམ་ལ་རག་ལས་པ་ཞིག་མིན་པར། དེ་ནི་ང་ཚོའི་སྤྱི་ཚོགས་འདིར་འཚམ་པའི་འདམས་ཀ་ཞིག་རེད།

རྩོམ་རིག

Post navigation

Previous Post: རྒྱལ་བ་རིན་པོ་ཆེའི་བཀའ་སློབ། ༼ཚན་འགོད་གསུམ་པ༽
Next Post: ཁུ་སིམ་སིམ་དེ་སླར་ལོག་བྱུང་། སྐྱོ་སེང་བ་དེ་གཏན་དུ་གནས་བྱུང་།

Comments (5) on “རྡ་སའི་སྨྱུག་མིང་ཁྲོམ་ར།”

  1. ཉི་ཟླ་བཀྲ་ཤིས། says:
    2008-05-31 at 6:53 am

    ཨ་མྱེས་བྱ་ཁྱུང་ལགས།
    ཁྱེད་རང་ནས་སྨྱུག་མིང་སྤྱོད་པ་ནི། བཀག་རྒྱ་ཞིག་ལ་ཁག་དཀྲི་བྱས་འདུག དེ་ཡང༌། གསར་འབྱོར་ན་གཞོན་ཁྲོད་ཀྱི་མཁས་པ་ཚད་ལྡན་སྐུ་ཞབས་པདྨ་འབུམ་ལ་སྤྱི་ཚོགས་ཀྱིས་སྡིག་ར་བསྐུལ་བ་ནི་རྒྱུ་མཚན་དང་པོར་བགྲངས་འདུག ངས་བལྟས་ན་དེ་ཙམ་ཞིག་གིས་སྨྱུག་མིང་སྤྱོད་པའི་རྒྱུ་རྐྱེན་ཆ་ཚང་སྟོན་ཐུབ་ཀྱི་མ་རེད་སྙམ། ཡིན་ནའང༌། དེ་ནི་རྒྱུ་རྐྱེན་དུ་བགྲངས་རུང་བ་ཞིག་མ་རེད་ལབ་ཀྱི་མེད། དེ་ནི་རྒྱུ་མཚན་གསལ་ཤོས་གཅིག་རེད། རྒྱུ་རྐྱེན་གཞན་ཡང་ཡོད་པ་རེད། དཔེར་ན། རྩོམ་པ་པོ་ཁག་ཅིག་གིས་རང་ཉིད་ཀྱི་གདེང་ཚོད་ཀྱིས་མ་འདང་བའི་སྐབས་སུ་སྨྱུག་མིང་སྤྱོད་ཀྱི་ཡོད་པ་རེད། ཡང་ན། སྤྱི་ཚོགས་ཀྱིས་ངོས་ལེན་མི་བྱེད་པ་ཤེས་བཞིན་དུ། རང་ཉིད་ཀྱིརྩོམ་ཡིག་དེ་རང་ཉིད་ཀྱི་ངོར་ཡང་ཚད་ལྡན་དུ་སྣང་མ་ཐུབ་པའི་སྐབས་སུ། སྨྱུག་མིང་སྤྱད་ནས་མངོན་ཆུང་གིས་སྤྱི་ཚོགས་ནང་རང་ཉིད་འགྲིམ་གྱི་ཡོད། འདི་ཡང་སྨྱུག་མིང་སྤྱོད་པའི་རྒྱུ་རྐྱེན་གྱི་གྲས་རེད། ཡང་གཅིག་བཤད་ན། སྨྱུག་མིང་སྤྱོད་མཁན་ཁག་ཅིག་གིས། རང་ཉིད་ཀྱི་བསམ་ཚུལ་དང་ལྟ་ཚུལ་དེ། གནད་འགག་གི་སྐབས་སུ་འགན་ཁུར་མི་ཐུབ་པའི་དཀའ་ངལ་ལ་གཡོལ་ཆེད་དུའང་སྨྱུག་མིང་སྤྱོད་ཀྱི་ཡོད། དོན་དངོས་གནས་སྟངས་བྱས་ན། ང་ཚོའི་སྤྱི་ཚོགས་ནང་ལབ་ནའང་འདྲ། རྡ་རམ་ས་ལའི་སྤྱི་ཚོགས་ལབ་ནའང་འདྲ། སྨྱུག་ཐོགས་པ་ཁ་ཤས་ནང་གི་ཡང་ཤས་ཀྱིས་རང་གི་དངོས་མིང་བེད་སྤྱོད་ཀྱི་སྤོབས་པ་རྙེད་ཀྱི་མེད་པའང་ཡོད་པ་རེད། འདི་ནི་སྐབས་ཐོག་གི་བསམ་ཚུལ་ཙམ་ཡིན། ཡིན་གཅིག་མིན་གཉིས་འདི་འདྲ་ཞིག་ཡིན་དགོས་པ་རེད་ཅེས་རལ་གྲི་གནམ་གཡུག་བྱེད་ཀྱི་མེད། བསམ་ཚུལ་བརྗེས་རེས་ཙམ་དུ་ཡིན།
    ཉེ་བའི་ཆར། ངས་རྩོམ་སྒྲིག་པ་ཞིག་ལ་གླེང་མོལ་བྱས་པ་ཡིན། ཁོས་ཟེར་ན། སྨྱུག་མིང་སྤྱོད་པ་ནི་ཉེན་ཁའི་གནས་སྐབས་སུ་དགེ་མཚན་ཞིག་ཡོད་པ་ཡིན་ནའང༌། གནས་དུས་ཐམས་ཅད་དུ་སྨྱུག་མིང་སྤྱད་བསྡད་པས་རྩོམ་ཡིག་དེར་གདེང་འཇོག་ལ་གནོད་པའི་གནས་སྐབས་ཀྱང་ཡོང་གི་ཡོད་པའི་བསམ་ཚུལ་གསུངས་སོང༌། འདི་ནི་གནས་ལུགས་ཁྱོན་ནས་མེད་པ་ཞིག་མ་རེད། ཡིན་ནའང༌། ཁྱེད་རང་གིས་སྨྱུག་མིང་སྤྱད་ནས་སྨྱུག་མིང་སྤྱོད་སྟངས་ལ་ལྟ་སྟངས་འདོན་པ་འདི་འོས་པོ་མ་རེད་ཅེས་ཞུ་ཡི་མེད་པ་དགོངས་འཇགས་འཚལ།

  2. Toktsa Tsultrim says:
    2008-06-02 at 11:51 pm

    སྤྱིར་སྨྱུག་མིང་འགོད་པ་ལ་དགག་བྱ་ཤུགས་ཆེན་པོ་མེད་ཀྱང༌། སྙན་ངག་ལྟ་བུ་ལས་བསམ་ཚུལ་དང་ལྷག་པར་མི་གཞན་ལ་སྐྱོན་བརྗོད་ཀྱི་རིགས་ལ་རང་ཉིད་ཀྱི་མིང་འགོད་རྒྱུའི་སྤོབས་པ་ངེས་པར་དུ་ཡོད་དགོས་པ་ཞིག་རེད། སྨྱུག་མིང་བཀོད་ན་ཕན་ཐོགས་ཡོད་པ་གཅིག་རང་མཐོང་བ་ནི་ཕྱོགས་རིས་དང་ཞེན་ཁོག་གིས་ཚོས་པའི་སྤྱི་ཚོགས་ཤིག་ཏུ་ཡང་དག་པའི་བསམ་ཚུལ་གང་འདྲ་ཞིག་བརྗོད་ཡོད་ཀྱང༌། དེ་འབྲི་མཁན་གྱི་གང་ཟག་སུ་ཡིན་ལ་བལྟས་ནས་བདེན་ཁ་མི་སྟེར་བ་མ་ཟད། ཐ་ན་རྩོམ་ཡིག་དེ་ཐེངས་གཅིག་ཀློག་མིན་ཡང་ཐེ་ཚོམ་གྱི་རང་བཞིན་དུ་གྱུར་ཡོད་པ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་སྐྱོན་ཆ་ཆེ་ཤོས་ཤིག་རེད། སྨྱུག་མིང་བྲིས་ནས་མི་སུ་ཡིན་མ་ཤེས་ན་ཕྱོགས་རིས་མིག་ཅན་དག་གིས་ཀྱང་རྩོམ་ཡིག་དེ་ཚར་གཅིག་ཀློག་ངེས་རེད་སྙམ། གཞན་གསར་ཤོག་དང་དུས་དེབ་ཁག་གི་ནང་དུ་འགན་ཁུར་མེད་པའི་མིང་མེད་རྩོམ་ཡིག་མང་པོ་ཞིག་ཐོན་བཞིན་པ་ནི། ཨ་མྱེས་བྱ་ཁྱུང་ལགས་ཀྱིས་གསུངས་པ་བཞིན་དོན་གྱིས་བློ་ཁོག་གིས་མ་འདང་བར་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་མགོ་བསྒུར་བ་རང་རེད། དེ་ལྟ་བུའི་གནས་སུ་གྱར་ན་རྩོམ་པ་པོ་ཞེས་པའི་མིང་བྱང་རྫིག་པོ་འདི་ཡང་བདག་འཛིན་བྱེད་རུང་མིན་ཐེ་ཚོམ་ཡིན་ལ། ཁྱེད་ཀྱིས་ཡང་དག་པའི་བསམ་ཚུལ་ཞིག་བཤད་ཡོད་ཀྱང་དེ་ལ་གདེང་འཇོག་ཇི་ལྟར་ཐོབ་ཐུབ་མིན་ཡང་བཤད་དཀའ་བ་ཞིག་རེད། རྗེས་སུ་མཇལ་ཡོང༌།

  3. sheeper says:
    2008-06-05 at 5:09 am

    Hi! tibetans! tashi delek to you all.
    here is me a woman of tibet, i want to enter in to Khabtha’s group, but i can’t enter in it. plz help me
    thanks

  4. ཨ་དྷུ། says:
    2008-06-06 at 7:44 am

    བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་བཤད་དོན་གྱི་མདུད་པ་གྲོལ་ནས་བཤད་ན། ……

  5. grabsal says:
    2008-06-06 at 2:26 pm

    hello sheeper!!!
    Please clarify exactly what you wish do on khabdha. If you want write some stories in Tibetan, please send it through email at info(at)khabdha.org or if you want write a comments in Tibetan, then just do it as you did.
    Thanks
    gerab

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme