Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སེམས་དཔའ་ཆེན་པོའི་འོད་མདངས་ནུབ་ཕྱོགས་སུ་མཆེད་པ། ༼མུ་འགོད་༡༡ པ།༽

Posted on 2015-03-312015-03-31 By ཁ་བརྡ 17 Comments on སེམས་དཔའ་ཆེན་པོའི་འོད་མདངས་ནུབ་ཕྱོགས་སུ་མཆེད་པ། ༼མུ་འགོད་༡༡ པ།༽

མི་གསོན་པོ།

unnamed-1ལོ་ངོ་སུམ་བརྒྱ་བརྒྱད་ཅུ་ཙམ་གྱི་ལོ་རྒྱུས་ཀྱི་བྱུང་རིམ་ཡོད་པའི་ཧར་ཝར་ཌི་གཙུག་ལག་སློབ་གྲྭ་ནི་འཛམ་གླིང་ཐོག་ཏུ་ཆེས་སྙན་གྲགས་ལྡན་པའི་སློབ་ཆེན་ཞིག་སྟེ། ཨ་རི་རྒྱལ་ཁབ་ཀྱི་སྲིད་འཛིན་དྲུག་གིས་མཚོན་པའི་འཛམ་གླིང་གི་ཆབ་སྲིད་པ་གྲགས་ཅན་དུ་མ་དང་། ཁྲིམས་ཞིབ་པ་དང་ཁྲིད་རྩོད་པ། འཆར་འགོད་པ་དང་ཚོང་པ་སོགས་འཛམ་གླིང་ཐོག་ཏུ་སྙན་གྲགས་ཅན་གྱི་མི་སྣ་མང་པོའི་འབྱུང་ཁུངས་སུ་གྱུར་ཡོད།
ཧར་ཝར་ཌི་སློབ་ཆེན་གྱི་ངོས་ནས་རླབས་ཆེན་གྱི་མི་སྣ་དང་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་གང་མང་གདན་འདྲེན་ཞུ་རྒྱུ་དང་། དེ་དག་ལས་ལམ་སྟོན་དང་སློབ་ཁྲིད་ཞུ་གནང་བའི་ལུགས་སྲོལ་ལྟར་འདས་པའི་ལོ་རྒྱུས་ནང་དུ་༧གོང་ས་མཆོག་དང་༧རྒྱལ་དབང་ཀརྨ་པ་སྐུ་གོང་མ་རིག་པའི་རྡོ་རྗེ་སོགས་གདན་དྲངས་ཏེ་བཀའ་ཆོས་ཞུས་ཡོད།

ད་ལན་ཧར་ཝར་ཌི་གཙུག་ལག་སློབ་གྲྭས་ཇི་ལྟར་གསོལ་བ་བཏབས་པ་ལྟར་༧དཔལ་རྒྱལ་དབང་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ་དུས་རབས་ཉེར་གཅིག་པར་ས་ཆེན་གོ་ལའི་ཁྱོན་དུ་སྐྱེ་འགྲོའི་ཚེ་སྲོག་ལ་ཇི་ལྟར་གཅེས་སྤྲས་བྱེད་ཚུལ་གྱིས་ལམ་སྟོན་གྱི་བཀའ་སློབ་ཡོངས་ཁྱབ་ཏུ་སྩལ་ཟིན་པའི་ཉིན་གཉིས་པའི་ཞོགས་པར་མཁས་དབང་ཁག་དང་། ཞིབ་འཇུག་པ། དེ་བཞིན་ཆེད་ལས་སློབ་གཉེར་བ་སོགས་དང་ལྷན་བཀའ་སློབ་གནང་བ་དང་བགྲོ་གླེང་ཞུས་པའི་ཚུལ་མུ་འགོད་གོང་མའི་ནང་དུ་ཞུས་ཟིན་པ་དང་། ཕྱི་དྲོའི་ཆར་སློབ་གྲྭས་དམིགས་བསལ་གྱི་སློབ་ཕྲུག་འདྲི་བ་ལ་མཁས་པ་ཁག་ཆེད་དམིགས་ཀྱིས་གོ་སྒྲིག་ཞུས་ཏེ་བགྲོ་གླེང་དང་བཅར་འདྲི་ཞུས་པའི་བཀའ་ལན་སྩལ་གནང་བ་དག་ཆེད་འགོད་ཞུ་རྒྱུར། ཐོག་མར་གོ་སྒྲིག་པས་ངོ་སྤྲོད་དང་བཀའ་འདྲི་ཞུ་ཚུལ་མཚམས་སྦྱོར་བྱས་ཟིན་པའི་རྗེས་སུ་སློབ་ཕྲུག་ཅིག་གིས་ནང་ཆོས་ཀྱི་གོ་དོན་དང་སྙིང་པོ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་དགོས་པ་དང་དེས་སྤྱི་ཚོགས་ལ་ཤུགས་རྐྱེན་གང་འདྲ་སྤྲོད་མིན་གྱི་སྐོར་བཀའ་འདྲི་ཞུས་པའི་ལན་དུ་བཀའ་སྩལ་པ།

unnamed

སྤྱིར་ནང་ཆོས་ལ་ཐེག་པ་གསུམ་སོགས་ཡོད་པ་ལས་ལྟ་བ་དང་སྤྱོད་པ་སོགས་ཀྱི་ཆ་ནས་གཙོ་འདོན་བྱེད་ཚུལ་མི་འདྲ་བ་ཅུང་ཡོད་པ་འདྲ། འོན་ཏེ་གཞི་རྩ་ཆ་ནས་ལྟ་བ་རྟེན་ཅིང་འབྲེལ་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་དེ་ནང་ཆོས་ཀྱི་སྙིང་པོ་འདྲ་བོ་རེད། ལྟ་བ་རྟེན་ཅིང་འབྲེལ་འབྱུང་དེ་ཡུལ་རང་ངོས་ནས་རང་ཚུགས་སུ་གྲུབ་པ་ཞིག་མ་ཡིན་པར་ཕན་ཚུན་ལྟོས་ནས་གྲུབ་པའི་གནས་སྟངས་ཅན་ཞིག་བཤད་ཀྱི་ཡོད་སྟབས་རང་གཅེས་འཛིན་ཤུགས་ཆུང་དུ་བཏང་བ་དང་གཞན་གལ་ཆེན་དུ་འཛིན་དགོས་པའི་གནས་ལུགས་ཤིག་ཤོད་ཀྱིན་ཡོད་རེད། སྤྱོད་པའི་ཐོག་ནས་སྙིང་རྗེ་གཞི་རྩ་བཞག་སྟེ་འཚེ་བ་མེད་པ་བཤད་ཡོད།
དེ་ཡང་ཕྱི་ལུས་ངག་འཚེ་བ་མེད་པ་གཅིག་པུ་ཙམ་དུ་མ་ཡིན་པར་ནང་སེམས་ཀྱི་ཐོག་ཏུ་འཚེ་བ་མེད་པ་དགོས་སྟབས་རང་རྒྱུད་ལ་ཉོན་མོང་གིས་གནོད་པ་མེད་པ་ཞིག་སྟེ་རང་གི་སེམས་རྒྱུད་འགྱུར་བཅོས་བཏང་ཐུབ་པ་ཞིག་ནི་ནང་ཆོས་ཀྱི་སྙིང་པོ་རེད། དེ་ལྟར་ནང་ཆོས་ཀྱི་ལྟ་སྤྱོད་གཉིས་དེས་སྤྱི་ཚོགས་ནང་དུ་རང་གཞན་གྱི་འབྲེལ་བ་ཟབ་ཏུ་བཏང་བ་དང་གཞན་དང་སྤྱི་ཚོགས་ལ་འགན་ཁུར་བྱེད་པའི་ཤུགས་རྐྱེན་བཟང་པོ་སྤྲོད་ཀྱི་ཡོད་རེད་དྲན་གྱི་འདུག ཅེས་བཀའ་སྩལ།

སློབ་ཕྲུག་ཅིག་གིས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཁམས་འཕྲོད་རྟེན་དང་ཐུགས་སེམས་སྙིང་སྟོབས་སྐོར་ལ་བཀའ་འདྲི་ཞུས་པའི་ལན་དུ་བཀའ་སྩལ་པ། ༧གོང་ས་མཆོག་གི་སྐུ་ཚེའི་ནང་དུ་སྐུ་ངལ་ཧ་ཅང་མང་པོ་འཕྲད་ཡོད་ཀྱང་ཁོང་གི་ཐུགས་སྟོབས་ནམ་ཡང་ཞུམ་པ་མེད་པའི་སེམས་ཤུགས་ལ་བརྟེན་སྐུ་གཟུགས་ཧ་ཅང་ཐང་པོ་འདུག། སྐབས་རེ་ངས་དྲན་གྱི་ཡོད་གལ་སྲིད་ང་རང་༧རྒྱལ་བ་རིན་པོ་ཆེའི་དགུང་ལོའི་ཚད་དུ་སླེབས་སོང་ན་ལུས་པོ་སྒུར་ནས་གོམ་པ་སྤོ་རྒྱུ་ཡང་དཀའ་ལས་ཁག་པོ་རེད་བསམ་གྱི་འདུག གང་ལྟར་ཁོང་གི་སྐུ་གཟུགས་ཧ་ཅང་ཐང་པོ་ཡིན་པ་དང་ཐུགས་སེམས་དང་ཐུགས་སྟོབས་ནི་འཛམ་གླིང་ནང་གི་མིག་དཔེ་ལྟ་འོས་པ་འདྲ་བོ་ཞིག་ཏུ་ཆགས་ཡོད་སྟབས་ང་ཚོས་མིག་དཔེ་ལྟ་ཡུལ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བཀའ་སྩལ།

ཡང་སློབ་ཕྲུག་ཅིག་གིས་ཁྱེད་ཉིད་བོད་ནས་བཙན་བྱོལ་དུ་ཕེབས་ཁར་ཕྱག་བྲིས་ཤིག་བཞག་གནང་བའི་ནང་དུ་བོད་དུ་ལོག་གནང་རྒྱུའི་སྐོར་གསུངས་ཡོད་སྐད་འདུག་དེས་ན་ཁྱེད་བོད་དུ་ལོག་ཐུབ་པའི་རེ་བ་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུས་ལན་དུ་བཀའ་སྩལ་པ། ངས་ཡི་གེ་ནང་དུ་བྲིས་པ་ལྟར་གཙོ་བོར་སོ་སོར་ལ་རང་དབང་གི་འཚོ་བ་ཞིག་ཐོབ་ན་དྲན་པ་དང་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་རང་དང་འབྲེལ་ཡོད་ཀྱི་བླ་སློབ་ཁག་དང་མཇལ་འཕྲད་ཀྱི་གོ་སྐབས་ཡག་པོ་ཞིག་ཡོང་རེ་ལྟར་བྲོས་བྱོལ་དུ་ཡོང་བ་ཞིག་རེད། ཡིན་ནའང་སོ་སོའི་བསམ་པ་ལྟར་གྱི་རེ་འདུན་ལ་དཀའ་ངལ་མང་པོ་འཕྲད་བསྡད་པ་ཞིག་རེད།
གང་ལྟར་མི་སུ་ཡིན་ཀྱང་སོ་སོའི་ལུང་པ་དང་། ཕ་མ་སྤུན་མཆེད་རྣམས་ལ་རང་བཞིན་གྱིས་བརྩེ་བ་དང་དགའ་ཞེན་ཡོད་པའི་གནས་སྟངས་ཤིག་ཡིན་པར་བརྟེན་ང་ཡང་ཐོག་མར་རྒྱ་གར་དུ་འབྱོར་བ་ནས་བོད་ནང་དུ་ལོག་པའི་རྨི་ལམ་རྟག་ཏུ་བཏང་གི་འདུག་ལ་ཕ་མ་གཉིས་དང་ཐུག་འཕྲད་བྱུང་བའི་རྨི་ལམ་ཡང་ཡང་བཏང་གི་ཡོད།

སྐབས་རེར་རང་གི་བསམ་བློ་བཏང་རྒྱུ་ཤུགས་ཆེ་དྲག་པ་མིན་ནམ་སྙམ་ནས་བསམ་བློ་བཏང་རྒྱུ་འཚམས་བཞག་ཡིན། གང་ལྟར་བོད་གངས་ཅན་ལྗོངས་དང་ཐུན་མོང་མ་ཡིན་པའི་ལས་སྨོན་གྱི་འབྲེལ་བ་ཡོད་པ་ཞིག་ཡིན་དུས་བོད་ནང་དང་བོད་མི་ལ་ཕན་ཅུང་ཟད་ཐོགས་པའི་རེ་བ་དང་སྨོན་ལམ་འདྲ་ཆེན་པོ་བྱེད་ཀྱི་ཡོད་པས་བོད་དུ་ལོག་རྒྱུའི་སྐོར་ཡི་གེ་ནང་དུའང་སྐབས་དེར་བྲིས་པ་ཡིན། སྤྱིར་རྒྱ་ནག་མི་མང་ནི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་ཡོད་པ་མ་ཟད་ཀརྨ་པ་དང་ལོ་ངོ་དྲུག་བརྒྱ་བདུན་བརྒྱའི་ལོ་རྒྱུས་ཐོག་ནས་འབྲེལ་བ་ཡོད་པ་ཞིག་ཡིན་པ་སོགས་གནས་སྟངས་མང་པོ་ཞིག་གིས་སྒོ་ནས་བོད་དུ་ལོག་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བཀའ་སྩལ།

unnamed

ཡང་སློབ་ཕྲུག་ཅིག་གིས་ངས་གསར་འགྱུར་མང་པོ་ཞིག་ལས་གོ་མྱོང་བར་༧གོང་ས་མཆོག་གི་རྗེས་སུ་བོད་ཀྱི་དབུ་ཁྲིད་དེ༧རྒྱལ་བ་ཀརྨ་པ་ཁྱེད་རེད་ཅེས་གོ་སོང་བས་དེའི་ཐོག་ཏུ་ཁྱེད་ཀྱི་དགོངས་ཚུལ་གང་ཡོད་ཅེས་བཀའ་འདྲི་ཞུས་ལན་དུ་བཀའ་སྩལ་པ། ང་ཚོ་ཚང་མས་རེ་བ་དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་གནས་སྟངས་ཐག་ཆོད་པ་ཞིག་ལ་རེ་བ་བྱེད་ཀྱི་ཡོད། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་གནད་དོན་ཐག་ཆོད་པ་ཞིག་མ་བྱུང་ན་བོད་ཀྱི་གནད་དོན་དེ་ཕྱོགས་གང་ཐད་ནས་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་རེད་དྲན་གྱི་ཡོད། གསར་འགྱུར་བརྒྱུད་ལམ་མང་པོའི་ནང་དུ་ངའི་སྐོར་སྐད་ཆ་དེ་འདྲ་བཤད་ཡོད་ཚོད་འདུག
སྤྱིར་བཏང་ང་རང་ལོ་ན་གཞོན་པའི་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་འགན་ཆེན་པོ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་ཀརྨ་པའི་མཚན་གསོལ་ཟིན་པའི་རྒྱུ་མཚན་གྱིས་ཀྱང་འགན་ཁུར་ཆེན་པོ་ཞིག་ཡོད་བསྡད་པ་རེད། དེ་ལས་ལྷག་པའི་འགན་ཞིག་ཁུར་རྒྱུའི་བསམ་བློ་དང་འཆར་གཞི་མེད། བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ནི་མི་མང་གིས་དམངས་གཙོ་དང་མཐུན་པའི་ཐོག་ནས་འདེམས་ཀྱི་ཡོད་རེད། དེ་བཞིན་ཆོས་བརྒྱུད་ཁག་ལའང་དབུ་འཛིན་རེ་རེ་ཡོད་རེད། ང་རང་བཀའ་བརྒྱུད་པ་དང་དེའི་ནང་ནས་ཀམ་ཚང་གི་མགོ་འཛིན་ལྟ་བུར་རེད། དེ་ཡིན་དུས་དེ་དང་མཐུན་པའི་འགན་ཁུར་ཞིག་བྱེད་དགོས་རྒྱུ་རེད་དྲན་གྱི་ཡོད།
གང་ལྟར་༧རྒྱལ་བ་རིན་པོ་ཆེ་ནི་རྩོད་མེད་ཡོངས་གྲགས་ཀྱི་གཅིག་གྱུར་གྱིས་ཁས་ལེན་པའི་དབུ་ཁྲིད་ཅིག་རེད། ཁོང་ལྟ་བུར་རྩོད་མེད་ཡོངས་གྲགས་ཀྱི་དབུ་ཁྲིད་ཅིག་ཕྱིས་སུ་ཡོང་རྒྱུར་ཧ་ཅང་དཀའ་ལས་ཁག་པོ་རེད། དེས་ན་༧རྒྱལ་བ་རིན་པོ་ཆེ་དང་ཁོང་གི་ཐུགས་རྗེ་བཀའ་དྲིན་ནི་ནམ་ཡང་བོད་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་དུས་ཁོང་གི་སྐུ་ཚེ་ཞབས་པད་བརྟན་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་དུ་མཐོང་གི་འདུག ཅེས་བཀའ་སྩལ།

ཡང་སློབ་ཕྲུག་ཅིག་གིས་དེང་སྐབས་མཚན་མཐུན་གྱི་གཉེན་སྒྲིག་བྱེད་རྒྱུ་དར་སྲོལ་ཆེ་རུ་འགྲོ་བཞིན་ཡོད་སྟབས་དེའི་ཐད་དུ་ནང་ཆོས་ཀྱི་ཐོག་ནས་གཟིགས་ཚུལ་གང་ཡོད་བཀའ་འདྲི་ཞུས་ལན་དུ་བཀའ་སྩལ་པ། སྤྱིར་ལུང་པ་དང་རྒྱལ་ཁབ་སོ་སོ་ལ་ཁོར་ཡུག་དང་ལུགས་སྲོལ་གོམས་གཤིས་མི་འདྲ་བ་མང་པོ་ཡོད་སྟབས་ལུང་པ་སོ་སོའི་གནས་སྟངས་ཀྱི་ཐོག་ནས་འགྲེལ་བཤད་བྱེད་རྒྱུ་ལས་འདི་འགྲིག་དང་མི་འགྲིག་ཞེས་ལུང་པ་བྱེ་བྲག་པ་ཞིག་གིས་ལྟ་ཚུལ་རྒྱུ་མཚན་དུ་བྱས་ནས་སྐད་ཆ་ཤོད་རྒྱུ་དཀའ་ལས་ཁག་པོ་རེད། དམ་ཆོས་འདུལ་བའི་ནང་དུ་གནས་སྟངས་ཁ་ཤས་ཡུལ་ལུང་དང་བསྟུན་དགོས་པའི་ཚུལ་བཤད་ཡོད་རེད། གང་ལྟར་ང་རང་ངོས་ནས་བསམ་ཚུལ་ངོ་མ་འདྲ་བོ་དེ་ཕན་ཚུན་གཅིག་གིས་གཅིག་ལ་ལྷད་མེད་པའི་བརྩེ་བ་ཞིག་ཡོད་ཚེ་མཉམ་འབྲེལ་གྱི་འཚོ་བ་སྐྱེལ་རྒྱུ་དེ་མ་འགྲིག་པ་ཞིག་རེད་ཅེས་བཤད་རྒྱུ་མེད།
གལ་ཆེ་ཤོས་དེ་རང་འདོད་དང་ཆགས་སེམས་ཙམ་གྱི་དབང་དུ་མ་ཤོར་བ་བརྩེ་བ་དངོས་མ་ཞིག་ཡོད་དགོས་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག ཅེས་གསུངས།

དེ་བཞིན་རྒྱ་གར་དུ་ཡོད་པའི་བོད་ཀྱི་ཆོས་དང་རིག་གཞུང་སྐོར་དང་། ཁོར་ཡུག་གི་སྐོར། དྲག་སྤྱོད་པ་ལ་སྙིང་རྗེ་བྱེད་ཚུལ་སོགས་ཀྱི་སྐོར་འདྲི་ཞུས་པ་རྣམས་ལའང་་བཀའ་ལན་སྩལ་གནང་སོང་། བགྲོ་གླེང་ལེགས་པར་གྲུབ་རྗེས་ཧར་ཝར་ཌི་གཙུག་ལག་ཁང་གི་དབུ་འཛིན་ལས་ཁང་དུ་གདན་འདྲེན་ཞུས་ཏེ་ཨ་རི་སྲིད་འཛིན་དང་པོ་རྗོ་རྗི་ཝ་ཤིན་ཏྲོན་གྱི་གཟིམས་ཆུང་ནང་དུ་དབུ་འཛིན་ལས་བྱེད་རྣམས་དང་མཇལ་འཕྲད་གསུང་གླེང་ལྷུག་པོ་གནང་བ་དང་། ཕྱི་དྲོའི་ཆུ་ཚོད་བཞི་པར་བྷོ་སི་ཏྲོན་གྱི་ས་གནས་ཀྱི་བོད་མི་རྣམས་ལ་བཀའ་སློབ་སྩལ་གནང་།

བོད་མི་འདུས་ཚོགས་མང་དྲགས་པས་ཚོགས་ཁང་དུ་མ་ཤོང་ནས་བཀའ་སློབ་ཐེངས་གཉིས་སྩལ་དགོས་བྱུང་བ་ལྟར་བཀའ་སློབ་རྣམས་ཨ་རི་གློག་འཕྲིན་གྱི་སྒྲ་ཐག་ཏུ་བཞག་འདུག་པ་དང་ནང་དོན་ཕལ་ཆེར་སན་ཧྥི་རན་སི་སི་ཁོ་རུ་ས་གནས་བོད་རིགས་རྣམས་ལ་གསུངས་པ་དང་གཅིག་གྱུར་ཡིན་སྟབས་ཡིག་ཐོག་ཏུ་ཕབ་མེད། དེ་ལྟར་རླབས་ཆེན་གྱི་མཛད་རིམ་ཁག་ལེགས་གྲུབ་རྗེས་སུ་གྲོང་ཁྱེར་ནེའུ་ཡོག་ཏུ་ཆིབས་བསྒྱུར་གྱི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་དུ་ཉེ་འཁོར་གྱི་བོད་རིགས་མཁས་དབང་ལོ་ཙཱ་བ་དང་རྩོམ་པ་པོ་བཅས་ལྷན་འཛོམས་ཀྱིས་བོད་ཀྱི་ཡིག་བསྒྱུར་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་དང་དགོངས་ཚུལ་བརྗེ་རེས་གནང་མཛད། སང་ཉིན་སྤྱི་ཚེས་༣༡ཉིན་པེ་རིན་སི་ཏྲོན་གཙུག་ལག་སློབ་ཆེན་དུ་ཕེབས་གནང་རྒྱུ་བཅས།
མི་གསོན་པོས་ཟིན་བྲིས་བཏབས།

གསར་འགྱུར།

Post navigation

Previous Post: རུས་རྐང་མཁྲེགས་པའི་མི་ཕོ།
Next Post: ཤཱཀྱ་མུ་ནེ་ལ་རྒྱབ་འགལ་བྱས་པའི་ཨ་ཁུ།

Comments (17) on “སེམས་དཔའ་ཆེན་པོའི་འོད་མདངས་ནུབ་ཕྱོགས་སུ་མཆེད་པ། ༼མུ་འགོད་༡༡ པ།༽”

  1. དགའ་སྐུ་ says:
    2015-04-01 at 12:13 am

    གསལ་བཀོད་གནང་བར་དགའ་བསུ་ཞུ། མིག་དང་སེམས་ཀྱི་བདུད་རྩིར་གྱུར། ཀརྨ་མཁྱེན་ནོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-04-01 at 1:30 am

    ་་་་་་་་་་ ང་ཚོ་ཚང་མས་རེ་བ་དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་གནས་སྟངས་ཐག་ཆོད་པ་ཞིག་ལ་རེ་བ་བྱེད་ཀྱི་ཡོད། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་གནད་དོན་ཐག་ཆོད་པ་ཞིག་མ་བྱུང་ན་བོད་ཀྱི་གནད་དོན་དེ་ཕྱོགས་གང་ཐད་ནས་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་རེད་དྲན་གྱི་ཡོད། ་་་་་་་་་་་་་་་

  3. རིགས་སློབ་འཇིགས་མེད་བློ་གྲོས། says:
    2015-04-01 at 1:45 am

    མི་གསོན་པོ་ལགས་ནས་༸རྒྱལ་དབང་ཀརྨ་པའི་མཛད་འཕྲིན་དུས་ནས་དུས་སུ་འགོད་བཞིན་པ་ཐུགས་རྗེ་ཆེ།
    ཁོང་མཛད་འཕྲིན་རྒྱས་པ་བོད་བསྟན་སྲིད་ཀྱི་བསོད་བདེ་རེད།
    བཀའ་ལན་ཁག་ལ་མཇལ་དུས་དགོངས་བཞེད་ཇི་ཙམ་རླབས་ཆེན་དུ་གྱུར་ཡོད་པའི་མཇལ་སྣང་ཡོང་གི་འདུག

  4. དགའ་སྐུ་ says:
    2015-04-01 at 5:38 am

    བསིལ་ལྡན་ལྗོངས་སུ་དམ་པའི་ཆོས་ཀྱི་སྲོལ། །སླར་ཡང་སྤེལ་བའི་གོ་ཆ་ཆེར་བགོ་སྟེ། །བསམ་བཞིན་ཆེད་དུ་སྐྱེ་བ་བཞེས་མཛད་པ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞབས་བརྟན་གསོལ།།

  5. རྒྱ་མཚོ་ཆེན་པོ། says:
    2015-04-01 at 12:49 pm

    མི་གསོན་ལགས་སུ་སྙིང་དབུས་ནས་བཀྲིན་ཆེ་ཞུ། མུ་འགོད་གནང་རོགས་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-04-01 at 4:49 pm

    ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞབས་བརྟན་གསོལ།།

  7. དྲི་མེད་ལྷག་བསམ། says:
    2015-04-01 at 9:37 pm

    གསུངས་པ་རྣམས་ལེགས། པྲིན་ལས་རྒྱས་ཤིང་སྐུ་ཚེ་བརྟན་པར་སྨོན། ཁོང་གིས་བོད་སྤྱི་དམིགས་འབེན་བྱས་ན་བོད་སྤྱི་བའི་བསོད་ནམས་རེད། བོད་ཀྱི་ཆོས་རྒྱུན་སྤྱིའི་བདག་པོ་ཡོང་བའི་རེ་བ་འདུག ཀྃ་ཚང་གཅིག་པུར་དམིགས་ན་དགའ་ལྡན་ཕོ་བྲང་སྒོ་བརྒྱབ་ཟིན་པས། ཀརྨ་པའི་སྲིད་གཞུང་གསོ་བ་ལ་ཚེགས་མེད། ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་མཐུན་ལམ་བཟོས་ན་ཞི་བདེའི་སྣེ་ཁྲིད་པར་འགྱུར། དེ་ལག་མཐུས་མི་གསོད་པའི་གླེང་མོ་བྱུང་གི་འདུག་པར་གསལ་བཤད་རེ་བྱེད་པར་བསྐུལ་ལོ། །

  8. ཏི་སི། says:
    2015-04-01 at 10:56 pm

    ཀརྨ་ཨོ་རྒྱན་འཕྲིན་ལས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུ། བོད་བསྟན་སྲིད་དོན་ལ་ཕན་ཐོག་པར་ཤོག

  9. ཀརྡོ་གཉེར་ཕྱག་པ་ says:
    2015-04-02 at 12:09 am

    བོད་བསྟན་སྲིད་དོན་ལ་ཕན་ཐོག་པར་ཤོག

  10. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-02 at 11:03 pm

    ཝཱ་རཱ་ཎ་སཱི་ཆོས་འཁོར་སུ་༡༩༦༠པའི་མཇུག་ཙམ་ལ་རྒྱལ་བ་ཀརྨ་སྐུ་གོང་མ་མཆོག་གི་ཞབས་ལ་གུས་འདུད་ཞུ་བའི་གོ་སྐབས་བཟང་པོ་བྱུང་། རྒྱལ་དབང་མཆོག་གིས་ཐུགས་དགྱེས་པ་ཆེན་པོས་གུས་པའི་མགོ་བོར་ཕྱག་བཞག་པར་མཛད་དེ། བྱིན་རླབས་སྩལ།
    ད་ལྟ་རྒྱལ་དབང་ཀརྨ་མཆོག་ལོ་ཁ་ཤས་སྔོན་དུ་ཨ་རིའི་ནེཝ་ཡོརྐ་ལ་བཀའ་སློབ་སྩོལ་དུས་ཉན་པ་པོའི་ཚོགས་སུ་མཇལ་བའི་སྐལ་བཟང་བྱུང་། གཅིག་ན་སླར་ཡང་ཞལ་མཇའ་བཀའ་སློབ་ཞུ་ཐུབ་པའི་སྨོན་འདུན་ཞུ།
    ་
    མགོན་པོ་མཆོག་གིས། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་སུ་བོད་ཀྱི་གནད་དོན་ཐག་ཆོད་པ་ཞིག་མ་བྱུང་ན་བོད་ཀྱི་གནད་དོན་དེ་ཕྱོགས་གང་ཐད་ནས་དཀའ་རྙོག་ཆེ་རུ་འགྲོ་རྒྱུ་རེད་དྲན་གྱི་ཡོད། ཅེས་གསུངས་པ་བདེན་པར་མཐོང་།
    ་
    བོད་ལ་དཀའ་ངལ་ཡོད་པ་ལྟ་ཅི། ཉེ་དུས་བདག་རྒྱ་ནག་གི་གྲོང་ཁྱེར་ཆེན་པོ་ཤང་ཧེ་ཞེས་པའི་གནམ་ཐང་རྒྱ་ཆེན་ཡངས་པར་གོམས་པ་བརྒྱབས་ནས་འགྲོ་དུས་བུད་མེད་ཅིག་བདག་གི་རྗེས་སུ་འབྲངས་ཏེ། དང་པོར་རྒྱ་སྐད་ལབ་པ་བདག་གིས་མ་གོ་བ་ན། ཨིན་སྐད་དུ། གྲོད་པ་ལྟོགས་ཀྱི་འདུག དངུལ་སྟེར་གྲོགས་ཞེས་ལབ། བདག་གིས་དངུལ་མེད། བདག་གི་རྗེས་སུ་མ་འབྲངས་ཞེས་ལབ། ཡང་ཆུ་ཚོད་གཅིག་རྗེས་གནམ་གྲུ་འབབས་ཐང་ཚོམས་ཆེན་དེ་རང་གི་ས་གནས་གཞན་ཞིག་ཏུ། ཡང་སྐྱེས་མ་གཞན་ཞིག་གིས་དངུལ་སྟེར་གྲོགས། ཞེས་པར་དངུལ་མེད་ཅེས་ལབ། ཛམ་གླིང་གཞན་གྱི་གནམ་གྲུ་འབབས་ཐང་གང་དུ་ཡང་དངུལ་སློང་མཁན་མཐོང་མ་བྱུང་། རྒྱ་གར་དུ་དངུལ་སློང་མཁན་མང་ཡང་གྲོང་ཁྱེར་གྱི་ནང་ལ་མ་གཏོགས་གནམ་ཐང་དུ་ཉེན་རྟོག་པས་སློང་དུ་མི་འཇུག རྒྱ་གར་གྱི་རྩ་ཁྲིམས་ལྟར་ན། དངུལ་སློང་མཁན་དང་སྟེར་མཁན་གཉིས་ཀ་ཁྲིམས་འགལ་ཡིན་པར་བཤད་དོ།
    ་
    མི་གསོན་པོ་མཆོག་གི་ཡི་གེའི་དག་ཆར་ཡར་སྐྱེད་བྱུང་ནས་བོད་ཀྱི་མཁས་པ་རྣམས་ཀྱི་རྗེས་སྙེག་པར་རེ་འདུན།
    ལོ་ཙཱ་བ། ཞེས་པར་བཤད་པ་ཞིག་འབྲི་དགོས་པར་སྣང་། དེ་ཡང་། ལོ་ཀ་ཞེས་པ་འཇིག་རྟེན་དང་། ཙཀྐུས་ཞེས་པ་མིག་སྟེ། དེ་དག་མིང་ཡིག་དང་པོ་བླངས་ཏེ ལོ་ཙ་དང་། དེ་དག་ལ་བོད་ཀྱི་བདག་སྒྲ། པ་ཡིག་བསྣན་ཏེ། ལ་ཙ་པ་ཞེས་གྲུབ་ཀྱང་། བོད་ཀྱི་མཁས་དབག་དགེ་་འདུན་ཆོས་འཕེལ་གྱི་དེབ་ཅིག་ན་མ་གཏོགས་མ་་དག་རྒྱུན་འབྱམས་སུ་འབྲི་བ་ཁོ་ན་མ༷ཆིས་སོ།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-04-03 at 1:11 am

    ་་་་་་་་་་་་ དེ་དག་ལ་བོད་ཀྱི་བདག་སྒྲ། པ་ཡིག་བསྣན་ཏེ། ལ་ཙ་པ་ཞེས་གྲུབ་ཀྱང་། ་་་་་་་་་་་་་

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-03 at 10:39 am

    ལ་ཙ་པ་ཞེས་གྲུབ་ཀྱང་། ཞེས་པ་ལོ་ཙ་པ་ཞེས་ཞུས་དག་བྱས་སོ།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-03 at 10:47 am

    མཁས་དབག་ཅེས་པ་་མཁས་དབང་ཞེས་ཞུས་དག་བྱས་སོ།

  14. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-03 at 10:58 am

    བཀྲིན་ཆེ་ཞེས་པ་བཀའ་དྲིན་ཆེ། ཞེས་བསྡུས་ཡིག་མེད་ན། ཀློག་པ་པོ་གཞན་ལ་ཕན། དེ་མིན་ཚིག་ཐུང་དགོས་ན། དྲིན་ཆེ་ཞེས་འབྲི་ན་མི་འགྲིག་པ་ཅི་ཡོད་དམ།

  15. དྲི་མེད་ལྷག་བསམ། says:
    2015-04-03 at 11:50 am

    ཀ་ཁའི་སྡེབས་སྦྱོར་ཤེས་པའི་དྲ་གྲོགས་ཚོས། །ཁ་ནས་གླེང་རྒྱུ་ཕལ་ཆེར་ཕྱོགས་རིས་ཡིན། །ག་དུས་ཡིན་ཡང་རེ་གཉིས་སྟོད་ཆེ་ནས། །ང་གཅེས་ཟློས་གར་བསྒྱུར་བ་བདེན་པར་མཆི། །ཅ་ཅོ་གླེང་ལ་དགའ་བའི་སྤྲང་འཁྱམ་བདག །ཆ་རྒྱུས་མེད་་པར་བསྔགས་པ་མི་འཐད་ཀྱང་། །ཇ་ལོ་འི་རྟགས་ཙམ་སྤྲས་པའི་ཤོག་སྒམ་ནང། །ཉྭ་ཤ་ཁྱི་ལ་སྦྱིནཔའི་གཏམ་ཙམ་མོ། །ཏ་ཝང༧གོང་མས་བཀའ་ཡིས་བསྐུལ་བའི་དུས། །ཐ་ཆད་མི་ཡིས་རང་ལྟ་རླུང་ལ་བཅོལ། །ད་ལྟའི་བདེན་པ་མི་རྟགས་འཇའ་ཡིས་དར། །ན་གཞོན་གྲོགས་ལ་ཕུལ་བའི་བྱུང་བའོ། །

  16. BONPO says:
    2015-04-03 at 4:36 pm

    ཙཀྐུས་ཞེས་པ་མིག་སྟེ། གསུངས་འདུག་མོད་། འདི་ཕལ་ཆེར་མིག་འབྱེད་ཀྱི་ཡོ་ཆས་ཤིག་ལ་གོ་དགོས་པར་སེམས། སྨན་དཔེ་དང་དཔེ་གཞན་ཚོའི་ནང་་རིན་ཆེན་ཙག་བུ་་་ཞེས་པ་གསེར་དངུལ་ལྕགས་རིགས་སོགས་ལས་བཟོས་པ་ཡོད་སྙམ ད་དུང་བོད་ཀྱི་སྨན་ལུགས་ལ། ཁྲག་རྒྱབ་བྱེད་ལ་ཙག་བུ་ཞེས་པ་ཞིག་དགོས་རབས་ཡོད། ཙཀྐུས་་་ཡང་ན་་་ཙག་བུ་་་སོགས་རྒྱ་གར་སྐད་དང་ཡང་ན་དེ་དང་ཟུར་ཆགས་ཡིན་པའི་སྒྲུབ་བྱེད་གང་ཡོད་དམ། །

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-04-03 at 10:36 pm

    ཙཀྐུས་ཞེས་པ་ཀའི་འོག་གི་ཀ་དེ་ཤ་ལོག་ཁ་ཡིན་པ་བཟོ་དགོས་ཀྱང་གློག་ཀླད་ཆས་འདིར་བཟོ་མ་ཐུབ་ཨིན་ཡིག་ཏུ་བཟོ་ན། cakṣusཞེས་པ་ལེགས་སྦྱར་སྐད་དུ། མིག་གི་རྣམ་གྲངས་རྣམས་ནང་ན་མིག་གི་སྐད་དོད་ལ་བཀོལ་ཆེ་ཤོས་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme