Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧གོང་ས་མཆོག་གོ་ལའི་ཁོར་ཡུག་གླེང་སྟེགས་སུ་ཕེབས་པ།

Posted on 2015-04-072015-04-07 By ཁ་བརྡ 1 Comment on ༧གོང་ས་མཆོག་གོ་ལའི་ཁོར་ཡུག་གླེང་སྟེགས་སུ་ཕེབས་པ།

ཡོང་ཁུངས། རྒྱལ་བ་རིན་པོ་ཆེ་དྲ་ཚིགས།

2015-04-06-Tokyo-G08 copy

མི་ཐོག་རྗེས་མར་དམིགས་པའི་གོ་ལའི་ཁོར་ཡུག་གླེང་སྟེགས་ལ་ལྷན་བཞུགས་གནང་བ།

ཕྱི་ལོ་༢༠༡༥ ཟླ་༤ ཚེས་༦ ཉིན་གྱི་ཞོགས་པ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་མཇལ་འཕྲད་གནང་སྟེ། ཕན་ཚུན་གཉིས་མོས་ཡོད་པ་དང་། ཐུགས་འཚབ་ཡོད་པའི་གནད་དོན་ཐད་ལ་བགྲོ་གླེང་གནང་བ་དང་། དེ་རྗེས་མི་ཐོག་རྗེས་མར་དམིགས་པའི་གོ་ལའི་ཁོར་ཡུག་གླེང་སྟེགས་ལ་ལྷན་བཞུགས་གནང་ཡོད་པ་རེད།

ཉིན་རྒྱབ་ཡོ་མིའུ་རི་ཚོགས་ཁང་Yomiuri Hall ཞེས་པར་མི་གྲངས་ ༡༡༠༠ ལྷན་འཛོམས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཟབ་རྒྱས་ཞུས་པ་དང་། ངོ་སྤྲོད་གནང་མཁན་གྱིས་༧གོང་ས་མཆོག་ངོ་སྤྲོད་ཞུས་རྗེས་མི་ཐོག་རྗེས་མར་དམིགས་པའི་གོ་ལའི་ཁོར་ཡུག་གླེང་སྟེགས་སུ་བཀའ་སློབ་གསུང་བཤད་སྩལ་དོན། སྤུན་ཟླ་ཕོ་མོ་ལྷན་རྒྱས་ལགས། དེ་རིང་སླར་ཡང་ཁྱོད་རང་ཚོར་མཇལ་བ་དང་ལྷག་པར་དུ་གྲོགས་པོ་རྙིང་བ་མང་དག་ཅིག་མཇལ་བ་དགའ་སྤྲོ་བྱུང་། ཕན་ཚུན་ངོ་ཤེས་དང་གྲོགས་པོ་ཆགས་པ་ཡིན་ན་མི་ཚེ་གང་བོར་ངོ་ཤེས་དང་གྲོགས་པོར་བརྩིས་ནས་འདུག་རྒྱུ་ང་ཚོའི་ལུགས་སྲོལ་རེད་ལ། ཁྱོད་རང་ཚོའི་ལུགས་སྲོལ་ཡང་ཡིན་རྒྱུ་རེད། ཁྱོད་རང་ཚོ་མང་པོ་ཞིག་དེ་རིང་སླར་ཡང་ཐུག་པར་སེམས་གཏིང་ནས་དགའ་སྤྲོ་བྱུང་།

2015-04-06-Tokyo-G11 copy

དེ་རིང་གི་བརྗོད་གཞི་ནི་ཁོར་ཡུག་གི་སྐོར་རེད། དེ་ནི་ངོས་ཀྱིས་ད་དུང་སློབ་སྦྱོང་བྱེད་བཞིན་པའི་བརྗོད་གཞི་ཞིག་རེད། ངོས་རང་ཐོག་མར་རྒྱ་གར་ལ་སླེབས་པའི་སྐབས་ལ་ཁོར་ཡུག་ཅི་ཙམ་གྱིས་གལ་ཆེན་པོ་ཡིན་པ་དེ་ཙམ་ཤེས་ཀྱི་མེད། ཡིན་ནའང་། རིམ་པས་ཤེས་རྟོགས་བྱུང་། འཛམ་གླིང་གི་མི་འབོར་འཕར་བཞིན་པ་དེས་ཁོར་ཡུག་ལ་རྐྱེན་གཅིག་བྱེད་ཀྱིན་ཡོད། ད་ལྟ་མི་འབོར་དུང་ཕྱུར་༧༠ ཡོད་པ་དང་། ཁ་ཤས་ཀྱིས་བརྒྱ་ཕྲག་འདིའི་མཐའ་མཇུག་ལ་སླེབས་དུས་དུང་ཕྱུར་ ༡༠༠ ལ་འཕར་རྒྱུ་ཡིན་པར་བཤད་ཀྱིན་ཡོད། ད་ལྟའི་སྐབས་ལ་མི་མང་པོ་ཞིག་དབུལ་ཕོངས་ཉམ་ཐག་གིས་འཚོ་བསྡད་ཡོད་པས་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་དེ་ཆུང་རུ་བཏང་སྟེ་གང་ཐུབ་ཀྱིས་སྙོམས་དགོས།

འགྱུར་ལྡོག་མྱུར་བའི་གནམ་གཤིས་དང་ཇེ་མང་དུ་འགྱུར་བར་སྣང་བའི་རང་བྱུང་ཁམས་ཀྱི་གནས་ཚུལ་དེའང་གནད་དོན་གཅིག་ཆགས་ཡོད། ང་ཚོས་རང་བྱུང་ཁམས་དང་ཁོར་ཡུག་ལ་གཅེས་སྐྱོང་བྱེད་རྒྱུ་དེ་འགྲོ་བ་མིའི་འཚོ་གནས་ལ་ཐུག་པའི་གནད་དོན་ཛ་དྲག་ཅིག་ཡོད། ང་ཚོ་གནས་སའི་ཁྱིམ་ནི་འཛམ་བུ་གླིང་འདི་མ་གཏོགས་ཡོད་པ་མ་རེད། དེར་བརྟེན་སྣོད་བཅུད་རྟེན་འབྱུང་ཐོག་ལ་བསམ་བློ་དོ་ནན་ཏུ་གཏོང་དགོས། སྤྱིར་བཏང་གནམ་གཤིས་ཀྱི་འགྱུར་བ་ནི་རང་བཞིན་གྱིས་ཡོང་བ་ཞིག་ཡིན་ཡང་། ཉེ་བའི་འཆར་འགྱུར་བ་དང་མྱུར་ཚད། ཁྱབ་ཚད་བཅས་ནི་འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་ཡོང་བཞིན་པ་ར་འཕྲོད་ཀྱི་ཡོད་པས་ང་ཚོས་དེའི་སྐོར་ལ་སློབ་སྦྱོང་མང་པོ་བྱས་ཏེ་དཀའ་ངལ་སེལ་ཐབས་གང་ཡོད་པ་ཤེས་པ་བྱེད་དགོས།

འཛམ་གླིང་གནམ་གཤིས་ཀྱི་འགྱུར་བ་དང་ཁོར་ཡུག་ལ་དོ་ཕོག་བཏང་བ་གཉིས་དམག་འཁྲུག་དང་འཚེ་བའི་ལས་ལ་བསྡུར་བ་ཡིན་ན་འཚེ་བའི་ལས་ཀྱིས་རྐྱེན་བྱས་པའི་འབྲས་བུ་མགྱོགས་པོ་མཐོང་རྒྱུ་ཡོད་ཀྱང་། ཁོར་ཡུག་ལ་དོ་ཕོག་འགྲོ་བ་དེ་འཇབ་ནས་ཡོང་ཏེ་དོ་སྣང་སླེབས་པའི་སྐབས་ལ་ཧ་ཅང་འཕྱི་དྲག་པ་མང་པོ་ཡོང་གི་ཡོད། དེ་དུས་བསྐྱར་གསོ་བྱེད་རྒྱུ་ཧ་ཅང་ཁག་པོའི་གནས་སྟངས་ཐོག་སླེབས་བསྡད་ཡོད། དེར་བརྟེན་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཆུང་ས་ཞིག་ལ་ཡིན་ནའང་མི་ཚེའི་ཆ་ཤས་ཤིག་ལ་བརྩིས་ཏེ་ལག་ལེན་བྱེད་དགོས། དེ་ནི་དཔེར་ན་ཁང་པ་ནས་ཕྱིར་ཐོན་འགྲོ་དུས་གློག་གསོད་རྒྱུ་དྲན་པ་མི་བརྗེད་པ་ལྟར་བྱེད་དགོས། ཞེས་དང་།

2015-04-06-Tokyo-G05 copy

ཡང་༧གོང་ས་མཆོག་གིས། ང་ཚོའི་ངོས་ནས་མི་སྐྱོ་པོ་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་འགྲོ་བ་དང་མཐུན་རྐྱེན་ལོངས་སྤྱོད་ཀྱི་རིགས་གང་ཐུབ་ཀྱིས་ཆ་སྙོམས་ཡོང་བའི་ཆེད་དུ་ད་ལྟའི་མི་ཚེའི་བསྐྱལ་སྟངས་ལ་བསྐྱར་དུ་བསམ་བློ་གཏོང་དགོས་ཞེས་དགོངས་འཆར་དང་འབྲེལ། ད་ལྟ་རྒྱལ་ཁབ་ཁག་གིས་དངུལ་འབོར་ཧ་ཅང་ཕོན་ཆེན་གོ་ལག་གི་ཐོག་ཏུ་གཏོང་བཞིན་ཡོད་ཀྱང་། དམག་རྒྱག་འདོད་སུ་གཅིག་ལའང་མེད་པ་རེད། དམག་རྒྱག་པ་ནི་མི་གསོད་ཁྲག་སྦྱོར་གྱི་ལས་ཀ་ཡིན་པས། དམག་རྒྱག་པ་ནི་མེ་ནང་བཞིན་མི་རྣམས་འབུད་ཤིང་ལྟ་བུ་ཆགས་ཀྱི་ཡོད། དེ་ལྟ་བུའི་མེ་ཡིས་ང་ཚོ་ཚང་མ་བསྲེག་པར་བྱེད་ཐུབ་པ་རེད། རྩ་བའི་དམག་འཁྲུག་ཅེས་པ་ནི་མིའི་ལོ་རྒྱུས་ཀྱི་ཆ་ཤས་སུ་གྱུར་ཡོད། དམག་རྒྱག་པའི་ཀུན་སློང་ནི་ང་ཚོའི་རྒྱལ་ཁབ་དང་ང་ཚོའི་མི། ང་ཚོ་དང་ཁོ་ཚོ་ཞེས་པའི་བསམ་བློའི་རིས་གཅོད་ཀྱིས་སློང་གི་ཡོད་ཀྱང་། དེང་སང་གི་གོ་ལ་རིལ་བོའི་སྤྱི་ཚོགས་ཀྱི་ནང་དུ་འབྲེལ་མེད་ཆགས་ཡོང་གི་ཡོད། འགྲོ་བ་མི་ཚང་མ་སོ་སོ་ནང་བཞིན་བདེ་སྐྱིད་འདོད་མཁན་ཡིན་པ་བསམ་བློ་གཏོང་དགོས་པ་དང་། ང་ཚོའི་མ་འོངས་པའི་མདུན་ལམ་དེ་གཞན་ལ་བརྟེན་ནས་ཡོང་དགོས་པ་དང་། གཞན་ཚོའི་མདུན་ལམ་ཡང་ང་ཚོ་ལ་བརྟེན་ནས་ཡོང་དགོས།

ཉི་ཧོང་ནི་རྡུལ་ཕྲན་མཚོན་ཆའི་གནོད་སྐྱོན་ཐེབས་མྱོང་བའི་རྒྱལ་ཁབ་གཅིག་པུ་དེ་ཆགས་ཡོད་པས། ཉི་ཧོང་གི་ངོས་ནས་རྡུལ་ཕྲན་མཚོན་ཆ་ལ་ངོ་རྒོལ་བྱེད་པར་སྣེ་ཁྲིད་བྱས་ཡོད་པ་རེད། རོམ་ཏུ་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་ཚོགས་འདུའི་སྐབས་སུ་ཚོགས་བཅར་བ་ཁ་ཤས་ཀྱིས་གལ་སྲིད་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བཏང་བ་ཡིན་ན་དེའི་གནོད་སྐྱོན་ནི་འཛམ་གླིང་གི་གནམ་གཤིས་ཀྱི་འགྱུར་ལྡོག་ཧ་ཅང་མྱུར་པོའི་ངང་གྲང་ཚད་ཤིན་ཏུ་དམའ་མོར་བབས་ཏེ་རྡུལ་ཕྲན་མཚོན་ཆས་རྐྱེན་བྱས་ཏེ་རྡུལ་ཕྲན་གྱི་དགུན་ཁ་ཤར་རྒྱུ་ཡིན་པར་གསུངས་སོང་། དེ་དུས་གྲོས་འཆར་གཅིག་ལ་རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱེད་དགོས་ཞེས་འབོད་སྒྲ་བསྒྲགས་པ་ཙམ་མ་ཡིན་པར་དུས་ཚོད་ངེས་ཅན་ཞིག་གི་ནང་རྡུལ་ཕྲན་མཚོན་ཆ་ཡོད་མཁན་ཚོ་ལ་གནོད་ཤུགས་སྤྲད་དེ་མེད་པ་བཟོ་དགོས་པར་གྲོས་ཆོད་ཅིག་བཞག་པ་རེད། ཉི་ཧོང་པ་ཚོའི་ངོས་ནས་ཀྱང་རྡུལ་ཕྲན་མཚོན་ཆ་བཀག་འགོག་བྱེད་བཞིན་པར་ངོས་ཀྱི་རྒྱབ་སྐྱོར་ཡོད་ལ། ད་དུང་མུ་མཐུད་ནས་བཀག་འགོག་བྱེད་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་བཀའ་སློབ་གནང་།

དེ་རྗེས་ཀྲོག་ཀྱོའི་གཙུག་ལག་མཐོ་རིམ་སློབ་གྲྭའི་ Tokyo University སློབ་དཔོན་ཡ་མ་མོ་ཐོ་ Ryuichi Yamamoto ལགས་ཀྱིས་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་གནོད་འཚེ་སྐོར་ལ་གསུང་བཤད་གནང་བ་དང་། དེ་ནས་ཡོ་ཁོ་ཧ་མ་གཙུག་ལག་མཐོ་རིམ་སློབ་གྲྭའི་Yokohama University སློབ་དཔོན་ཆེན་མོ་ཨ་ཁི་ར་མེ་ཡ་ཝ་ཁི་ Akira Miyawaki ལགས་ཀྱིས་གསུང་བཤད་གནང་ཞིང་། ཁོང་ནི་ཤིང་སྣ་འདེབས་འཛུགས་ལག་ལེན་བསྟར་མཁན་ཞིག་དང་། ད་ལྟའི་བར་དུ་ཤིང་སྣ་ས་ཡ་བཞི་བཅུ་ཐམ་པ་འདེབས་འཛུགས་བྱས་ཡོད་ཅིང་། དེ་དག་ནི་འགྲོ་བ་མིའི་རིགས་སྲུང་སྐྱོབ་ཀྱི་ཆེད་དུ་གནང་བཞིན་པ་ཞིག་ཡིན་པ་རེད། གོང་གི་གསུང་བཤད་དེ་གྲུབ་རྗེས་༧གོང་ས་མཆོག་ལ་དགོངས་འཆར་ཞུ་སྐབས་སློབ་དཔོན་ཆེན་མོ་མེ་ཡ་ཝ་ཁི་ལགས་ཀྱིས་ཤིང་སྣ་འདེབས་འཛུགས་གནང་བ་དེས་ངོས་རང་ཨོ་སི་ཁྲི་ལི་ཡར་རྒྱ་མཚོའི་མཐའ་ནས་སྐམ་སའི་ནང་རིམ་བཞིན་ཤིང་སྣ་འདེབས་འཛུགས་བྱས་པ་ཡིན་ན་ས་ཆའི་ཐོན་བསྐྱེད་ཡག་རུ་འགྲོ་ཐུབ་པའི་བསམ་ཚུལ་བཏོན་པ་དྲན་གསོ་བཏང་བྱུང་། ཞེས་གསུངས་པ་དང་། དེ་ནས་ཨ་ཧྥེ་རི་ཁའི་བྱང་བརྒྱུད་ཀྱི་ས་ཧ་ར་བྱེ་ཐང་དུ་ཉི་འོད་ཀྱི་ནུས་པས་གློག་བསྐྲུན་པའི་འཕྲུལ་ཆས་གཞི་རྒྱ་ཆེན་པོ་ཞིག་བཟོས་ཏེ་རྒྱ་མཚོའི་ཆུ་དྭངས་གཙང་གི་ཆུ་ལ་བསྒྱུར་བ་དང་། ཆུ་དེ་བེད་སྤྱོད་བཏང་ནས་ས་ཧ་ར་བྱེ་ཐང་ཆེན་མོ་རིམ་བཞིན་སྔོ་ལྗང་ལྡན་པ་ཞིག་ཏུ་བཟོ་ཐུབ་པ་བྱས་ཏེ། མི་ས་ཡ་མང་པོར་ལོ་ཏོག་རིགས་ཀྱི་ཞིང་ལས་བྱེད་ཐུབ་པ་བཟོ་རྒྱུའི་སྐོར་དགོངས་འཆར་གནང་།

དེ་ནས་ཡང་། ངོས་ཀྱི་གྲོགས་པོ་རྒྱ་གར་བ་སུན་རྡར་ལལ་བྷ་ཧོ་གྷུ་ན་ལགས་ནས་ངོས་རང་གང་དུ་ཕྱིན་པ་ཡིན་ནའང་མི་རྣམས་ལ་ཤིང་སྣ་འདེབས་འཛུགས་གལ་ཆེན་ཡིན་པའི་སྐོར་གསུངས་རོགས་ཞེས་འབོད་སྐུལ་གནང་བ་བཞིིན་ངོས་ནས་ཀྱང་དེ་བཞིན་བྱེད་ཀྱིན་ཡོད། དེ་རིང་འདིར་ཡང་ཁྱོད་ཚོར་འབོད་སྐུལ་ཞུ་རྒྱུ་ཡིན།

2015-04-06-Tokyo-G10 copy

ཁོར་ཡུག་བདག་གཅེས་ཀྱི་ཐད་ལ་གལ་ཆེ་བ་གཅིག་ནི་ང་ཚོས་བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ་དེ་ཡིན། ལོ་ཁ་ཤས་ཀྱི་གོང་དུ་ཌེན་མག་གི་གོ་པན་ཧཱ་སྒར་དུ་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་ཚོགས་འདུ་ཞིག་ཚོགས་པའི་སྐབས་ལ་ཚོགས་བཅར་བ་ཚོས་འཛམ་གླིང་སྤྱིའི་བདེ་དོན་ལས་རང་གི་རྒྱལ་ཁབ་ཀྱི་བདེེ་དོན་གཙོ་བོར་བརྩིས་པས་དེ་ཡག་པོ་མ་བྱུང་། ཁོང་ཚོས་འཛམ་གླིང་སྤྱི་ལ་ཕན་ན་རང་གི་རྒྱལ་ཁབ་ལ་ཕན་བཞིན་ཡོད་པ་བསམ་བློའི་ནང་རྩིས་མེད་ལྟ་བུ་བྱས་སོང་། རྡུལ་ཕྲན་མཚོན་བྱ་བེད་སྤྱོད་བྱ་རྒྱུའི་སྤོབས་པ་སླེབས་ཀྱི་མེད་ཀྱང་ཨ་སྒོར་ས་ཡ་མང་པོ་འགྲོ་སོང་གཏོང་གི་ཡོད། དེ་ལས་གྲུབ་འབྲས་བཟང་པོ་ཐོན་སའི་ཕྱོགས་ལ་འགྲོ་སོང་བཏང་བ་ཡག་གི་རེད། དམག་འཐབ་དང་གདུག་རྩུབ་ཅན་གྱི་གོ་མཚོན་མེད་པར་བཟོ་རྒྱུར་རྒྱལ་ཁབ་ཀྱི་དཔོན་པོ་ཁག་གིས་ལག་ལེན་བསྟར་རྒྱུར་སྒུག་བསྡད་པས་མི་ཕན་པར། མི་མང་རང་གིས་དེ་དག་ལ་ངོ་རྒོལ་ཡོད་པའི་ལས་འགུལ་སྤེལ་དགོས། དེ་ང་རང་ཚོའི་རང་དོན་ཡིན། གལ་སྲིད་རྡུལ་ཕྲན་མཚོན་ཆ་སོགས་བེད་སྤྱོད་བཏང་བའི་གནས་ཚུལ་སྡུག་པོ་བྱུང་བ་ཡིན་ན་དཀའ་ངལ་མྱང་མཁན་ནི་མི་མང་དཀྱུས་མ་ཚོ་ཡིན། ཞེས་སོགས་བཀའ་སློབ་སྩལ་བ་དང་།

དེ་ནས་ཚོགས་འདུ་གྲོལ་ཁར་སློབ་དཔོན་ཡ་མ་མོ་ཐོ་ལགས་ཀྱིས་ཚོགས་འདུ་འདི་ལྟ་བུར་ཚན་རིག་པ་རྐྱང་བ་ཚོགས་པ་མ་ཡིན་པར། ཡ་རབས་བཟང་སྤྱོད་ཐོག་ལ་མཁས་དབང་༧གོང་ས་མཆོག་ལྟ་བུ་སློབ་སྟོན་ཞུ་བའི་ཆེད་དུ་གདན་ཞུ་གནང་དགོས་ཞེས་གསུངས་པ་དང་། མཐའ་མར་ཚོགས་འདུའི་མཐའ་བསྡོམས་སུ་འཛམ་གླིང་འདིར་དངོས་ཡོད་ཀྱི་དཀའ་ངལ་ཞིག་འཕྲད་བཞིན་པར་ངོས་ལེན་གནང་པའི་ཐོག་ནས་དོན་ཚན་གསུམ་ཅན་གྱི་བསྒྲགས་ཚིག་ཅིག་ཉི་ཧོང་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་སྒྲོག་སྦྱངས་གནང་ཞིང་།

༡. གོ་ལའི་ཁོར་ཡུག་གི་ཐོག་ལ་དོ་སྣང་ནན་པོ་དང་། ཁོར་ཡུག་ལ་ཕན་པའི་ཡ་རབས་བཟང་སྤྱོད་ཀྱི་ཐོག་ལ་མུ་མཐུད་ནས་རྒྱུན་སྐྱོང་བྱས་ཏེ། ཁོར་ཡུག་གི་ཤེས་ཡོན་སྤེལ་བ་དང་། མི་རྣམས་ལ་གོ་རྟོགས་སྤེལ་བའི་ལས་འགུལ་བརྩམས་པའི་ཐོག་ནས་རྒྱལ་སྤྱིའི་ཡ་རབས་བཟང་སྤྱོད་ཀྱི་ཚོགས་ཆུང་འཛུགས་རྒྱུ།

༢. སྔོ་ལྗང་ལྡན་པའི་འཛམ་གླིང་བསྐྱར་གསོ་བྱེད་པའི་ཆེད་དུ་མི་རེ་རེ་ཡིས་ཤིང་སྣ་གསུམ་འདེབས་པའམ། ཡང་ན་ཤིང་སྣ་གསུམ་འདེབས་པར་མཐུན་རྐྱེན་རྒྱབ་སྐྱོར་བྱ་རྒྱུ།

༣. མི་རྣམས་ལ་འཛུམ་མུལ་མུལ་བྱེད་པ་དང་སྨོན་ལམ་གསོལ་འདེབས་བྱེད་པའི་ཐོག་ནས་གཞན་ཕན་གྱི་བསམ་པའི་རིགས་རྫས་སད་པར་བྱས་ཏེ་འཛམ་གླིང་འདིར་རང་བྱུང་ཁོར་ཡུག་དང་མཐུན་པའི་སྤྱོད་ལམ་ཅན་གྱི་མི་ཚེ་བསྐྱལ་ཐུབ་པ་བཟོ་རྒྱུ།

བཅས་དོན་ཚན་གསུམ་བསྒྲགས་རྗེས་གཟའ་ཟླ་བ་ཡིན་ནའང་ཚོགས་འདུ་འདིར་ཕེབས་མཁན་རྣམས་པར་ཐུགས་རྗེ་ཆེ་ཞུས་པ་དང་། འབུམ་རམས་པ་མུ་ར་ཀ་མི་ཀ་ཛུ་ཡོ་Dr Murakami Kazuoལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་གདན་ཞུ་ཞུས་པ་ལ་ཐུགས་རྗེ་ཆེ་ཞུས་པ་དང་། དེ་བཞིན་༧གོང་ས་མཆོག་གིས་དུས་ཚོད་རྩ་ཆེན་བཏང་གནང་བ་ལ་ཐུགས་རྗེ་ཆེ་ཞུས། མཐའ་མར་༧གོང་ས་མཆོག་གིས་དགོངས་འཆར་གནང་བ་ལྟར་ང་ཚོ་ཚང་མས་སྒུག་མ་བསྡད་པར་རང་འགུལ་གྱི་ཐོག་ནས་ལས་འགུལ་སྤེལ་རོགས་གནང་ཞེས་འབོད་སྐུལ་དང་སྦྲགས་ཚོགས་འདུ་ལེགས་པར་གྲུབ་པ་ཡོད་པ་རེད།

གསར་འགྱུར།

Post navigation

Previous Post: སེམས་དཔའ་ཆེན་པོའི་འོད་སྣང་ནུབ་ཕྱོགས་སུ་མཆེད་པ། (མུ་འགོད་༡༣ པ།)
Next Post: སྐྱིད་པོར་སྡོད་སྙིང་འདོད་ན་གཞན་ལ་རེ་འདོད་ངེས་ཅན་ལས་མ་བྱེད།

Comments (1) on “༧གོང་ས་མཆོག་གོ་ལའི་ཁོར་ཡུག་གླེང་སྟེགས་སུ་ཕེབས་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 5:56 am

    ་་་་་་་་་་་ མཐའ་མར་ཚོགས་འདུའི་མཐའ་བསྡོམས་སུ་འཛམ་གླིང་འདིར་དངོས་ཡོད་ཀྱི་དཀའ་ངལ་ཞིག་འཕྲད་བཞིན་པར་ངོས་ལེན་གནང་པའི་ཐོག་ནས་དོན་ཚན་གསུམ་ཅན་གྱི་བསྒྲགས་ཚིག་ཅིག་ཉི་ཧོང་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་སྒྲོག་སྦྱངས་གནང་ཞིང་།

    ༡. གོ་ལའི་ཁོར་ཡུག་གི་ཐོག་ལ་དོ་སྣང་ནན་པོ་དང་། ཁོར་ཡུག་ལ་ཕན་པའི་ཡ་རབས་བཟང་སྤྱོད་ཀྱི་ཐོག་ལ་མུ་མཐུད་ནས་རྒྱུན་སྐྱོང་བྱས་ཏེ། ཁོར་ཡུག་གི་ཤེས་ཡོན་སྤེལ་བ་དང་། མི་རྣམས་ལ་གོ་རྟོགས་སྤེལ་བའི་ལས་འགུལ་བརྩམས་པའི་ཐོག་ནས་རྒྱལ་སྤྱིའི་ཡ་རབས་བཟང་སྤྱོད་ཀྱི་ཚོགས་ཆུང་འཛུགས་རྒྱུ།

    ༢. སྔོ་ལྗང་ལྡན་པའི་འཛམ་གླིང་བསྐྱར་གསོ་བྱེད་པའི་ཆེད་དུ་མི་རེ་རེ་ཡིས་ཤིང་སྣ་གསུམ་འདེབས་པའམ། ཡང་ན་ཤིང་སྣ་གསུམ་འདེབས་པར་མཐུན་རྐྱེན་རྒྱབ་སྐྱོར་བྱ་རྒྱུ།

    ༣. མི་རྣམས་ལ་འཛུམ་མུལ་མུལ་བྱེད་པ་དང་སྨོན་ལམ་གསོལ་འདེབས་བྱེད་པའི་ཐོག་ནས་གཞན་ཕན་གྱི་བསམ་པའི་རིགས་རྫས་སད་པར་བྱས་ཏེ་འཛམ་གླིང་འདིར་རང་བྱུང་ཁོར་ཡུག་དང་མཐུན་པའི་སྤྱོད་ལམ་ཅན་གྱི་མི་ཚེ་བསྐྱལ་ཐུབ་པ་བཟོ་རྒྱུ། ་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme