Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན།

Posted on 2010-03-09 By དབང་ཕྱུག་ 5 Comments on ༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན།

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་བར་ཕེབས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་། གྲོས་ཚོགས་ཀྱི་ལས་དོན་ཚགས་ཚུད་ཚད་ལྡན་ཡོང་བའི་སྨོན་འདུན་ཡོད། རིང་མོ་ཞིག་ནས་ཡིད་ལ་བརྣགས་པ་ལྟར་བོད་མིའི་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་རྒྱུ་བཙན་བྱོལ་དུ་འབྱོར་མ་ཐག་པ་ནས་འབད་བརྩོན་རྒྱུན་བསྲིངས་བྱས་འབྲས་སུ་ད་ལམ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱིས་ཁྲིམས་བཟོ་དང་དཔལ་འབྱོར་སྟངས་འཛིན་གྱིས་མཚོན་པའི་བྱེད་སྒོ་རྣམས་བྱ་རྒྱུའི་གོ་སྐབས་བྱུང་བར་དགའ་སྤོབས་བརྟས།
སྔོན་དུ་བརྗོད་ཟིན་ལྟར་ལྗིད་མཉམ་སྟངས་འཛིན་གྱི་སོ་མཚམས་དང་། རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ། གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་མཐོར་གཏོང་རྒྱུའི་ཀུན་སློང་དང་རྩོལ་བ་མི་ལྷོད་པ་དགོས་གལ་མཐོང་། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀའི་འགན་ཁུར་ཞུ་ཡུལ་གྲོས་ཚོགས་ཡིན་སྟབས། གྲོས་ཚོགས་ཀྱང་མང་ཚོགས་ལ་འགན་ཁུར་འཕེར་ངེས་དགོས།
བོད་མིའི་ཆབ་སྲིད་ཀྱི་མགོ་ཁྲིད་བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་འོས་འདེམས་བྱས་པ་ནས་བཟུང་གཞི་རྩའི་ལས་དོན་རྣམས་ངོས་རང་གིས་དོ་ཁུར་མ་དགོས་པར་ཕྱེད་རྒས་ཡོལ་ལྟ་བུ་ཡིན་རུང་། བོད་ཀྱི་རྩ་དོན་དང་བོད་རྒྱའི་འབྲེལ་ལམ་སྐོར་ཇི་སྲིད་མང་ཚོགས་ནས་ཡིད་ཆེས་རེ་འདུན་ཡོད་པ་དེ་སྲིད་དུ་ཅི་ནུས་གང་ལྕོགས་བྱེད་བཞིན་ཡོད། ཞི་བའི་དོན་ཚན་ལྔ་ནི་ཕུགས་ཀྱི་འཆར་སྣང་ཡིན་པས་འབྲེལ་མོལ་ལ་ཐད་འབྲེལ་དེ་ཙམ་མེད་རུང་། སི་ཊ་སི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར།
ཕྱི་ལོ་ ༢༠༠༢ ནས་འབྲེལ་མོལ་བསྐྱར་མཐུད་བྱས་པ་ནས་བཟུང་བོད་རིགས་ཡོངས་ཀྱི་འབྱུང་འགྱུར་གྱི་གནས་བབ་ཁོ་ན་བརྗོད་གཞིར་བཟུང་སྟེ། གླེང་མོལ་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དངོས་དོན་དང་བསྟུན་ཏེ། གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་བསྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང་། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་བའི་སྐབས་འགྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན།
གོང་སྨོས་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱིས་འབད་འབུང་བྱེད་ཁུལ་ཡང་། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོས་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང་། ངོས་ཀྱི་བསམ་ཚུལ་མིན་ཚུལ་སོགས་ཀྱི་དོགས་གླེང་རིགས་ཡོང་གིན་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང་། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེལ་པོ། གཞན་ཡང་འབྲེལ་ཡོད་ཅི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་བོ་བཟོ་དགོས། འབྱུང་འགྱུར་བྱེད་ཕྱོགས་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྤྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱ་དགོས་པ་བཅས་ཡིད་འཇགས་བགྱིས།

འཕྲིན་ཡིག

Post navigation

Previous Post: དབྱིན་ཡིག་རྩོམ་འབྲི་བ་སྡོམ་པ་ཚེ་རིང་དབང་མོ་ལགས་བོད་དུ་བསྐྱོད་པའི་སྐོར་ལ་བཅར་འདྲི།
Next Post: གསུམ་བཅུ་དུས་དྲན་སྟེང་གྲོས་ཚོགས་ཀྱི་གསུང་བཤད།

Comments (5) on “༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན།”

  1. ཚེར་མ། says:
    2010-03-09 at 9:45 am

    སི་ཏ་སི་སྦག་གི་གྲོས་འཆར་རང་བཞིན་རྩིས་མེད་ཕྱིན་ཡོད་པ་༧གོང་ས་མཆོག་གི་ཞལ་ནས་གསུང་འདུག
    ད་དབུ་མའི་ལམ་མམ་རང་སྲིད་རང་སྐྱོང་གི་སྲིད་བྱུས་ལག་བསྟར་མུ་མཐུད་དུ་བྱེད་པ་དེ་མི་མང་གི་བཀའ་ལུང་ཐོབ་པར་ཅི་ལྟར་འགྲེལ་དགོས། དམིགས་གསལ་ཚོགས་ཆེན་སྐབས་སི་ཏ་སི་སྦག་གི་གྲོས་འཆར་སྲིད་བྱུས་འདིས་ལྟ་གྲུབ་ཀྱི་གཞི་འཛིན་ས་ཡིན་པའི་ངོས་ནས་གླེང་ཡོད་པས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་མི་མང་གི་བཀའ་ལུང་ཐོབ་ཡོད་པར་འགྲེལ་བཤད་རྒྱག་ཐབས་མེད།

  2. ཀརྨ་རྡོ་རྗེ་ says:
    2010-03-09 at 5:33 pm

    གསུང་གི་སྙིང་དོན་གོ་བ། །

    འཚོགས་སྐབས་བཅུ་བཞི་པ་ལ། །
    ༸སྐུ་ཕྲེང་བཅུ་བཞིའི་གསུང་ནང་། །
    སྒེར་འཁོན་ཕྱོགས་འཐེན་ཚབ་ལ། །
    གྲོས་ཚོགས་འགན་ཁུར་འཕེར་ངེས། །

    གྲོས་ཚོགས་དོན་ལྡན་སྨོན་ལགས། །

  3. སེམས་ཤུགས། says:
    2010-03-10 at 1:25 pm

    འཇུ་ཆེན་འཇོན་པོ་ཡོད་ན།། རྗེས་མའི་བཀའ་ཁྲིར་ཕེབས་དང་།། ཟམ་གདོང་བླ་མའི་ནོར་འཁྲུལ།། ཡོ་བསྲང་བྱེད་པའི་སྐབས་ཡོད།། སྨོན་ལམ་ལོག་པའི་འཇུ་ཆེན་ཐུབ་བསྟན་ལགས།། ན་སོ་རྒས་ཀྱང་སེམས་རྒོད་མ་ཐུལ་བར།། རྒྱལ་བའི་བཀའ་དང་ཟམ་གདོང་བླ་མའི་བར།། དཀྲུག་ཤིང་བྱས་པའི་སྡིག་ཉེས་ཇི་ལྟར་འདག། ཤི་རྒྱུ་མེད་པའི་འཇུ་ཆེན། འཇུ་རྟའི་ཡུ་བར་འཁོན་འདུག། གཏི་མུག་ཅན་གྱི་བུ་མོ། གྲོས་ཚོགས་གྲོས་མཐར་ལུས་འདུག།

  4. བཀྲིས། says:
    2010-03-11 at 8:08 am

    རྒད་པོ་འཇུ་ཆེན་ལགས་ལ་དེ་འདྲའི་ཁ་བརྡུངས་གཏོང་མི་རུང་སྙམ། ཁོང་ལའང་འགན་འཁུར་གྱི་བསམ་པ་དྲག་པོ་ཞིག་ཡོད་སྟབས་རྒྱུན་དུ་མི་མཐུན་པའི་དགོངས་ཚུལ་རེ་བཏོན་པ་ཡིན་ངེས། དེ་ལས་གལ་ཆེ་བ་ནི་རྒྱལ་བའི་བཀའ་དགོངས་བཞིན་ཕན་ཚུན་གྱི་བློ་དྭོགས་བགྲོ་གླེང་གིས་སེལ་དགོས་དེ་རེད། ཡིན་ནའང་། ངས་གནས་ཚུལ་འདིའི་རྒྱབ་ན་ད་དུང་སྦས་ཡོད་པའི་གསང་འདྲ་ཡོད་ན་མི་ཤེས་པས། བསམ་ཚུལ་འདྲ་ཆགས་པོ་དང་གནད་ལ་ཐིག་པ་ཞིག་རེ་ཞིག་མི་དྲན་པས་འདིར་བཞག་གོ

  5. མིག་དམར་རྡོ་རྗེ། says:
    2010-03-12 at 1:57 pm

    བཟང་ངན་དབྱེ་བ་མ་ཆོད་ན་དུད་འགྲོ་ལས་ཀྱང་ལོད། གནས་ཚུལ་འདིའི་རྒྱབ་ན་ད་དུང་སྦས་ཡོད་པའི་གསང་འདྲ་ཡོད་ན་མི་ཤེས། ཟེར་བ་བོད་སྟན་པ་ཆབ་སྲིད་ལ་ཕན་པའི་གསང་བ་འདྲ་སྦས་ཡོད་ན་ལུགས་མཐུན་གྱིས་འདོན་དགོས་པ་ལས་ལམ་ཀྱོག་འགྲིམས་དོན་ཨེ་ཡོད། དཔེར་ན། མི་ནད་ཚབས་ཆེན་ཕོག་པ་ཞིག་ལ་དགོས་པའི་སྨན་དེ་ཡོད་པའི་མི་ཞིག་ཡོད་པ་དང་དེས་སྨན་དེ་མ་སྤྲད་པར་ཡོད་མདོག་མདོག་བྱས་ན་མི་དེའི་ཀུན་སློང་ག་འདྲ་ཞིག་རེད། དེ་ལ་བསམ་བློ་ཐོང་དང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme