Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉི་ཧོང་གི་གསར་ཁང་གཉིས་ཀྱི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་བ།

Posted on 2015-04-092015-04-09 By ཁ་བརྡ No Comments on ཉི་ཧོང་གི་གསར་ཁང་གཉིས་ཀྱི་གསར་འགོད་པའི་དྲི་བར་བཀའ་ལན་སྩལ་བ།

ཡོང་ཁུངས། ༧རྒྱལ་བ་རིན་པོ་ཆེའི་དྲ་བ།

 
2015-04-08-Gifu-G05 123༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༨ ཉིན་ཞོགས་པར་ཉི་ཧོང་གི་Asahi Shimbun གསར་ཤོག་གི་གསར་འགོད་པ་དེ་ཙུའོ་ཀོ་རྒུ་རེ་Tetsuo Kogure དང་ཀེན་ཏཱ་རོ་ཨེས་སོ་མུ་ར་ Kentaro Isomura གཉིས། དེ་བཞིན་  Live Viewing Japan གྱི་གསར་འགོད་པ་མའ་ཁེ་ཨོ་ས་ན་ཡེ་Maki Osanai བཅས་གསར་ཁང་གཉིས་ཀྱི་གསར་འགོད་པར་མཇལ་འཕྲད་གནང་ཡོད་པ་རེད།

སྐབས་དེར་གསར་འགོད་པས་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་ལོ་ངོ་༢༥ ལྷག་ཕྱིན་པའི་རིང་ལ་འཛམ་གླིང་ནང་འཇིགས་སྐུལ་རིང་ལུགས་པ་སྔར་ལས་མང་རུ་ཕྱིན་ཡོད་པ་དེ་ལ་གཟིགས་ཚུལ་ཅི་ཞིག་ཡོད། ཅེས་བཀའ་འདྲི་ཞུས་པར། བྷར་ལན་གྱི་རྩིག་གྱང་ Berlin Wall ཞིག་པའི་རྗེས་ལ་སུའུ་ལན་ཡང་འཐོར་ཞིག་ཏུ་གྱུར་ཏེ་ཨུ་རུ་སུ་ཕྱོགས་གཏོགས་ཀྱི་དམག་དཔུང་མཇལ་ལྟར་ཡལ་བ་རེད། ཨུ་རུ་སུའི་ཕྱོགས་གཏོགས་ཀྱི་རྒྱལ་ཁབ་ཁ་ཤས་མང་གཙོར་འགྱུར་བ་དང་།  དེ་ལ་བརྟེན་ནས་རྡུལ་ཕྲན་མཚོན་ཆའི་འཇིགས་པ་མེད་པ་ཆགས་ནས་འཛམ་གླིང་འདིར་སྔོན་མ་ལས་འཇིགས་སྣང་ཆུང་རུ་ཕྱིན། འཇིགས་སྐུལ་རིང་ལུགས་ཀྱི་ལས་འགུལ་ནི་ཚབས་ཆེན་པོ་ཞིག་ཏན་ཏན་བྱུང་ཡོད། ཡིན་ནའང་། རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་བའི་ཉེན་ཁ་ལས་ཉེན་ཁ་ཆུང་བ་ཆགས་ཡོད། བློ་ཕམ་པ་ཞིག་ལ་འཇིགས་སྐུལ་རིང་ལུགས་དེ་ཆོས་དང་འབྲེལ་ནས་ཡོང་གི་ཡོད་པ་ཞིག་ཆགས་ཀྱི་འདུག དེར་བརྟེན་ཁོ་ཚོར་འབྲེལ་བ་བྱེད་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས།

 

ཆོས་ལུགས་ཚང་མས་མི་ས་ཡ་མང་པོར་སྔར་ཡང་སེམས་གསོ་ཐུབ་ཡོད་ལ་མ་འོངས་པར་ཕན་གྱི་རེད། འཛམ་བུ་གླིང་ལ་ཆོས་ལུགས་སྣ་མང་དང་། བདེན་པ་དུ་མ་ཡོད་པར་ངོས་ལེན་ཐུབ་པ་དགོས། ༩།༡༡ གྱི་དོན་རྐྱེན་རྗེས་ལ་སྐབས་དེའི་ཨ་རིའི་སྲིད་འཛིན་བྷུ་ཤུ་ལ་ངོས་ཀྱིས་ཐུགས་གསོའི་འཕྲིན་ཡིག་ཅིག་ཕུལ་བའི་ནང་། དེ་རིང་བྱུང་བའི་དོན་རྐྱེན་འདི་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་གཅོག་ཐུབ་པའི་རེ་བ་ཡོད། ཅེས་ཞུས་ཡོད།  དེ་དུས་ངོས་ཀྱི་བསམ་པར་བྷེན་ལཱ་ཏན་གཅིག་མ་གཏོགས་མེད་པ་དེ་ལ་དྲག་པོས་ཁ་གཏད་བཅག་པ་ཡིན་ན། བྷེན་ལཱ་ཏན་གཅིག་ནས་བཅུ་དང་བཅུ་ནས་བརྒྱ་ལ་འཕེལ་བའི་ཉེན་ཁ་འདུག་སྙམ་པའི་སེམས་འཚབ་བྱུང་། དྲག་པོའི་ཐབས་ལམ་བེད་སྤྱོད་བཏང་བ་ཡིན་ན་དྲག་ལས་ཀྱི་ལན་ལ་དྲག་ལས་ཡོང་གི་རེད། དེར་བརྟེན་འཇིགས་སྐུལ་རིང་ལུགས་པ་ཚོའང་མི་ཡིན་པས་གྲོས་མོལ་གྱི་ཐབས་ཤེས་ཤིག་བཙལ་རྒྱུར་བསམ་བློ་འཁོར་དགོས། ཞེས་བཀའ་གནང་བ་དང་། གསར་འགོད་པ་ཚོས་ཁོ་ཚོའི་མཉམ་དུ་གྲོས་མོལ་གྱི་སྒོ་ཕྱེས་རྒྱུ་ཧ་ཅང་ཁག་པོ་ཞིག་ཆགས་ཀྱི་ཡོད་པ་རེད་ཅེས་ཞུས་པར། ༧གོང་ས་མཆོག་གིས་མོས་མཐུན་དང་འབྲེལ། ཡིན་ཡང་། མཁྲེགས་བཟུང་བྱེད་མཁན་རེ་ཟུང་ལ་གཡོ་འགུལ་རྒྱག་མི་ཐུབ་ཀྱང་། ཁོ་ཚོས་ངོས་ལེན་ཡོད་པའི་མི་འགྲོ་བརྒྱུད་ད་ལྟའི་ཁོ་ཚོའི་བྱ་སྤྱོད་ལས་ཕན་རླབས་ཆེ་བའི་ཐབས་ལམ་འཚམ་པོ་རེ་བཏོན་པ་ཡིན་ན་ཏན་ཏན་གྲོས་མོལ་གྱི་སྒོ་ཕྱེས་པར་མོས་མཐུན་བྱེད་མཁན་ཡོང་སྲིད་ཀྱི་རེད།  འཇོར་རྡན་རྒྱལ་ཁབ་ཀྱི་ཁ་ཆེ་ཚོའི་ནང་ཤེས་ཡོན་ཅན་དང་། འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ལ་མཁྱེན་རྒྱ་ཆེ་བ་ཡོད་མཁན།  དེ་བཞིན་རྒྱ་གར་དུའང་ཆོས་ལུགས་སྣ་མང་གི་སྤྱི་ཚོགས་ནང་གནས་ཐུབ་པའི་གོམས་གཤིས་ཡོད་མཁན་གྱི་ཁ་ཆེ་མང་པོར་ངོས་ཀྱིས་ཐུག་འཕྲད་བྱས་མྱོང་། ཁོང་ཚོས་ཤུགས་རྒྱབ་པ་ཡིན་ན་ཤུགས་རྐྱེན་བཟང་པོ་ཐེབས་སྲིད་ཀྱི་རེད། ད་ལྟའི་དཀའ་ངལ་སེལ་བའི་ཐབས་ལམ་འདི་གཅིག་པུ་རེད། འགད་རྫས་གཡུགས་རྐྱང་བྱས་པས་ཕན་ཐོགས་མེད། ཅེས་དང་།

 

ཡང་གསར་འགོད་པས། སྨྲ་བརྗོད་རང་དབང་དང་ཆོས་ལུགས་རང་དབང་གི་དབར་དུ་ལྕི་ཡང་མ་ཤོར་བའི་ཐབས་ལམ་ཅི་ལྟར་འཚོལ་དགོས་སམ། ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། རང་དབང་ཞེས་པ་ནི་མི་བསད་ཆོག་པའི་དོན་དག་མིན། ངོས་ཀྱི་གྲོགས་པོ་རྒྱ་གར་བ་ཁ་ཆེ་ཞིག་གིས། གལ་སྲིད་ཁ་ཆེ་ཞིག་མི་གསོད་ཁྲག་སྦྱོར་གྱི་ལས་ལ་ཞུགས་པ་ཡིན་ན། དེ་ནས་བཟུང་ཁོ་ཁ་ཆེ་ཆོས་ལུགས་པ་མ་ཡིན་པར་གྱུར་བ་རེད་ཅེས་བཤད་མྱོང་། དེ་བཞིན་དུ་དེང་སང་ཆོས་དམག་ Jihad ཅེས་པའི་ཐ་སྙད་དེ་ལ་གོ་བ་ལོག་སྒྲུབ་ཡང་ནས་ཡང་འབྱུང་གིན་པའི་སྐོར་ངོས་ཀྱི་གྲོགས་པོ་ཁ་ཆེ་ཁག་གིས་གསུངས་བྱུང་།  ཆོས་དམག་ཅེས་པ་ནི་མི་གཞན་ལ་གནོད་པ་བསྐྱལ་བའི་དོན་མིན་པར་རང་རྒྱུད་ཀྱི་ཉོན་མོངས་ལ་འཐབ་རྒོལ་བྱས་པའི་དོན་ཡིན། དོན་དག་འདིའི་ངོས་ནས་བལྟས་པ་ཡིན་ན་ཆོས་ལུགས་ཚང་མའི་ནང་དུ་ཆོས་དམག་ཅེས་པའི་དོན་ཡོད་པ་རེད།

 

སྨྲ་བརྗོད་རང་དབང་གལ་ཆེན་པོ་རེད། འོན་ཀྱང་། དེ་བཟང་ཕྱོགས་ཀྱི་ཐོག་ནས་ལག་ལེན་བྱེད་དགོས་པ་རེད། རྩ་བའི་མིའི་རང་བཞིན་འཇམ་པོ་ཡིན་པ་དང་། མི་ལ་ཡོད་པའི་རྣམ་དཔྱོད་བཟང་ཕྱོགས་སུ་བཀོལ་ཐུབ་ཀྱི་ཡོད་པའི་ངོས་འཛིན་གཞི་ལ་བཞག་པའི་ཐོག་ནས་སྨྲ་བརྗོད་རང་དབང་ཞེས་པ་བྱུང་བ་རེད། ཅེས་དང་།

 

འཚེ་བའི་ལས་དངོས་སུ་བརྩམས་པ་དང་བརྩམ་རྒྱུའི་ཉེན་ཁ་ཡོད་པའི་ས་གནས་སུ་རང་དབང་ལྡན་པའི་སྡེ་ཚན་ཁག་གིས་ཐེ་གཏོགས་བྱ་རྒྱུའི་སྐོར་ལ་བཀའ་འདྲི་ཞུས་པར་བཀའ་ལན་ཕེབས་དོན། དབྱི་རག་གི་རྙོག་ཟིང་འབྱུང་ལ་ཉེ་བའི་སྐབས་སུ་ནོ་བྷེལ་ཞི་བདེའི་རྟགས་གཟེངས་བཞེས་མཁན་གྱི་མི་སྣ་ཁག་དབྱི་རག་གི་རྒྱལ་ས་བྷག་རྡ་རྡུ་Bagdad ལ་ཕྱིན་ཏེ་སཱ་རྡམ་ཧུ་སེན་ Saddam Hussein ལ་འབྲེལ་བ་བྱ་རྒྱུའི་བཀའ་མོལ་བྱུང་སོང་། དེ་དུས་ཕར་སོང་ནས་སཱ་རྡམ་ཧུ་སེན་ཁོ་རང་ཤི་འདོད་མེད་པ་དང་། ཁོ་རང་གི་རྒྱལ་ཁབ་ལ་གཞན་གྱིས་བཙན་འཛུལ་བྱ་འཇུག་འདོད་མེད་པ་ལྟ་བུའི་གྲོས་མོལ་གྱི་མགོ་བསླངས་རྒྱུ་བྱས་པ་རེད། དེ་བཞིན་ཞི་བདེའི་གཟེངས་རྟགས་བཞེས་མཁན་མཉམ་རུབ་ཀྱི་ཐོག་ནས་སུ་རུ་ཡ་རུ་ཕྱིན་ཏེ་ཕྱོགས་གཉིས་ཀར་ཐུག་འཕྲད་ཀྱིས་ཁྱོད་ཚོའི་དམིགས་ཡུལ་དངོས་མ་གང་ཡིན་ནམ། ཁྱོད་ཚོ་དངོས་གནས་ཁ་ཆེའི་ཆོས་ལ་དད་ཞེན་ཡོད་དམ། ཁྱོད་ཚོ་ཁ་ཆེའི་ཆོས་ལུགས་ཀྱི་མཚན་མཐོང་ལ་རྒྱ་ལ་སེམས་འཚབ་མེད་དམ། ཞེས་སོགས་འདྲི་རྒྱུའི་གོ་སྐབས་ད་ལྟའང་ཡོད་པ་རེད།

 

ད་ཆའང་རྩོད་རྙོག་ཡོད་སའི་འཛམ་གླིང་ས་ཆ་གཞན་དང་གཞན་དུ་བར་བཞུགས་ཀྱིས་འདུམ་སྒྲིག་བྱས་པ་ཡིན་ན་བྱེད་ཐུབ་པའང་ཡོད་པ་རེད། ཅེས་འབར་མའི་ནང་པ་དང་ཁ་ཆེའི་དབར་གྱི་རྩོད་རྙོག་སྐོར་གསུངས་པ་དང་། འབར་མའི་ནང་པ་ཚོར་ཁྱོད་ཚོ་རྙོག་གྲ་བཟོ་མཁན་གྲས་ཡིན་ཚེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་རས་ཡིད་ལ་འཁོར་བ་བྱེད་རོགས་ཞེས་འབོད་སྐུལ་ཞུས་ཡོད་པའི་སྐོར་དང་། གལ་སྲིད་སངས་རྒྱས་བཅོམ་ལྡན་འདས་དངོས་སུ་རྙོག་གྲ་ཡོད་སའི་ས་ཆ་དེ་དག་ཏུ་ཕེབས་པ་ཡིན་ན་ཏན་ཏན་འབར་མའི་ནང་གི་ཁ་ཆེ་ཚོར་སྲུང་སྐྱོབ་གནང་གི་རེད་བསམ། ཞེས་སོགས་བཀའ་ལན་སྩལ་བ་དང་།

 

གཞན། དབུས་བོད་མིའི་སྒྲིག་འཛུགས་དང་རྒྱ་ནག་གཞུང་དབར་འབྲེལ་མོལ་གྱི་གྲུབ་འབྲས་ཅི་འདྲ་ཞིག་ཡིན་ནམ། ཞེས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས་བཀའ་ལན་གནང་དོན། ཐད་ཀའི་འབྲེལ་བ་ཕྱི་ལོ་ ༡༩༧༩ ལོར་ཐོག་མར་ཆགས་པ་དང་། ཕྱི་ལོ་ ༡༩༩༣ ལ་འབྲེལ་བ་བསྐྱར་མཐུད་བྱུང་བ་རེད། ཡིན་ནའང་། ད་ལྟའི་བར་དུ་གྲུབ་འབྲས་ཡང་སྙིང་རྡོག་རྡོག་ཅིག་ཐོན་ཡོད་པ་མ་རེད། འཛམ་གླིང་ཡོངས་ནས་ང་ཚོས་རང་བཙན་རྩོད་ལེན་བྱེད་ཀྱི་མེད་པ་ཤེས་ཀྱི་ཡོད་ཀྱང་། རྒྱ་ནག་དཔོན་རིགས་གྲས་ཀྱི་མཁྲེགས་བཟུང་ཅན་དེ་དག་གིས་ད་དུང་ཡང་ང་ཚོ་བོད་རྒྱ་ཁ་བྲལ་གཏོང་བའི་འདུན་པ་འཁྱེར་མཁན་ཁ་བྲལ་རིང་ལུགས་པ་རེད་ཅེས་ཨུ་ཚུགས་ཀྱིས་བརྗོད་ཀྱི་ཡོད། ཞིས་ཅིན་ཕིན་ནི་རྒྱ་ནག་གི་དཔོན་རིགས་གཞན་དག་ལས་དངོས་ཡོད་དང་མཐུན་པའི་ལས་ཀ་བྱེད་མཁན་ལྟ་བུ་ཞིག་འདུག ཁོང་གིས་ལྐོག་བཟའ་རུལ་སུངས་ལ་ཁ་གཏད་གཅོག་པའི་འབད་བརྩོན་ནི་བསམ་པ་རྣམ་དག་གིས་བྱེད་པ་ལྟ་བུ་འདུག  བར་སྐབས་ནས་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་དུ་བོད་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ཅེས་སོགས་བཀའ་ལན་སྩལ་ཡོད་པ་རེད།

བཅར་འདྲི།

Post navigation

Previous Post: རྒྱལ་དབང་ཀརྨ་པ་མཆོག་གིས་དྲིས་ལན་གནང་བ།
Next Post: གསེར་གྱི་གྱ་སྟོན། (གཞས་ཚིག ༡)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme