Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བལ་ཡུལ་ནང་ས་ཡོམ་བྱུང་དོན་ཤེས་འདོད་དམ།

Posted on 2015-04-272015-04-27 By ཁ་བརྡ 24 Comments on བལ་ཡུལ་ནང་ས་ཡོམ་བྱུང་དོན་ཤེས་འདོད་དམ།

༢༠༡༥ཟླ་༤ཚེས་༢༧ཉིན། ཐེ་ཝན་གསར་འགྱུར། (ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།)

 
བལ་ཡུལ་ནང་ས་ཡོམ་བྱུང་རྗེས། ཐེ་ཝན་སློབ་ཆེན་ས་གཤིས་ཚན་རིག་སྡེ་ཁག་གི་སློབ་དཔོན་ཆེན་མོ་ལས་རོགས་ཐཱའེ་ལིན་ལགས་ཀྱིས་ས་ཡོམ་བྱུང་དོན་དབྱེ་ཞིབ་ཟིན་ཐོ༼ཐེ་ཝན་ས་ཡོམ་ཚན་རིག་ལྟེ་གནས༽ཀྱི་ངོ་དེབ་ཚོགས་པར་ཕུལ་འདུག ཁོ་མོས་གསུངས་དོན། བལ་ཡུལ་གྱི་ས་ཡོམ་བྱུང་ཁུལ་ནི་རྒྱ་གར་དང་ཨེ་ཡུ་སྐམ་སའི་གཏིང་རྡོ་ (india and the eurasian plate) འབྲེལ་མཚམས་སུ་འཁེལ་ཡོད་པས། རྒྱ་གར་གཏིང་རྡོས་བོད་མཐོ་སྒང་གི་གཏིང་འོག་ཏུ་བསྣུན་བཞིན་པར་འབྲེལ་བ་འདུག འདི་ནི་ལྡོག་བསྣུན་རང་བཞིན་གྱི་ས་ཤུན་སྟེང་ཕྱོགས་ཀྱི་ས་ཡོམ་ཞིག་དང་། འདས་པའི་དུས་ཡུན་ནང་གི་ཧི་མ་ལ་ཡའི་ལྷོ་སྣེ་ས་ཁུལ་དུ་བྱུང་བའི་ས་ཡོམ་དང་གཅིག་མཚུངས་རེད།

unnamed-1

(བརྡ་རྟགས་དཀར་པོ་དེ་གཏིང་རྡོས་བསྣུན་ཡུལ་རེད།)

 

 

ཐེ་ཝན་ཤར་ཕྱོགས་མཚོ་ཁུལ་གྱི་ས་ཡོམ་ནི་ཧྥེ་ལི་པིན་རྒྱ་མཚོའི་གཏིང་རྡོ་དང་ཨེ་ཡུ་སྐམ་སའི་གཏིང་རྡོ་འཕྲད་པ་ལས་བྱུང་གི་ཡོད་སྟབས། བལ་ཡུལ་གྱི་ས་ཡོམ་དང་གཅིག་མཚུངས་ཆགས་ཀྱི་མེད།

༼ཐེ་ཝན་ས་ཡོམ་ཚན་རིག་ལྟེ་གནས༽ཀྱི་འགན་འཛིན་མ་ཀོ་ཧྥིན་ལགས་ཀྱིས་གསུངས་དོན། ལོ་བརྒྱའི་ནང་བྱུང་བའི་ས་ཡོམ་ལ་བརྟག་དཔྱད་བྱས་པར་ལྟ་སྐབས། གཡོ་ཚད་རིམ་པ ༦ཡན་གྱི་ས་ཡོམ་བྱུང་རྗེས། མུ་མཐུད་ནས་རིམ་པ་ ༥ ལས་མ་བརྒལ་བའི་བསྐྱར་ཡོམ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཡིན། འཛམ་གླིང་གི་ས་ཡོམ་བྱུང་སྟངས་ལ་གཞིགས་ན། གནོད་སྐྱོན་བཟོ་མིན་ནི་ས་ཤུན་འགུལ་བསྐྱོད་ཀྱི་ཚད་གཞི་མ་འདྲ་བ་ལ་རག་ལས་མོད། དོན་ལ་རྒྱུན་ལྡན་མ་ཡིན་པའི་ཆ་མི་འདུག

བསྒྱུར་མཆན། ཁ་སང་དེ་རིང་བལ་ཡུལ་ནང་ས་ཡོམ་བྱུང་འཕྲལ་བཤད་ཡམས་སྣ་ཚོགས་ཤིག་འབྱུང་བཞིན་པས། ཕྱི་སྣོད་ཀྱི་འཇིག་རྟེན་གྱི་ཆགས་འཇིག་ཐད་ཚན་རིག་པ་ཚོ་ཡག་པོ་ཡོད་པ་ལྟར་འདིར་ལྷན་རྒྱས་ཐུགས་ཕན་གསོ་སླད་ཕུལ་བ་ཡིན།

འགྱུར་རྩོམ།

Post navigation

Previous Post: ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ།
Next Post: དཔལ་ཡོན་གྱི་ཡོ་ལང་དང་མི་སེམས་ཀྱི་འཇིག་རྟེན།

Comments (24) on “བལ་ཡུལ་ནང་ས་ཡོམ་བྱུང་དོན་ཤེས་འདོད་དམ།”

  1. ཇ་མ་ says:
    2015-04-27 at 12:06 pm

    བལ་ཡུལ་ལ་ས་འགུལ་བྱུང་བ་ནས་འཛམ་གླིང་མི་མང་སེམས་སྡུག་ཆེན་པོས་མྱ་ངན་བྱེད་བཞིན་ཡོད། འོན་ཀྱང་བལ་པོ་འགའ་རེ་ཧ་ཅང་དགའ་བཞིན་ཡོད། ༡༽ ལས་སྣེ་དཔོན་རོ་ཚོས་ཕྱི་ནས་ཞལ་འདེབས་རོགས་རམ་ཟ་རྒྱུ་ཡོང་བར་དགའ། ༡༽ གཞན་རྐུན་མ་ཚོས་རང་ནུས་གང་ཡོད་ཀྱིས་གོད་ཆག་ཡོད་སར་རོགས་རམ་ཞོར་རྐུན་མ་རྒྱག་རྒྱུ་རག་པར་བརྟེན་ཧ་ཅང་དགའ་བཞིན་འདུག

  2. རིག་ཡག། says:
    2015-04-27 at 2:42 pm

    གནད་འགག་ཞིག་རེད། བསྒྱུར་མཁན་ལ་བཀའ་དྲིན་ཞུས་པ་ཡིན། ད་དུང་ཡང་ས་ཡོམ་བྱུང་སྐབས་ཉེན་འགོག་སྐོར་གི་རྒྱུན་ཤེས་རིགས་དྲྭ་ལམ་ལ་འཇོག་ཐུབ་ན་ཡག་གི།

  3. དྲི་མེད་ལྷག་བསམ། says:
    2015-04-27 at 9:20 pm

    བོད་དུ་ས་ཡོམ་བྱུང་ཚུལ་འདི་ལ་གཟིགས། http://www.youtube.com/watch?v=NS25wpk5pJM

  4. BONPO says:
    2015-04-27 at 10:23 pm

    སྔོན་མ་བོད་ཀྱི་ཡུལ་ཤུལ་ས་གནས་སུ་ས་ཡོམ་ཆེན་པོའི་གོད་ཆག་བྱུང་དུས། ཀྲུང་གོ་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུ་ཅིང་ཐཱའོ་མཆོག་ས་གནས་དེར་སྐུ་དངོས་སུ་ཕེབས་ནས་གཟིགས་ཞིབ་གནང་བའི་སྐབས་སུ། བོད་རིགས་བུ་མོ་ནད་པ་ངུ་འབོད་བྱེད་བཞིན་པ་ཞིག་གི་ལག་ནས་བཟུང་སྟེ་་་ཨམ་མྱེས་ཁྱེད་རང་བརྗེད་མི་ཡོང་་་གསུངས་པ་དང་། དེ་བཞིན་ཀྲུང་གོ་རྒྱལ་ཁབ་ཀྱི་སྲིད་བློན་ཝུན་འཇའ་པཱའོ་མཆོག་ཀྱང་ས་གནས་དེར་ཞབས་དངོས་སུ་བཅག་ནས་གཟིགས་ཞིབ་གནང་ནས་ཕེབས་ཁར་་་ངས་ཡུལ་ཤུལ་སླར་ཡང་མཇལ་ཡོང་་་གསུངས་པའི་ཚིག་དེ་ཚོ་ང་བོད་མི་ཞིག་གི་སེམས་ལ་ད་ལྟ་ཡང་བརྗེད་མེད། དེ་བཞིན་ལ་ལམ་བལ་བོད་ས་མཚམས་ཀྱི་བོད་རིགས་བསྡུས་སྡོད་བྱེད་སའི་ས་གནས་སྐྱིད་རོང་སོགས་སུ་ས་ཡོམ་གྱི་་གོད་ཆགས་ཆེན་པོ་བྱུང་བའི་གནས་ཚུལ་ཐོན་བཞིན་འདུག་པས་དེར་ཀྲུང་གོ་རྒྱལ་ཁབ་ཀྱིས་སྔར་རྒྱུན་ལྟར་གཟིགས་སྐྱོང་གང་ལེགས་གནང་བའི་རེ་འབོད་སྙིང་ནས་ཞུ་རྒྱུ་ཡིན། །

  5. བྱམས་པ། says:
    2015-04-28 at 12:54 am

    སྒྱུར་མཁན་ལ་ཡག་བྱུང་ཞུ། ཨེ་ཡུ་སྐམ་ས་ཞེས་པའི་ཨེ་ཡུ་དེ་ཨེ་ཤ་ཡ་དང་ཡུ་རོབ་ཀྱི་སྡུད་མིང་རེད་དམ།

  6. ཀརྡོ་གཉེར་ཕྱག་པ་ says:
    2015-04-28 at 1:22 am

    ས་ཡོམ་གྱི་འཇིགས་པ་ནི་རྒྱུན་ལྡན་ཅིག་ཡིན་པའི་སྐོར།ལ།
    https://www.facebook.com/karmadorje.nyerchhagpa.1

  7. ཀརྡོ་གཉེར་ཕྱག་པ་ says:
    2015-04-28 at 2:48 am

    ང་མིག་ཆུ་ཤོར་བཅུག་པའི་དྲ་བརྙན།
    https://www.facebook.com/IndiaToday/videos/vb.23230437118/10153709475772119/?type=2&theater

  8. ཁུ་བྱུག says:
    2015-04-28 at 5:05 am

    ཚན་རིག་དར་འཕེལ་དང་། ཚད་མཐོའི་གྲུབ་འབྲས་ཐོན་ཡུལ་ནུབ་གླིང་ཡིན་པ་ལས་རྒྱ་ནག་མིན། རྒྱ་ནག་གི་ཚན་རིག་པ་ནི། ནུབ་གླིང་བའི་ཕྲུ་གུ་ལྟ་བུ་ཡིན་ཕྱིར། དེ་དག་གི་འགྲེལ་བརྗོད་ལའང་ཡིད་བརྟོན་དེ་ཙམ་མི་རུང་སྟེ། གུང་ཁྲན་གྱིས་ཁ་ལོས་བསྒྱུར་བའི་གསར་འགྱུར་དང་། དྲིལ་བསྒྲགས། ཁྲིམས་ལུགས་གཙོས་ཐ་ན་མི་མང་སྤྲོ་སྣང་འཕེལ་བའི་གློག་བརྙན་ཐུང་ཐུང་ཅིག་ཡིན་ནའང་། གུང་ཁྲན་ལ་བསྟུན་ནས་རྫུན་སྒྲིག་བྱེད་དགོས་འདུག ངར་བ་ཡིན་ན་ཚན་རིག་པའི་ཕར་རྒན་ནུབ་གླིང་བས་ས་འགུལ་རྒྱུགས་ཚལ་ལ་སྡོམ་ཅི་རྒྱག་འགྲེལ་རོགས།

  9. ཀརྨ་བློ་གསལ་ says:
    2015-04-28 at 5:53 am

    ཁུ་བྱུག་དང་ཁ་ཏ་གང་ཡིན་མི་ཤེས་ཏེ། མ་ཤེས་ཤེས་མདོག་བྱེད་མ་ཡོང་། ཐེ་ཝན་དང་རྒྱ་ནག་ཁ་ཁ་རེད། ཚན་རྩལ་དང་དཔལ་འབྱོར་སོགས་སྤྱིའི་ཆ་ནས་ཐེ་ཝན་ནི་འཛམ་གླིང་གི་རྒྱལ་ཁབ༢༠༠ལྷག་གི་ཁྲོད་ཀྱི་ཨང་གྲངས་ཉེར་གསུམ་པ་ཡིན་པས། མོ་དང་ལྷ་འབེབས་པར་བརྟེན་ནས་དཀྲོགས་གཏམ་བཟོས་ནས་བསླུ་བྲིད་གཏོང་མཁན་ཚོ་ལས་ཚན་རིག་གི་ཕ་མེས་ཡང་མེས་ཆགས་ཡོག་རེད།

  10. གནམ་ says:
    2015-04-28 at 6:38 am

    ༼༼རྒྱ་གར་གཏིང་རྡོས་བོད་མཐོ་སྒང་གི་གཏིང་འོག་ཏུ་བསྣུན་བཞིན་པར་འབྲེལ་བ་འདུག འདི་ནི་ལྡོག་བསྣུན་རང་བཞིན་གྱི་ས་ཤུན་སྟེང་ཕྱོགས་ཀྱི་ས་ཡོམ་ཞིག་དང་།༽༽

    གཏིང་རྡོ་ཟེར་ན་གང་རེད།
    གཏིང་འོག་ལ་ག་འདྲ་བྱས་ནས་བསྣུན་པ་རེད།
    ལྡོག་བསྣུན་ཟེར་ན་ཅི་རེད།

    འགྱུར་ཡག་པོ་ཡོད་རྒྱུ་རེད། ཡིན་རུང་། མཁས་བ་འགའ་ལ་མ་གཏོགས། གོ་བ་ནི་རྒྱ་དཔེ་རེར་བལྟས་བ་དང་གཅིག་པ་རེད། ཨ་ཁ་ཁ།

  11. ཁྱུང་སེ། says:
    2015-04-28 at 9:40 am

    འགྱུར་རྡོ་ཟེར་ན་འདྲ་ལེབ་བརྡོ་ཟེར་ན་འདྲ་གང་ལྟར་འཛམ་གླིང་འདིའི་ས་འོག་ཏུ་སྒོར་ལེབ་བརྒྱད་ཀྱིས་བསྡམས་ཡོད་ཅིང་་་དེ་ལ་དབྱིན་སྐད་དུ་eight plate ཟེར་བ་རེད་་་་དེ་ཚོ་མིས་བསྒྱུར་བ་དེ་ལ་འདོད་པ་མེད་ན་bbcworld news ནང་དུ་གཟིགས་ན་གསལ་པོ་འདུག་བྱས་ཙང་མི་འགའ་ཞིག་གིས་ད་ལམ་བལ་ཡུལ་གྱི་ས་འགུལ་དེ་རྒྱ་གར་གྱིས་བྱས་པ་རེད་ཟེར། གང་ཡིན་ཟེར་ན་རྒྱ་གར་དང་ཨོ་ཀྲི་ལའཡི་plate དེ་ཡིས་ཧི་མ་ལ་ཡར་བསྣུན་ཤུགས་ཀྱིས་བརྩིར་ནས་བྱུང་བ་རེད། ད་ལས་འབྲས་དང་ལས་འབྲས་ཟེར་ནས་མ་འདུག་ཚན་རིག་གི་ཡབ་མྱེས་ནུབ་ཕྱོགས་པ་ཚོས་2020 བར་དུ་ཧི་མ་ཅལ་གྱི་བརྒྱུད་དུ་ས་འགུལ་ད་ལྟ་བལ་ཡུལ་ལས་ཀྱང་ཤུགས་ཆེ་བ་གྲངས་ཚད་བརྒྱད་དམ་དགུ་ཅན་ཅིག་བརྒྱབ་རྒྱུའི་ཉེན་ཁ་འདུག་ཅེས་བཤད་ཀྱི་འདུག་ད

  12. ཁུ་བྱུག says:
    2015-04-28 at 9:41 am

    གུང་ཁྲན་ཏང་མི་བློ་མཐུན་ཀ་བློ་མིང་ཅན་ལགས། གུང་ཁྲན་
    ལ་དེ་ཙམ་རེ་བ་མ་བྱེད། ལྟ་བ་དང་སྲིད་བྱུས་ཐོར་ལ་ཉེ་ཡོད།
    ད་ལྟ་ནས་མའོ་ཡི་མགོ་པར་མང་ཙམ་གསོག་མ་གཏོགས། གུང་ཁྲན་ནག་ཚོགས་ཐོར་རྗེས། འདུན་ལམ་ལ་གནོད་ཡོང་ངོ་། །ཞེས་ཁ་ཏའི་བསླབ་བྱ་ཡིན།

  13. ལྷ་སྡེ་གནམ་ལོ་ཡག says:
    2015-04-28 at 9:47 am

    ད་རེས་སྐུ་ངོ་ཁག་མེད། ངའང་སྔར་ལོ་གཞོན་ཡིན་དུས་༼གཟུགས་མེད་སྒྲ་མེད་དྲི་མེད་རོ་མེད་རེག་བྱ་མེད༽ཟེར་བ་ཀློག་སྐབས། རང་ཉིད་ཀྱི་ལུས་སྟེང་ལ་རེག་ཙམ་རེག་ཙམ་བྱེད་ཞོར་གཟུགས་འདུག་བསམ་སོང་། རྗེས་ནས་ག་ལེར་དེ་དག་ཅི་ཡིན་རོབ་ཙམ་ཤེས་སོང་། དཔེ་དེ་བཞིན་དུ་ས་གཤིས་རིག་པའི་གཞུང་ལུགས་ཀྱང་མི་གང་མང་ལ་གནས་སྐབས་གོ་དཀའ་བའི་ཚོར་བ་ཡོད་སྲིད་ཀྱང་། རང་ཉིད་ལ་འདུན་པའམ་ཤེས་འདོད་ཡོད་ན་དཀའ་མོ་ཞིག་མ་རེད་འདོད།

    གཏིང་རྡོ་ལེབ་ཆེན་གྱིས་གྲུབ་ཚུལ་སྨྲ་བ(Platete ctonics)ནི་སྐམ་ས་ཆེན་པོའི་འཕོ་བསྐྱོད་ལ་ཚན་རིག་གིས་འགྲེལ་བརྗོད་བྱས་པའི་རྨང་གཞིའི་སྟེང་ནས་བྱུང་བའི་ས་གཤིས་རིག་པའི་གཞུང་ལུགས་ཤིག་རེད། གཞུང་ལུགས་འདིས་སའི་གོ་ལའི་གཏིང་རིམ་གྱི་རྡོ་ཡི་མུ་ཁྱུད་ནི་གཏིང་རྡོ་ལེབ་ཆེན་གྱིས་གྲུབ་པར་འདོད་ཅིང་། འཛམ་གླིང་ཧྲིལ་བོ་གཏིང་རྡོ་ལེབ་ཆེན་བདུན་གྱིས་གྲུབ་ཡོད་པར་བཤད། དེ་དག་ནི་ཨ་ཧུ་རི་ཁ(African)། ལྷོ་སྣེ་གླིང་། (Antarctic)ཨེ་ཤ་ཡ་དང་ཡུ་རོབ།(Eurasian) ཨ་མེ་རི་ཁ་བྱང་མ། (North American) ཨ་མེ་རི་ཁ་ལྷོ་མ།(South American) ཞི་བདེ་རྒྱ་མཚོ་ཆེན་མོ།(Pacific) རྒྱ་གར་དང་ཨོ་སི་ཁྲི་ལི་ཡ(Indo-Australian)བཅས་རེད། མདོར་ན་གཞུང་ལུགས་འདི་ནི་སྐམ་སའི་འཕོ་བསྐྱོད་དང་མཚོ་ཞབས་རྒྱ་
    བསྐྱེད་ཀྱིན་པར་བརྟག་དཔྱད་བྱས་པའི་གྲུབ་དོན་ཞིག་ཡིན་པས། གཏིང་རྡོ་ཕན་ཚུན་གྱི་བཙུར་གནོན་དང་གཙུབ་བརྡར་བརྒྱུད་ནས་འབྲེལ་མཚམས་སུ་འཁེལ་བའི་ས་ཆར་ས་ཡོམ་བྱུང་གི་ཡོད་པར་མ་ཟད། བོད་སྒང་བ་ནི་ལོ་རེ་རེ་བཞིན་མཐོ་ནས་མཐོ་རུ་འཕགས་ཀྱིན་པའང་རྒྱ་གར་གྱི་གཏིང་རྡོས་ཨེ་ཡུ་སྐམ་སའི་གཏིང་རྡོར་བསྣུན་བཞིན་པའམ་གཙུབ་བརྡར་བརྒྱུད་ནས་བསྐྱེད་ཀྱིན་པ་ཞིག་
    རེད།

    ད་འདི་ཙམ་ཡིན། ཆུ་ཚོད་ཡོད་མ་སོང་། ཞིབ་ཕྲ་ཤེས་བསམ་ན་ཡིག་རིགས་གཞན་ནང་ཀློག་རོགས། དེ་མིན་ད་
    དུང་དགེ་འདུན་པ་ཚན་རིག་སྦྱོང་མཁན་ཚོར་བཀའ་འདྲི་ཞུ་རོགས།

  14. ཁུ་བྱུག says:
    2015-04-28 at 9:51 am

    ཐེ་ཝན་རྒྱ་དང་གནས་སྐབས་ཐ་དད་རུང་བསམ་བློ་དང་ལྟ་བ། ཕུགས་འདུན་སོགས་གཅིག་ཡིན། དེ་མིན་གོ་མིན་ཏང་གིས་ཐེ་ཝན་དུ་སྔར་བོད་སོག་ལས་ཁུངས་བཙུགས་དགོས་དོན་མེད་པ་དང་། ཐེ་ཝན་མང་གཙོ་ཚོགས་པར་ཕམ་ཁའང་བྱུང་མི་སྲིད། གང་ལྟར་གུང་ཁྲན་ཡིན་ནའང་འདྲ། མིན་གོ་ཡིན་ནའང་རེད། བོད་ཧམ་བཟུང་གིས་མི་སེར་སྤེལ་ཡུལ་བྱེད་རྒྱུའི་དམིགས་ཡུལ་འདྲ་འདྲ་ཡོད་པ་བློ་མཐུན་ཀ་བློའི་མ་ཤེས་པ་ཨེ་ཡིན་ནམ།

  15. དྲི་མེད་ལྷག་བསམ། says:
    2015-04-28 at 9:52 am

    ས་ཡོམ་བྱུང་སྟངས་གོང་དུ་བཤད་པ་ལྟར་རེད། ད་ལྟའི་ས་ཡོམ་གྱི་གནད་ཁེལ་ས་དེ་ནས་གཞལ་བའི་ཟུར་གསུམ་གྱི་ཕྱོགས་གཉིས་ལའང་ས་ཡོམ་བྱུང་ཉེན་ཡོད། ས་ཡོམ་བརྒྱུད་རིམ་དུ་ཟུར་གསུམ་ཚང་ཐིག་ཟེར་བའི་གནད་ངེས་ཅན་ཞིག་ཡོད། རྒྱ་ནག་དང་། ཐེ་ཝན། ཉི་ཧོང་། ཧྤེ་ལི་པིན། པ་ཀི་སུ་ཐན་སོགས་དེར་ཁེལ་ཡོད། །ཚང་མས་སྨོན་ལམ་གནང་རོགས། །

  16. ལྷ་སྡེ་གནམ་ལོ་ཡག says:
    2015-04-28 at 10:01 am

    ད་ག་རེ་འགྲིག་མ་སོང་། ལྷོ་མོན་ཁུ་བྱུག ས་ཡོམ་བྱུང་སྟངས་བཤད་སར་ཆབ་སྲིད་བཤད་པ་ལས་ས་ཡོམ་བྱུང་སར་བོད་ཀྱི་རྒྱལ་དར་ཕབ་པའི་སྟོད་ལོ་ཞིག་གྱོན་ནས་རོགས་བསྐྱོར་བྱེད་དུ་འགྲོ་རོགས། དེ་ནི་ས་ཡོམ་དང་དཔག་པའི་སྲིད་དོན་བྱེད་སྟངས་ཤིག་རེད། ཨ་རི་དང་རྒྱ་གར། རྒྱ་ནག་གསུམ་ཀ་ནས་ད་རེས་རོགས་བསྐྱོར་བརྒྱུད་ནས་ཕྱི་འབྲེལ་ཤུགས་རྐྱེན་ཆེ་རུ་གཏོང་གི་འདུག

  17. བྱམས་པ། says:
    2015-04-28 at 10:40 am

    གནམ་ལོ་ཡག ངའི་དྲི་བར་ལན་ཞིག་གསུང་རོགས།

  18. དྲི་མེད་ལྷག་བསམ། says:
    2015-04-28 at 11:40 am

    བལ་ཡུལ་དུ། ཞེ་ཆེན་དགོན། སྟག་མོ་ལུས་སྦྱིན་སོགས་སུ་གནོད་སྐྱོན་ཐེབས་ཡོད་པ་གོ་ནའང་། བོད་པ་ལ་ཐུགས་ཐུགས་ཐུགས་ཁུར་བྱེད་མཁན་མེད་པ་ཡིན་ནམ། གསར་འགྱུར་བརྒྱུད་ལམ་མེད་པ་ཡིན། །

  19. ཁྱུང་སེ། says:
    2015-04-28 at 11:46 am

    དྲི་མེད་ལགས་དེ་ཚོ་གལ་ཆེན་པོ་མིན་པར་བཀའ་བློན་མཛེས་མ་རྒྱ་རི་སྒྲོལ་མ་ནས་དུས་བབས་ལ་བཤད་སོང། གལ་ཆེ་ཤོས་བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཁུང་དང་རྒན་བཟོ་ཁང་གཉིས་ཡིན་ཟེར་སོང་་་་་བོད་པའི་གསར་འགོད་པ་ཚོས་དགོས་པའི་གསར་འགྱུར་ས་གནས་ས་ཐོག་གི་སྐད་ཆ་མི་བཤད་པར་མི་དགོས་པའི་ལས་རྒྱུ་འབྲས་ཀྱི་སྐོར་བཤད་ཀྱི་འདུག་ས་ཡོམ་གྱི་བྱུང་རབས་ཚན་རིག་དངོས་ཡོད་དང་མཐུན་པར་མི་བཤད་པར་མི་དགོས་པའི་ལས་རྒྱུ་འབྲས་ལས་བྱུང་ཚུལ་གྱིས་ཉམས་ཆུང་མི་སེར་སྡུག་གིས་འོག་ཏུ་གཟིར་བར་ལས་འབྲས་འཁོར་རབས་ཀྱི་གནས་ཚུལ་དུས་བབ་ནང་དུ་བཤད་སོང།

  20. དུར་བདག says:
    2015-04-28 at 2:24 pm

    ཞབས་མཆན་དང་བཅས་ཏེ་བཀླགས་ཡོད། སྙན་ངག་པ་གནམ་གྱི་ཁ་ནང་ཐལ་བ་བླུགས་འདུག ཧག་ཟེར་མི་ཐུབ་པ།

  21. དུར་བདག says:
    2015-04-28 at 2:25 pm

    # 20 དུར་བདག་ལགས་ཀྱིས་མཆན་བཏབ་པ།:
    April 28th, 2015 at 2:24 PM
    ཞབས་མཆན་དང་བཅས་ཏེ་བཀླགས་ཡོད། སྙན་ངག་པ་གནམ་གྱི་ཁ་ནང་ལ་ཐལ་བ་བླུགས་འདུག ཧག་ཟེར་མི་ཐུབ་པ།

  22. ལྷ་སྡེ་གནམ་ལོ་ཡག says:
    2015-04-28 at 7:36 pm

    ཨ་རོ་བྱམས་པ། ཨེ་ཡུ་སྐམ་ས་ནི་ཨེ་ཤི་ཡ་དང་ཡུ་རོབ་སྐམ་སའི་བསྡུས་མིང་ཡིན།

  23. བྱམས་པ། says:
    2015-04-28 at 9:33 pm

    ཐུགས་རྗེ་ཆེ། གནལ་ལོ་ཡག འདི་འདྲའི་ཤེས་བྱ་མང་དུ་མཁོ་སྤྲོད་གནང་རོགས།

  24. ཁུ་བྱུག says:
    2015-04-29 at 12:31 pm

    རྒྱ་རུས་ཅན་ལྷ་གནམ་གྱིས་བོད་ཟས་བཟའ། བོད་ལྭ་གྱོན། བོད་སྐད་བཤད་ཀྱིན་རྒྱུན་དུ་ཁུངས་ཡོངས་རྫོགས་རྒྱར་གཏུགས་པའང་ཁག་མེད་དེ། རུས་རྐང་རྒྱ་ཡིན་པས་ལ་རྒྱ་དགོས་པའི་ཕྱིར། ད་དུང་རྒྱལ་དར་ཕབ་པའི་སྟོད་ལྭ་ཞེས་འཕྱ་འདུག་པ་ནི། ཤེས་ཡོན་པའི་ཁོངས་སུ་བཙན་གྱིས་འཚང་བའི་མིའི་རང་གཤིས་ཕྱིར་མངོན་འདུག སྙིང་རྗེ་རེད་ཡ། གསལ་བཤད་ཞུ་རྒྱུར། ང་བལ་ཡུལ་དུ་ས་འགུལ་རྒྱུགས་ཉིན་ནས་ཡོད་ལ། རྒྱལ་དར་ཕབ་པའི་སྟོད་ལྭ་གྱོན་མེད་ནའང་། ཤཀྱཱའི་དགེ་སྦྱོང་གི་ན་བཟའ་དང་ལྷན་རང་ནུས་ལ་དཔག་པའི་རོགས་བཟོ་བཞིན་ཡོད། དུས་ཚོད་ཀྱིས་རྐྱེན་པས་ལན་ཕྲལ་དུ་བྲིས་མ་ཐུབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme