Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་བརྗོད་པའི་ཀ་བཤད།

Posted on 2015-04-242015-04-24 By ཁ་བརྡ 3 Comments on སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་བརྗོད་པའི་ཀ་བཤད།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་མད་སུམ་བཅུའི་འགན་ཁུར་འོོག་གི་སྤྱི་འཐུས་གྲོས་ཚོགས་གཟི་བརྗིད་ཆེ།།
ཁ་བཤད་སྟོང་པའི་གྲོས་ཚོགས་ལས་རིམ་སྒེར་འཁོན་གླེང་གཞི་སྤྱི་སར་སྤུངས།།
ག་དུས་ཡིན་ཡང་སྤྱི་འཐུས་གྲོས་ཚོགས་ཚོགས་ལ་ཉེ་སྐབས་བློ་མ་བདེ།།
ང་རྒྱལ་རང་དོན་ཁོག་ཏུ་བཅངས་ནས་སྤྱི་སེམས་འགན་ཁུར་མདུན་དུ་འཕྱར།།
ཅ་ཅོ་འར་འུར་གླེང་རྒྱུ་མང་བའི་ཁྲིམས་བཟོའི་ལས་རིམ་གཞི་རྒྱ་ཆེ།།
ཆ་ཤས་བཞེས་མཁན་འཚང་ཁ་ཤིག་ཤིག་མི་མང་མངོན་འདོད་གླེང་མཁན་ཉུང་།།
ཇ་ཆང་མ་ཅང་ལོག་འཚོའི་བྱ་བ་དོན་དངོས་ཡ་རབས་བཟང་སྤྱོད་ཉམས།།
ཉ་ཕག་གོང་གསུམ་ནག་པོའི་ཁ་ཟས་བེད་སྤྱོད་མང་ཤོས་མཐོ་རིམ་མི།།
ཏ་ཐ་ག་ཏའི་བསྟན་པའི་རྗེས་འབྲངས་ང་རྒྱལ་ཕྱོགས་ལྷུང་སྤང་ན་དགའ།།
ཐ་དང་མུ་མེད་ཁྲིམས་བཟོའི་ལས་དོན་བཅའ་ཁྲིམས་བསྐྱར་བཅོས་ཕྱོགས་གཏོགས་འོག།
ད་ལམ་གྲོས་ཚོགས་ལས་རིམ་མཇལ་སྐབས་དགྲ་དགའ་གཉེན་སྡུག་ཡིད་རེ་མུག །
ན་རྒྱུ་ཚ་རྒྱུ་འཇིག་རྟེན་ཆོས་ཉིད་སྤྱི་འཐུས་ནང་འཁྲུག་ཁྲིམས་སྒྲིག་འགལ།།
དཔའ་ངར་ཆེ་བའི་སྤྱི་འཐུས་གྲོས་ཚོགས་ཁྲིམས་བཟོ་བཞག་ནས་ནང་འཁྲུག་མང་།།
ཕ་ཡུལ་བོད་དུ་གཅིག་མཇུག་གཉིས་ཕྱོངས་རང་བསྲེགས་བྱ་བ་རྒྱལ་ཁབ་དོན།།
བ་ཕྱུགས་དུད་འགྲོ་རྐང་གཉིས་འདྲ་བའི་ང་ཚོ་བྱེས་འབྱོར་ནང་འཁྲུག་མང་།།
མ་རབས་བྱ་བ་ཤེས་བྱར་ངོམ་ནས་ཁྲིམས་བཟོའི་ལས་དོན་སྒེར་རྩོད་གླེང་།།
རྩ་བ་རང་བཙན་ས་ཆའི་བདག་དབང་འཇིག་རྟེན་མི་ཡི་ལས་དབང་རེད།།
ཚ་གྲང་དཀའ་ཚེགས་སྲོག་ལ་ཐུག་ཀྱང་ས་ཆའི་བདག་དབང་གློད་མི་ཉན།།
ཛ་དྲག་བྱས་ནས་རང་བཙན་མ་གླེང་མི་རིགས་ས་གནས་རང་སྐྱོང་བདམས།།
ཝ་ལེར་སོམས་དང་ས་གནས་རང་སྐྱོང་གཡག་དང་མ་ཧེའི་ཁ་སྒྲུང་འདྲ།།
ཞྭ་མོའི་ནང་གི་ཆབ་སྲིད་འཐོམ་ཞྭ་བོད་མིའི་མགོ་ལ་བསྐོན་པ་འདྲ།།
ཟ་འཐུང་ལོངས་སྤྱོད་མི་ཡི་བསོད་ནམས་ཚད་དང་འགལ་ན་དུག་ལ་འགྱུར།།
འ་ཆད་འུ་ཐུག་གཞིས་སྡོད་བོད་མིའི་རེ་བའི་རྒྱང་བལྟ་ང་ཚོར་བཅོལ།།
ཡ་རབས་བྱ་བའི་འགན་ཁུར་ཉིན་སྐར་ནང་འཁྲུག་རྒྱག་ལ་སྤྱི་འཐུས་མཁས།།
ར་བ་གངས་ལྗོངས་ཀླ་ཀློས་ཁེངས་ཀྱང་བྱེས་འབྱོར་བོད་མི་ནུབ་ཕྱོགས་མྱུལ།།
ལ་ལུང་བགྲོད་ནས་ས་མཐར་འབྱོར་ཀྱང་ཕ་ཡུལ་གངས་ལྗོངས་ཡིད་ལ་འཁོར།།
ཤ་ཚའི་གཏམ་དང་ཕན་པའི་བསླབ་བྱ་གླེང་མཁན་མི་ལ་སྡང་ཟུག་མང་།།
ས་ཕྱོགས་འདི་ནི་གཞན་ཡུལ་ཡིན་པས་བུ་རབས་ཚ་བརྒྱུད་འཚར་ས་མིན།།
ཧ་ཅང་མ་ནོར་ཆབ་སྲིད་བརྟན་དང་མེས་དབོན་རྣམ་གསུམ་རིགས་རྒྱུད་ཚོ།།
ཨ་གསར་གཏམ་དང་གསར་རྙེད་གྲོགས་ལ་མགོ་བོ་མ་འཁོར་བོད་མི་ཚོ།།

སྣ་ཚོགས།

Post navigation

Previous Post: ཕ་ཡུལ་གྱི་རྩྭ་ཐང་།
Next Post: ༅༅།། ནད་དྲག་པའི་སྨན་ལ་ཞིམ་པོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད།

Comments (3) on “སྤྱི་འཐུས་གྲོས་ཚོགས་ཀྱི་ལས་རིམ་ལ་བརྗོད་པའི་ཀ་བཤད།”

  1. ཁུ་བྱུག says:
    2015-04-24 at 1:22 pm

    ཀ་རྩོམ་རྒྱལ་བོར་རློམས་པའི་ཀོ་ལི་གྷལ་བ་ལགས། །
    ཁ་ཡོད་ཙམ་གྱིས་མི་ཕན་སྤྱི་དོན་འགན་དུ་ལོངས། །
    ག་དུས་ཡིན་ནའང་ཀ་རྩོམ་རྐྱང་རྐྱང་བྲིས་ཐལ་བས། །
    ང་སོགས་ཀློག་པོ་ཡོངས་ལ་བསུན་སྣང་དབང་མེད་སྐྱེས། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཧ་ཧ་རྩེད་མཚར་ལགས་ན་དྲྭ་གྲོགས་དགོངས་པ་དྭངས། །
    ཨ་ལ་ཀུ་རེ་རྩེད་པ་ཡིན་གྱིས་མཐོང་ཆུང་མིན། །

  2. ཁྱུང་སེ། says:
    2015-04-24 at 1:53 pm

    ཀ་འཕྲེང་བསྒྲིགས་པའི་བོད་ཀྱི་རྩོམ་པ་པོ།
    ཁ་བ་རིས་པའི་དགྲ་བོར་མི་གཏད་པར།
    ག་དུས་ཡིན་ཀྱང་གྲི་ཁ་ནང་བསྐོར་འདི།
    ཏ་ཐ་ག་ཏའི་གཞུང་ནས་གསལ་ལགས་སམ།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-04-24 at 3:11 pm

    ཀ་བཤད་མང་པོ་འབྲི་བགྱིད་འདུག །
    ཁ་རྩོད་མང་པོ་རྒྱག་བགྱིད་འདུག །
    ག་ས་ག་རུ་མཐོང་བགྱིད་འདུག །
    ང་ཡི་མགོ་ནི་འཐོམ་བགྱིད་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme