Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནོ་བྷེལ་གཟེངས་རྟགས།

Posted on 2015-04-232015-04-23 By ཁ་བརྡ་ 12 Comments on ནོ་བྷེལ་གཟེངས་རྟགས།

ཐེ་བོ་སངས་རྒྱས།
unnamedའཛམ་གླིང་ལོ་རྒྱུས་ནང་ནོ་བྷེལ་གཟེངས་རྟགས་The Nobel prize.ལས་ལྷག་སྐད་གྲགས་ཆེ་བའི་བྱ་དགའ་ཞིག་བྱུང་མེད་ཚོད་རེད། རྒྱལ་སྤྱི་རང་བཞིན་ཅན་གྱི་བྱ་དགའ་དེ་ལ་ཞི་བདེ་དང་། གསོ་རིག་སྨན་སྦྱོར། རྫས་འགྱུར། རྩོམ་རིག དཔལ་འབྱོར་རིག་ཚན་རྣམས་ཡོད་པ་ལས་ཞི་བདེའི་གཟེངས་རྟགས་ནི་བརྩི་མཐོང་ཚད་མེད་བྱེད་ཅིང་རིན་ཐང་དང་སྙན་གྲགས་ཆེ་ཤོས་ཡིན་པར་རྩོད་པ་མེད། ཕྱི་ལོ་1989 ལོར་དེ་བོད་ཀྱི་ཆོས་སྲིད་གཉིས་ཀའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཕུལ་བ་ནི་ཐུ་བྷོད་མི་རིགས་སྤྱིའི་ང་རྒྱལ་དུ་བརྩི་ཆོག ནོ་བྷེལ་གཟེངས་རྟགས་ཐོག་མར་ཇི་ལྟར་བྱུང་ཞེ་ན། དུས་རབས་བཅུ་དགུ་བའི་ནང་མིང་དུ་གྲགས་པའི་1སྐུ་ཞབས་ཨལ་ཧྥིར་ཌི་ནོ་བྷེལ་Alfred Nobel (1833-1896)ལགས་ཀྱིས་འབར་རྫས་གསར་གཏོད་བྱས་པའི་འགྱོད་བཤགས་ལ། ཕྱི་ལོ་1895 ལོར་ཁོ་རང་གི་རྒྱུ་ནོར་ཐད་བཞག་པའི་ཁ་ཆེམས་ཡི་གེ་གཞིར་བཟུང་ཐོག ལེགས་བྱང་དང་ཚན་རིག་གང་ཅིར་ཆ་འཛིན་འཕེར་བའི་སི་ཌན་དང་ནོར་ཝེའི་ལྷན་ཚོགས་Swedish and Norwegian committees, ཞེས་པས་ཕྱི་ལོ་1901 ནས་གནང་འགོ་ཚུགས་ནས་བཟུང་ལོ་ལྟར་ཆག་མེད་དུ་གནང་གི་ཡོད། དཔལ་འབྱོར་རིག་ཚན་གྱི་ནོ་བྷེལ་དྲན་རྟེན་བྱ་དགའ་དེ་ཕྱི་ལོ་1968 ལོར་སི་ཌན་གྱི་དབུས་གཞུང་དངུལ་ཁང་དབར་འབྲེལ་ལམ་ཐོག་བཙུགས་ཡོད་འདུག

རྟགས་མ་དེ་དག་གསེར་དང་དངུལ་གཉིས་བསྲེས་སྦྱོར་གྱིས་བཟོས་པ་དང་། རེ་རེ་ལ་སྲང་འབྲུའམ་ཁེ་རེ་ཐྲི་carat,ཉེར་བཞི་ལ་གསེར་ཆུ་ 4,8.g རེ་བྱུགས་ཡོད། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་དག་ལ་གསེར་གྱི་རྟགས་མ་དང་ལྷན་དུ་ཕྱག་ཁྱེར་ཡི་གེ་ཞིག་དང་ཤོག་དངུལ་བཅས་ཡོད། དངུལ་གྱི་མང་ཉུང་ནི་ནོ་བྷེལ་ཐེབས་རྩ་ཁང་ནས་དངུལ་གྱི་འཛའ་ཐང་སོགས་ལ་བལྟོས་པས་ཐག་གཅོད་པ་ལས་གྲངས་བཅད་མེད། ཕྱི་ལོ་2012 ལོར་གཟེངས་རྟགས་རེའི་ཆ་ལ་ཨ་སྒོར་ས་ཡ་གཅིག་དང་འབུམ་གཉིས་རེ་ཕུལ་བར་གདའ།
ཞི་བདེ་གཟེངས་རྟགས་ཉིད་ནོར་ཝེའི་རྒྱལ་ས་ཨོ་སི་ལོ་Oslo, རུ་གནང་བ་ལས་གཞན་དག་སི་ཌན་གྱི་གྲོང་ཁྱེར་སི་ཊོག་ཁོམ་Stockholm, ནས་གནང་གི་ཡོད། སི་ཌན་གྱི་རྒྱལ་གཞུང་ཚན་རིག་སློབ་གླིང་ལ་ནོ་བྷེལ་གསོ་རིག་དང་། རྫས་འགྱུར། དཔལ་འབྱོར་རིག་ཚན་བཅས་ཀྱི་གཟེངས་རྟགས་ཐོབ་པ་དང་། སི་ཌན་གཙུག་ལག་སློབ་གཉེར་ཁང་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ་ལས་སི་ཌན་གྱི་སྒྲིག་འཛུགས་ཤིག་ལ་ད་སྔ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མ་མྱོང་ནའང་ནོར་ཝེའི་ནོ་བྷེལ་ལྷན་ཚོགས་ལ་དེ་ཐོབ་པ་རེད།

ཕྱི་ལོ་1901 ནས་2012 ལོའི་བར་ནོ་བྷེལ་གཟེངས་རྟགས་རྣམས་དང་དཔལ་འབྱོར་རིག་ཚན་བྱ་དགའ་བཅས་ཐེངས་555 བསྩལ་བའི་ཁོངས་སུ་མི་སྒེར་དང་ཚོགས་པ་856 ཡོད་པ་ལས་རེ་ཟུང་ལ་ཐེངས་མ་གཅིག་ཐོབ་པས་མི་ཚད། དེ་ལ་སྐྱེས་པ་བདུན་བརྒྱ་གོ་གཅིག་དང་། བུད་མེད་བཞི་བཅུ་ཞེ་བཞི། ཚོགས་པ་ཉེར་གཅིག་བཅས་འདུས་ཡོད། ལར་ནོ་བྷེལ་གཟེངས་རྟགས་རྣམས་སྐུ་འཚོ་བཞུགས་ཀྱི་གང་ཟག་ཁོ་ན་ལ་འབུལ་སྲོལ་ཡོད་མོད། གཡོན་ཕྱོགས་པའི་བཙོན་འོག་ཏུ་ཚུད་པ་ལྟ་བུ་ཡིན་ན་སྐུ་ཚབ་ཀྱིས་བླང་བས་ཆོག དུས་རབས་ཉི་ཤུ་བའི་ནང་ནོ་བྷེལ་བྱ་དགའ་འགའ་རེ་གང་ཟག་རེ་འགའ་ཐུན་མོང་ལ་ཐོབ་ཡོད་ཀྱང་མི་གསུམ་ལྷན་དུ་ཕུལ་བ་མང་མཐའ་ཡིན། དེ་ལ་གོ་ལ་ཧྲིལ་པོའི་དཔལ་ཡོན་ཡར་སྐུལ་ཐད་ནུས་པ་གལ་ཆེན་ལྡན་པ་བསྙོན་དུ་མེད།

unnamedཟུར་མཆན། 1ཨལ་ཧྥིར་ཌི་ནོ་བྷེལ་གྱི་མི་ཚེའི་ལོ་རྒྱུས།

སྐུ་ཞབས་ཨལ་ཧྥིར་ཌི་ནོ་བྷེལ་ལགས་ནི་ཕྱི་ལོ་ 1833 ་ཟླ་10 ཚེས་21 ཉིན་སི་ཌན་གྱི་གྲོང་ཁྱེར་སི་ཊོག་ཁོམ་དུ་འཁྲུངས་ཤིང་། ཕ་མ་གཅིག་པའི་སྤུན་མཆེད་བརྒྱད་ཡོད་པའི་བཞི་བ་དེ་ཡིན། ཁོང་ནི་རྫས་འགྱུར་རིག་པ་བ་དང་། འཆར་འགོད་པ། གསར་གཏོད་པ། གོ་མཚོན་བཟོ་གྲྭའི་བདག་པོ་ཡིན་པར་མ་ཟད། འགྲོ་བ་མིའི་ཚེ་སྲོག་ལ་རྒོལ་བ་དང་སྲུང་སྐྱོབ་གཉིས་དཔེ་མེད་བྱས་མྱོང་བའི་མི་སྣ་རེད་ཟེར་ཆོག ཕྱི་ལོ་ 1842ལོར་ཁོའི་ཕ་མ་གཉིས་དཔལ་འབྱོར་ཡག་པོ་ཆགས་པས་ཁོ་གྲོང་ཁྱེར་དུ་བཏང་བར་མ་ཟད། ཁོ་གཅིག་པུར་ཟུར་བསྟེན་དགེ་རྒན་ཞིག་ཀྱང་གླས་པར་བཤད། ཁོ་ཆུང་དུས་ནས་སློབ་སྦྱོང་ལ་བཟང་བའི་ཐོག་རྫས་འགྱུར་རིག་པ་དང་སྐད་རིགས་ཐད་འབུར་དུ་ཐོན། དབྱིན་ཇི་དང་། ཧྥ་རན་ཆི། རྗར་མན། ར་ཤི་ཡའི་སྐད་རྣམས་རང་རྐྱ་ཐུབ་པར་ཤེས། ཁོ་ལོ་བཅོ་བརྒྱད་ཐོག་ཨ་རིར་བསྐྱོད་དེ་ལོ་ངོ་བཞིའི་རིང་རྫས་འགྱུར་རིག་པར་སློབ་སྦྱོང་བྱས།
ཕྱི་ལོ་1867 ལོར་ཁོས་འབར་རྫས་གསར་གཏོད་བྱས་པ་དེ་སྐད་གྲགས་ཧ་ཅང་ཆེན་པོ་བྱུང་བས། རྡུལ་ཕྲན་རང་བཞིན་ཅན་གྱི་རྫས་སྦྱོར་ཁམས་རིགས་ཤིག་ལ་ནོ་བྷེ་ལུམ་ nobelium, ཞེས་མིང་བཏགས་པ་རེད། དེ་བཞིན་ཁོའི་མིང་དེང་རབས་བཟོ་ཚོང་ཁང་ཁག་ལ་ཐོགས་པ་དཔེར་ན། རྗེར་མན་གྱི་རྫས་འགྱུར་དང་གོ་མཚོན་བཟོ་ཁང་ཌེ་ནམ་མི་ཐྲི་ནོ་བྷེལ་ Dynamit Nobel,ཞེས་པ་དང་། ཨ་ཁཱ་རྫོ་ནོ་བྷེལ་ Akzo Nobel, དེ་རིགས་ཟླ་སྒྲིལ་བཏང་བའི་རོགས་ནོ་བྷེལ་རང་ཉིད་ཀྱིས་བྱས་པ་རེད།

སྐབས་དེ་ཤེད་དུ་ཁོང་སི་ཌན་གྱི་བྷོ་ཧྥོར་སི་ Bofors,ཞེས་པའི་གོ་མཚོན་བཟོ་ཚོང་ཁང་གི་བདག་པོ་ཡིན་ལ། དེ་སྔོན་གྱི་བཟོ་ཚོང་ཁང་དེའི་བྱེད་སྒོ་ལས་ཁ་ཕྱོགས་བསྐྱར་བསྒྱུར་བྱས་པ་དང་། གཞི་རྩའི་ལྕགས་དང་ངར་ལྕགས་རྣམས་ལས་སྣོན་ཐོག་མེ་སྒྱོགས་དང་གོ་ལག་སྣ་ཚོགས་བཟོ་བཞིན་ཡོད། དེའི་ཐོག་ནོ་བྷེལ་ལ་རྣམ་གྲངས་སུམ་བརྒྱ་ལྔ་བཅུ་ཙམ་ལ་བདག་དབང་ཡོད་མྱོང་། ཁོ་ཚོང་དོན་ཆེད་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་དང་བྱང་ཨ་རིའི་ནང་ཐེངས་མང་པོར་འགྲུལ་སྐྱོད་བྱས།
ཕྱི་ལོ་1888 ལོར་ནོ་བྷེལ་གྱི་སྤུན་མཆེད་ལུ་ཌི་ཝིག་ Ludvig, འདས་གྲོངས་ཕྱིན་སྐབས་ཁོང་ཧྥ་རན་སིའི་གྲོང་ཁྱེར་ཁཱན་ནེ་སིར་གཉེན་འཕྲད་དུ་ཕྱིན་སྐབས་གསར་འགོད་པ་ཞིག་གིས་ནོར་བས་ནོ་བྷེལ་གྱི་འདས་ཆོས་གསར་འགྱུར་སྤེལ་བ་རྐྱེན་བྱས་ཏེ། ཁོས་འབར་རྫས་གསར་གཏོད་དེས་མི་ས་ཡ་མང་པོའི་ཚེ་སྲོག་གི་གཤེད་མར་གྱུར་པ་ལ། ཁོང་གིས་རང་གནོངས་འགྱོད་བཤགས་ཆེད་འཛམ་གླིང་ཞི་བདེ་དང་འགྲོ་བ་མིའི་བདེ་རྩ་ལ་བྱས་རྗེས་འཇོག་མཁན་རྣམས་ལ་གཟེངས་རྟགས་འབུལ་དགོས་པའི་ཁ་ཆེམས་ཡི་གེ་སྔ་ཕྱི་དག་བཞག་ཅིང་། ཕྱི་ལོ་1896 ཟླ་12 ཚེས་10 ཉིན་ཁོང་སྐུ་གཤེགས་པ་རེད།

ལོ་རྒྱུས།

Post navigation

Previous Post: དཔེ་ཀློག་གི་རྒྱུན་ཤེས།
Next Post: དགེ་བྷེ། གཞས་ཞིག་གི་དོན་དུ་འཛིན་བཟུང་བྱས་བའི་གླུ་བ་དགེ་བྷེ།

Comments (12) on “ནོ་བྷེལ་གཟེངས་རྟགས།”

  1. ཀླུ་སྨྱོན། says:
    2015-04-23 at 11:20 pm

    ཆོས་འདུལ་བ་བཞིན་བྱས་ན་ཁོའི་བྱ་དགའི་དངུལ་དེ་ཚོ་ལོག་འཚོ་འདྲ་བོ་ཞིག་ཏུ་སྣང་། ལོག་འཚོ་ནི་ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་ལ་ཟེར། ཡིན་ཡང་ཁོའི་ཀུན་སློང་ཡག་པོ་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2015-04-24 at 12:53 am

    མི་སྡིག་ཆེན་གྱིས་བསགས་པའི་རྒྱུ་ནོར་དག དགེ་རྩར་བཏང་ཟིན་པ་དེ། དེ་ཚུལ་མཐུན་ལོངས་སུ་སྤྱོད་མཁན་དེ་ལ། ལོག་འཚོར་མི་འགྲོ ནོ་བྷེལ་གྱི་རྟགས་མ་དང་། དངུལ་དག ང་ལ་ཐོབ་ན། ལོག་འཚོ་ཡིན་ན་ཡང་ཡིན་དུ་ཆུགས། ཧ་ཧ། ཀུ་རེ་ཡིན་ནོ།།

  3. ཁྱུང་སེ། says:
    2015-04-24 at 1:30 am

    ཀ་རྡོ་འདི་དངུལ་གྱི་ཆེད་དུ་སྲོག་དམར་གཏོང་དགོས་བྱུང་ནའང་གཏོང་ས་རེད། མི་སྡིག་ཆེན་ལག་ནས་ཟ་མ་ཟ་མི་རུང། ལུང་པ་གཙིག་གི་ཆུ་ལ་འཐུང་མི་རུང་ན་་་་་་ཨ་ཁ་ཁ་དེང་སང་དེ་ཚོར་བརྩི་མཁན་སུ་ཡོད

  4. རིན་ཆེན says:
    2015-04-24 at 1:57 am

    སྤྲུལ་སྐུ་ཀླུ་སྨྱོན་གྱིས་ལོག་འཚོའི་དོན་དག་གོ་གི་མི་འདུག ད་རུང་འདུལ་གཞུང་ལ་ཡག་པོ་གཟིགས་རོགས།

  5. ཁྱུང་སེ། says:
    2015-04-24 at 3:49 am

    ནོ་ཝེལ་གཟེངས་རྟགས་དེ་ཡང་ཆབ་སྲིད་པ་ལ་མ་གཏོགས་སྤྲོད་ཀྱི་མ་རེད་་་་དེའི་ནང་ནས་ཀྱང་ནུབ་ཕྱོགས་པའི་ལྟ་གྲུབ་དང་མཐུན་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་ཚོར་སྤྲོད་ཀྱི་རེད། གཟེངས་རྟགས་དེ་ལའང་བལྟ་བཟོ་ཆ་འཇོག་བྱེད་འོས་པ་དེ་འདྲ་མེད། དཔེར་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ལ་སྤྲད་ནས་ཨི་རག་དང་ཨབ་གྷན་ལ་དམག་འཁྲུགས་ཡ་ང་བ་བྱས་ཡོད། དམག་འཁྲུགས་དེ་ཡང་ཞི་བདེ་ཡིན་ནམ་གཅིག་གི་ཞི་བདེའི་ཆེད་དུ་གཅིག་ཤོས་དེ་བསད་ན་འགྲིག་གམ་་་་་་

  6. ཁུ་བྱུག says:
    2015-04-24 at 4:50 am

    རྣམ་པ་ཚོའི་དགོངས་པ་ཇི་ལྟར་ཡང་། བདག་ནི་ཚན་རིག་ལ་དགའ་སྣང་མེད། ནོ་བྷེལ་གྱིས་འགྱོད་བཤགས་བྱས་པ་དེས་འགྲོ་བ་མིའི་རིགས་ལ་ཚན་རིག་པའི་མཇུག་འབྲས་གསལ་སྟོན་བྱས་ཡོད། ཡང་གཅིག་བཤད་ན། ཟས་རིགས་མི་རུལ་བར་གསོག་ཉར་བྱེད་ས་གྲང་གློག་གམ་འཁྱག་སྒམ་གསར་བཏོད་པར་དང་ཐོག་ནོ་བྷེལ་བྱ་དགའ་སྤྲད་ཡོད་ཅིང་། ཕྱིས་དེའི་རླངས་རྫའི་རྫས་ཀྱི་ནུས་པ་ནམ་མཁར་ཕྱིན་ཏེ། ཉི་མའི་ཚ་ཟེར་འགོག་བྱེད་ ༼Ozone Layer༽ བུ་ག་བརྟོལ་དང་བརྟོལ་བཞིན་པས་གོ་ལའི་ཚ་དྲོད་འཕར་བའི་རྐྱེན་གཙོ་བོ་གཅིག་ཏུ་བགྲང་ནས་ཕྱི་རབས་ཚན་རིག་པས་དགག་བཞིན་པ་སོགས་ལ་གཞིགས་ན། ཚན་རིག་པས་མཇུག་འབྲས་ལ་ཞིབ་འཇུག་གཏན་ནས་མ་བྱས་པར་རང་མཐོང་དང་ཁེ་བབས་ཁོ་ནར་བསམ་སྟེ། གསར་བཏོད་རྐྱང་རྐྱང་གིས་ཡངས་པའི་ཁམས་འདིའི་སྣོད་བཅུད་ལ་གོད་ཆགས་ཚད་མེད་ཐེབས་པ་མ་ཟད། འཇིག་རྟེན་ཧྲིལ་བོ་རྩ་མེད་གཏང་རྒྱུའི་རྡུལ་ཕྲན་བཟོས་ཟིན།

  7. རིན་ཆེན says:
    2015-04-24 at 5:16 am

    ཁུ་བྱུག་ལགས་ཀྱིས་གནས་ལུགས་ལྡན་པ་ཞིག་གསུང་འདུག་སྙམ།

  8. ཐེ་བོ་སངས་རྒྱས says:
    2015-04-24 at 6:45 am

    བྲེལ་སྟབས་ངང་སྒྱུར་སྒྲིག་བྱས་པའི་རྩོམ་འཆལ་འདི་ལ་ཚིག་སྐྱོན་དང་དོན་སྐྱོན་ཤོར་ཡོད་སྣང་ཤར་བས་ཀློག་པ་པོ་མཐའ་དག་ལ་དགོངས་སེལ་དང་འབྲེལ། འདིར་དགོངས་ཚུལ་གསུང་མཁན་ཚང་མ་ལ་བཀའ་དྲིན་ཆེ་ཞུའོ།

  9. ཀླུ་སྨྱོན། says:
    2015-04-24 at 11:53 am

    ལོག་འཚོ་ཡིན་ན་འདུལ་བ་ལས་གསུངས་པའི་ལོག་འཚོ་ལྔའི་ཡ་གྱལ་ཞིག་ཡིན་དགོས་པ་ངེས་པ་ཡོད་རྒྱུ་མ་རེད་འདོད།

  10. ཁུ་བྱུག says:
    2015-04-24 at 3:15 pm

    རིན་ཆེན་ལགས་ཀྱིས་ཕྲན་བུང་བ་གསེར་དུ་གཟིགས་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། རྩོམ་པ་པོ་ཐེ་བོ་སངས་རྒྱས་ལགས་ཀྱིས་བྲེལ་སྟབས་ངང་བསྒྱུར་ཀྱང་ཧ་ཅང་བཟང་གི མཐེ་བོང་བསྒྲེང་ཡ། སངས་རྒྱས་ལགས་ཀྱིས་རྩོམ་མང་པོར་བལྟས་མྱོང་། རྩོམ་ ཕལ་ཆེ་བ་གོ་སླ་ཞིང་ཚིག་གི་ལོ་མས་མ་བསྒྲིབས་པར་དོན་གྱི་འབྲས་བུ་གཡུར་དུ་ཟ་བར་སྣང་ངོ་། །

  11. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-24 at 9:40 pm

    སྐུ་ཞབས་ཨལ་ཧྥིར་ཌི་ནོ་བྷེལ་(1833-1896) མཆོག་ལ་དྲན་རྟེན་རྗེས་སུ་ཡི་རངས།
    ་
    གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས།
    ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་།
    ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ།
    ཞེས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་གསུངས།།

  12. རྒྱ་ཞིང་མྱི་དཀར། says:
    2015-04-27 at 10:49 am

    དེང་སང་ནོར་བྷེ་གཟེངས་རྟགས་འདི་ཡང་ཆབ་སྲིད་ཀྱི་ངོ་བོར་འགྱུར་འགྲོ་གི་ཡོད་པས་དེ་ཙམ་གྱིས་རིན་ཐང་མཐོང་མ་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme