Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ།

Posted on 2015-04-262015-04-26 By ཁ་བརྡ་ 1 Comment on ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ།

སྐྱོ་བྲག་དགའ་དབང་།

 
ཁོ་བོ་ཐའེ་ཝན་དུ་ཡོད་སྐབས་དང་ཁེལ་བས་ངོ་ཤེས་གྲོགས་པོ་འགས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་བགྲོ་གླེང་སྐབས་ལྔ་པ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། སྤྱི་ལོ་༢༠༡༥ སྤྱི་ཟླ་༤ པའི་ཚེས་༢༣ ཉིན་འཚོགས་ཀྱི་ཡོད་པར་ཚོགས་ཞུགས་དགོས་པའི་སྐུལ་མ་བྱུང་བ་དྭང་ལེན་ཞུས་པ་ཡིན། ཇོ་ནང་པའི་མཁན་སྤྲུལ་ཆོས་སྣང་རིན་པོ་ཆེ་དང་། ས་སྐྱའི་མཁན་པོ་ངག་དབང་འབྱོར་ལྡན། ངེད་གསུམ་སྐུ་མགྲོན་གཙོ་བོ་ཡིན་ཕྱིར་སྐར་མ་ཉི་ཤུ་རེའི་ཡུན་དུ་གཏམ་བཤད་ཀྱི་གོ་སྐབས་འདུག །ངས་གནད་དོན་བརྒྱད་ཀྱི་ཐད་ནས་བསྡོམས་ཚིག་བཀོད་དེ་གཏམ་བཤད་སྤེལ་བ་ཡིན།

 

༡༽ ང་རང་། ཡག་མེད་མི་ཤེས།

ངས་སྐད་ཆ་ག་འདྲ་ཞིག་བཤད་ནའང་རྣམ་འགྱུར་དང་བཤད་སྟངས་ཡག་པོ་ཁྱོན་ནས་མེད་ཅིང་། ལྷག་ཏུ་ཐའེ་ཝན་གྱི་བོད་བརྒྱུད་ནང་བསྟན་གྱི་གནས་བབ་ག་འདྲ་ཡིན་མིན་གསལ་པོ་ཤེས་ཀྱི་མེད་ཀྱང་འདིར་བཤད་པ་དག་ནི་ལྷག་བསམ་རྣམ་དག་ཁོ་ན་ཡིན་ཕྱིར་དོགས་པ་འདྲ་མིན་དགོས་དོན་མེད།

 

༢༽ ཚོགས་པ། ཆིག་སྒྲིལ་སྒེར་ནུས།

མི་མང་གི་ནུས་ཤུགས་ནི་ཆིག་སྒྲིལ་ལ་རགས་ལུས་པ་སྟེ། ང་ཚོ་བོད་ལ་རྣམ་དཔྱོད་དང་དཔའ་རྩལ། ཤེས་རིག་དང་ཁོར་ཡུག་སོགས་མི་དམན་པ་ཡོད་ནའང་ཆིག་སྒྲིལ་མེད་པའི་སྐྱོན་ཆག་གིས་ཐ་མའི་གནས་བབ་འདི་མུར་ལུས་པ་ཡིན། ཁྱེད་རྣམ་པས་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་གྱི་ཚོགས་པ་ཞིག་བཙུགས་ཐུབ་པ་ནི་དགའ་འོས་པའི་གནས་སྟངས་ཤིག་རེད། ཚོགས་པ་ཡར་རྒྱས་ཡོང་ཐབས་སུ་མི་སྒེར་དང་ཆོས་ཚོགས་སྒེར་ལའང་རང་རང་སོ་སོའི་དམིགས་རེ་དང་མཐུན་པའི་རྒྱབ་སྐྱོར་དང་ནུས་པ་འདོན་ས་ཡོད་དགོས་པ་ལས། དབང་ཤུགས་ཆེ་བའི་ནང་དུ་རང་ཉིད་ཐིམ་འགྲོ་བའི་གནས་སྟངས་ཤིག་བྱུང་བ་ཡིན་ན། སོ་སོ་སྒེར་ཚུགས་སུ་ཐོན་འགྲོ་བ་ལས་ཚོགས་པའི་ནང་དུ་འཛུལ་ཞུགས་བྱེད་ཀྱི་མ་རེད།

 

༣༽ བགྲོ་གླེང་། བསམ་ཚུལ་ཤེས་འདོད།

ང་ཚོ་བོད་ལ་ཚད་མའི་རིགས་པས་དགག་སྒྲུབ་ཀྱི་སྒོ་ནས་ནང་བསྟན་དར་སྤེལ་བྱུང་བ་ཆེས་བཟང་ནའང་། བགྲོ་གླེང་ཡོད་ཚད་ལ་དགག་སྒྲུབ་བྱེད་པ་ནི་བསམ་མནོ་གུ་དོག་དྲགས་པ་སྟེ། རང་གིས་མ་འཇོན། རོགས་ལ་མ་མགུ་ན་ཐ་མ་གང་ཡང་མེད་པ་ཡོང་གི་རེད་ལ། སྤྱི་ཚོགས་ཀྱི་ནང་དུ་བཤད་མྱོང་མེད་པའི་ཚོགས་ཞུགས་པ་དག་གི་བློ་སྤོབས་ཤོར་ནས་བསམ་བརྗོད་ཡར་རྒྱས་ལའང་གེགས་རྐྱེན་བྱེད་ཀྱི་རེད། བགྲོ་གླེང་འདི་རིགས་ཀྱི་སྐབས་སུ། རང་གི་སེམས་ངོ་ལ་གང་ཡོད་པ་དག་མི་གཞན་པ་ལ་ཤེས་སུ་བཅུག །མི་གཞན་པའི་སེམས་ངོ་ལ་གང་ཡོད་པ་དག་རང་གིས་ཤེས་ཐུབ་པ་བྱས་པ་ཡིན་ན་གདོད་ལེགས་པའི་ཐབས་ལམ་རྙེད་ཡོང་གི་ཡོད་ཕྱིར། བསམ་ཚུལ་ཤེས་འདོད་ལ་གཙོར་འདོན་བྱ་དགོས་པ་ཡིན།

 
ཆོས་ཞུགས་དཀའ་ངལ།
བགྲོ་གླེང་འདི་ཉིད་ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་ཡོང་ཐབས་སུ་འཚོགས་ཀྱི་ཡོད་ཕྱིར། ཐའེ་ཝན་གྱི་མི་རིགས་བོད་བརྒྱུད་ནང་བསྟན་དུ་ཞུགས་པ་ན། གཞན་པའི་ངོས་ནས་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་པ་དང་། ང་ཚོའི་ངོས་ནས་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་པ་ཤེས་པར་བྱས་ཏེ་ལེགས་བཅོས་བྱ་དགོས་པས་ན། བོད་བརྒྱུད་ནང་པའི་རྒྱ་རིགས་དག་བགྲོ་གླེང་དུ་འཛུལ་ཞུགས་བྱ་ཆོག་པ་དགོས་ཀྱི་འདུག །

 

༤༽ ཁྱབ་སྤེལ། མང་ཁ་ཉུང་བརྩི།

སྨྲ་ཤེས་ཤིང་དོན་གོ་བ་ནི། མི་ཡི་ཁྱད་ཆོས་གཙོ་བོ་ཡིན་ཅིང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་གྱི་ཐབས་ལམ་གཅིག་པུ་བ་ནི་གོ་བརྡ་འཕྲོད་པ་ཡིན་པས་རང་གཞན་ཐུན་མོང་གི་སྐད་ཡིག་ཅིག་ཡོད་དགོས་ལ། ནང་ཆོས་གདན་འདྲེན་བྱེད་ཀྱི་ཡོད་ན་ཁོ་ཚོས་བོད་ཀྱི་སྐད་ཡིག་ཤེས་པ་བྱེད་ཀྱི་རེད་དེ། ང་ཚོས་ནང་ཆོས་དར་སྤེལ་བྱེད་ཀྱི་ཡོད་པ་ཡིན་ཕྱིར། ང་ཚོའི་དགེ་འདུན་པ་ཐའེ་ཝན་དུ་ཡུན་བཞུགས་གནང་མཁན་དག་གིས་མང་ཁ་ཉུང་བརྩི་བྱས་ཏེ་རྒྱ་ཡི་སྐད་ཡིག་ཡག་པོ་ཤེས་པར་བྱ་དགོས།

 
དོན་ཤེས་ལག་ལེན།
མི་ཡི་བསམ་མནོ་དང་གནས་ཚུལ་མི་འདྲ་བའི་དབང་གིས་ཐབས་ལམ་སྣ་ཚོགས་དགོས་ཀྱི་ཡོད་ཕྱིར། བོད་བརྒྱུད་ནང་བསྟན་གྱི་ཆོས་སྒོར་ཞུགས་པ་དག་ལ་དོན་དག་དང་ལག་ལེན་སྣ་མང་སློབ་དགོས་པ་སྟེ། དཔེར་ན། ཕྱག་སྐོར་སོགས་ལ་ཐ་ནའང་འཕྲོད་བསྟེན་དང་རྒས་པ་ཉི་མ་འཁྱོལ་བྱེད་ཀྱི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད་པ་མངོན་གསལ་རེད།

 

༥༽ རྒྱུན་གནས། གནའ་དེང་ཟུང་འབྲེལ།

བོད་བརྒྱུད་ནང་བསྟན་ནི་ཆོས་ལུགས་རིག་གནས་ཤིག་ཡིན་ཕྱིར་གནའ་བོའི་སྲོལ་རྒྱུན་གྱི་གནད་འགག་མ་ནོར་བ་ཡིན་པ་གང་ཞིག་ལ། ཉམས་ལེན་དེང་གི་མིས་བྱེད་ཀྱི་ཡོད་ཕྱིར་དེང་དུས་བསམ་སྤྱོད་དང་མཐུན་པའི་ལེགས་བཅོས་ཀྱང་ངེས་པར་དུ་བྱ་དགོས་པ་སྟེ། ཆོས་ལུགས་གཞན་པར་གནའ་དེང་མ་མཐུན་པའི་དཀའ་ངལ་ཡོད་པ་བཞིན་ང་ཚོ་ལའང་འཕྲད་དེ་ནང་ཆོས་རྒྱུན་གནས་མི་ཐུབ་པ་ཡོང་གི་རེད།

 

༦༽ རྒྱབ་སྐྱོར། ཁུངས་ཁོར་ནོར་མེད།

ང་ཚོས་ཐའེ་ཝན་ནི་ང་ཚོའི་ཆོས་རིག་དར་སྤེལ་བྱ་སའི་ཁོར་ཡུག་ཡིན་པ་ལ་ཡིན་པར་ཤེས་དགོས་ཀྱི། གཏེར་གནས་ལྟ་བུ་སྒོར་མོའི་འབྱུང་ཁུངས་སུ་འཛིན་ན་རྦད་དེ་ནོར་བ་སྟེ། འཛམ་གླིང་གི་ས་གནས་གང་དུ་ཡིན་ནའང་སོ་སོའི་ཐོན་ཁུངས་ཀྱི་ཁེ་ཕན་སོ་སོ་ལ་ཡོད་དགོས་པ་ལས་གཞན་པས་ཁྱེར་འགྲོ་བ་ནི་དོན་ལ་ཁྲིམས་འགལ་རེད། དེས་ན་ང་ཚོས་ཀྱང་གང་རྙེད་པ་དག་ཤ་ཁུ་རང་ཐིམ་ཞེས་པའི་དཔེ་བཞིན་ཡོང་ཐབས་ལ་འབད་དགོས།

 
མཐོ་དམན་སྙོམས་སྒྲིག །
བོད་བརྒྱུད་ནང་བསྟན་གྱི་བསླབ་བྱས་མི་ཡི་དྲག་ཞན་དང་རྒས་གཞོན་བར་གྱི་སེམས་ཁམས་ལ་སྙོམས་སྒྲིག་བྱ་ཐུབ་ཅིང་། ང་ཚོའི་དགེ་འདུན་པས་ཀྱང་རང་གི་རྙེད་པ་དག་དམན་པ་ཚོར་འགྱེད་པ་དང་གཞན་ཕྱུག་པོ་དག་ལ་སྐུལ་སློང་གིས་ཕྱུག་དབུལ་བར་གྱི་དཔལ་འབྱོར་ལ་སྙོམས་སྒྲིག་བྱ་ཐུབ། སེམས་ཁམས་དང་དཔལ་འབྱོར་སྙོམས་སྒྲིག་ནི་སྤྱི་ཚོགས་མཉམ་གནས་ལ་ངེས་པར་དུ་དགོས་པ་ཞིག་ཡིན་ཕྱིར་གཞུང་དམངས་གཉི་ག་ནས་ང་ཚོར་རྒྱབ་སྐྱོར་འཐོབ་ཀྱི་རེད།

 

༧༽ འཆམ་མཐུན། ལག་བསྟར་བདེན་ལན།

ཆབ་སྲིད་དང་ཕྲག་དོག་གི་དབང་གིས་བོད་བརྒྱུད་ནང་བསྟན་ལ་དམའ་འབེབ་བྱེད་མཁན་ཡོད་པ་དག་ལ། ཁ་རྩོད་རྐྱང་པས་སྤྱི་ཚོགས་ཀྱི་ངོས་ན་འབུར་དུ་ཐོན་པའི་རྒྱལ་ཁ་འཐོབ་ཐུབ་ཀྱི་མ་རེད། ཆོས་ཐམས་ཅད་རྟེན་འབྲེལ་ཡིན་པའི་གནད་ཀས་བཟང་ངན་གང་དུ་བཤད་ཀྱང་རྒྱུ་མཚན་རེ་བཀོད་དུ་ཡོད་པ་རེད། ཁོ་ཚོས་སྐྱོན་འཛུགས་བྱས་པ་དག་ང་ཚོར་མེད་པ་དང་ཡོན་ཏན་ཡོད་པ་དག་ལག་ལེན་དངོས་ཀྱི་སྟེང་ནས་གསལ་སྟོན་བྱ་ཐུབ་པ་ཡིན་ན། བཤད་པ་བརྒྱ་ལས། ལག་ལེན་གཅིག་དགའ། ཞེས་པའི་དཔེ་བཞིན་ཡོང་གི་རེད།

 
བསླད་མེད་ཆོས་གྲོགས།
ཐའེ་ཝན་རང་ལ་སྔོན་མ་ནས་དར་ཁྱབ་བྱུང་བའི་རྒྱ་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོ་དང་བཟང་འབྲེལ་གྱིས། ཁོ་ཚོའི་བཤད་སྒྲུབ་དར་སྤེལ་ལ་ང་ཚོའི་ཤན་ཞུགས་ཡོང་ཐབས་ཙམ་གྱི་བསླད་ཀྱང་མེད་པའི་རོགས་རམ་གྱིས་དོན་གྱི་ཆོས་གྲོགས་ཤིག་ཡོང་བ་བྱ་དགོས་ཀྱི། ཁོ་ཚོས་ང་ཚོ་ལ་རོགས་ཕན་བྱས་ན་དགོས་ཤིང་། ང་ཚོས་ཁོ་ཚོ་ལ་རོགས་ཕན་མི་བྱེད་པ་ནི་འདྲ་མཉམ་གྱི་ཆོས་གྲོགས་མ་རེད།

 
མོས་མེད་རེ་སྐོང་།
ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་ལ་རང་ཉིད་མོས་པ་སྐྱེ་བའི་ལེགས་ཆ་ཞིག་མེད་པ་ཡིན་ནའང་། གཞན་པའི་རེ་བ་དང་འདོད་མོས་དྭང་ལེན་གྱིས་གང་ལ་གང་ཕན་བྱས་ན་གདོད་འཆམ་མཐུན་མཉམ་གནས་ཡོང་གི་རེད།

 

༨༽ ཀུན་སྤྱོད། རང་འགན་ངོ་ཤེས།

ཐའེ་ཝན་དུ་ཕེབས་བཞུགས་གནང་བའི་དགེ་འདུན་པ་དག་གིས། རང་ཉིད་བསྟན་སྒོར་ཞུགས་པའི་གང་ཟག་ཅིག་ཡིན་པའི་འགན་འཁྲི་ཁུར་ཏེ། ཉེས་པ་ལ་ཉེས་པར་ཤེས་པ་དང་། ཕྱིན་ཆད་ལེགས་པར་སྡོམ་ན་ཁྱིམ་པ་སུན་འབྱིན་ཡོང་གི་མ་རེད། བགྲོ་གླེང་འདི་དག་ཏུ་མང་ཙམ་མཉམ་ཞུགས་བྱ་ཐུབ་པ་ཡིན་ན་རང་རང་སོ་སོའི་བྱ་སྤྱོད་ལ་གཞན་པའི་མཐོང་སྣང་ཅི་ཞིག་ཡོད་པ་མེ་ལོང་ནང་གི་རང་གཟུགས་བཞིན་ངོ་ཤེས་ཏེ་ལེགས་སྤེལ་ཉེས་འགོག་ལ་ཕན་པ་ཡོང་ངེས་ཕྱིར་ཞིབ་འཇུག་ཚོགས་པ་བཙུགས་པའི་དགོས་དམིགས་ཀྱང་འགྲུབ་ཀྱི་འདུག་སྙམ་མོ། །
ཁོ་བོའི་གཏམ་བཤད་ཆ་ཚང་དྲ་བརྙན་དུ་ཡོད་ཕྱིར་ཡིག་ཐོག་ཏུ་དགོས་ངེས་མེད་ནའང་། ཉེ་རིང་གི་གྲོགས་པོ་མང་པོའི་རེ་སྐོང་དུ་བསྡོམས་ཚིག་བཀྲོལ་ཙམ་བྱ་དགོས་བྱུང་ངོ་། །

བསམ་ཚུལ།

Post navigation

Previous Post: ས་ཡོམ་ཁྲོད་དུ་ཚེ་སྲོག་ཤོར་བ་ཡོངས་ལ་བསྔོ་བའི་ཀ་བཤད།
Next Post: བལ་ཡུལ་ནང་ས་ཡོམ་བྱུང་དོན་ཤེས་འདོད་དམ།

Comment (1) on “ཐའེ་ཝན་དུ་བོད་བརྒྱུད་ནང་བསྟན་དར་སྤེལ།”

  1. ལྷ་སྡེ་གནམ་ལོ་ཡག says:
    2015-04-26 at 9:16 pm

    མཁན་ཆེན་མཆོག་གིས་གསུངས་པ་ནི་དུས་ཐོག་ཆར་བ་རེད། སྒོས་སུ་འཇོན་ན་རང་ཉིད་དང་ཉུང་མཐར་ཕྱུག་པོར་བསྐུལ་སློང་གིས་དབུལ་བོར་རོགས་བསྐྱོར་ནི་དེང་གི་ཐེ་ཝན་ནང་ཧ་ཅང་མཁོ་བའི་དུས་ཤིག་ཡིན། བོད་བརྒྱུད་སངས་རྒྱས་ཆོས་ལུགས་པ་ཚོའི་གོ་སྐབས་ཤིག་ཀྱང་ཡིན། འོན་ཀྱང་། གསན་མཁན་ཡོད་མེད་ནི་ད་དུང་བརྟག་དཔྱར་ལྷག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme