Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧དཔལ་རྒྱལ་བ་ཀརྨ་པའི་མཛད་འཕྲིན།

Posted on 2015-03-262015-03-26 By ཁ་བརྡ 4 Comments on ༧དཔལ་རྒྱལ་བ་ཀརྨ་པའི་མཛད་འཕྲིན།

མི་གསོན་པོ།

 
སྤྱི་ཚེས་༢༥ ཉིན། ཨ་རི་རྒྱལ་ཁབ་ཀྱི་ཤེས་རིག་བསྟི་གནས་སུ་གྲགས་པའི་གྲོང་ཁྱེར་བྷོ་སི་ཏྲོན་དུ་ཡོད་པའི་ཧཱ་ཝ་ཌི་གཙུག་ལག་སློབ་ཆེན་གྱིས་གདན་ཞུས་ལྟར། ༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སྐུ་འཁོར་ལྷན་རྒྱས་རེ་ཌི་ལན་ཌི་གཙུག་ལག་སློབ་ཆེན་ནས་ལོ་སི་ཨེལ་རྗེ་རྒྱལ་སྤྱིའི་གནམ་ཐང་བརྒྱུད་བྷོ་སི་ཏྲོན་དུ་ཞབས་སོར་འཁོད་སྐབས་ས་གནས་ཀྱི་བོད་མི་དང་དད་སྦྱིན་ཁག་གིས་ཕེབས་བསུ་གཟབ་རྒྱས་གནང་སོང་།

unnamed-4

སྤྱི་ཚེས་༢༦ སྟེ། དེ་རིང་ཞོགས་པར་གནད་ཡོད་ཀྱི་མི་སྣ་ཆེ་ཁག་དང་། གྲགས་ཅན་གྱི་ཚན་རིག་པ། དེ་བཞིན་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་། ཟུར་མང་གར་དབང་རིན་པོ་ཆེ། དམིགས་བསལ་གྱི་སྐུ་ཚབ་ཟུར་པ་དང་བཀའ་ཟུར་རྒྱ་རི་རིན་པོ་ཆེ་སོགས་ཆེ་མཐོ་མི་སྣ་རྣམས་དང་མཇལ་འཕྲད་བཀའ་མོལ་གནང་བ་དང་། ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ཆོས་ལུགས་སློབ་གཉེར་ཁང་དུ་གདན་ཞུ་ལྟར་གྲགས་ཅན་གྱི་ཚན་རིག་པ་དང་། སྨན་ཁང་ནང་དུ་སེམས་ཁམས་གྱི་སློབ་གསོ་དང་ཕྱག་ལས་གནང་མཁན་གྱི་སེམས་ཁམས་རིག་པ་བ། གཙུག་ལག་སློབ་གྲྭའི་དགེ་སློབ་སོགས་གནད་ཡོད་ཀྱི་མི་སྣ་དྲུག་ཅུ་ཙམ་ལ་ཆོས་ལུགས་པའི་ངོས་ནས་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཕན་བདེ་ལ་དོ་སྣང་ཇི་ལྟར་བྱེད་དགོས་སྐོར་གྱི་བཀའ་སློབ་དང་། དེ་བཞིན་མི་རིགས་དང་ཕོ་མོ་སོགས་འདྲ་མཉམ་གྱི་འདུ་ཤེས་འཛིན་ཏེ་འཛམ་གླིང་ནང་དུ་འཚོ་གནས་དོན་ཕན་དང་ལྡན་པ་ཇི་ལྟར་བྱེད་དགོས་ཚུལ་གྱི་བཀའ་སློབ་སྩལ།

ཞིབ་འཇུག་པ་ཞིག་གིས་དགེ་སློང་མའི་སྐོར་ལ་བཀའ་འདྲི་ཞུས་ལན་དུ་ཁོང་གིས་འཆར་ལོ་ནང་དུ་དགེ་སློང་མའི་སྡོམ་རྒྱུན་ཐད་དུ་ཞིབ་འཇུག་ལས་རིམ་དབུ་འཛུགས་བྱེད་རྒྱུའི་གཏན་འབེབས་གནང་ཡོད་ཚུལ་དང་དགེ་སློང་མའི་སྡོམ་རྒྱུན་ནི་ཧ་ཅང་གལ་ཆེ་ཚུལ་སོགས་ཀྱི་བཀའ་སློབ་གནང་། ཉིན་གུང་ཆུ་ཚོད་༡༢ ལ་TBRC བོད་ཀྱི་ནང་བསྟན་དཔེ་ཚོགས་བསྟི་གནས་ཁང་དུ་གདན་ཞུས་ཀྱིས་དཔེ་མཛོད་ཁང་དུ་རབ་གནས་བྱིན་རླབས་དང་དཔེ་མཛོད་ཁང་གི་དབུ་འཛིན་སྐུ་ཞབས་ཊིམ་གྱིས་གཙོས་ལས་མི་ཡོངས་ལ་མཇལ་ཁ་གནང་བ་དང་ཉིན་གུང་གསོལ་ཚིགས་དཔེ་མཛོད་ཁང་དུ་མཆོད་གནང་མཛད། དཔེ་མཛོད་ཁང་གི་ལས་བྱེད་ཁག་ཅིག་ནསTBRCདཔེ་མཛོད་ཁང་གིས་བོད་ནས་ཟེར་པར་ཇི་ལྟར་བླངས་པའི་སྐོར་དང་དེ་བཞིན་དྲ་རྒྱ་གཟིགས་ཞིབ་ཇི་ལྟར་བྱེད་ཚུལ་གྱི་འཚམས་སྦྱོར་གཟིགས་འབུལ་ཞུས་སོང་།

unnamed-5

༧དཔལ་རྒྱལ་དབང་ཀརྨ་པས་དཔེ་མཛོད་ཁང་གི་དབུ་འཛིན་ཞིང་བཤེགས་སྐུ་ཞབས་ཇིམ་སི་མི་ཊི་ནི་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ་ཙམ་དུ་མ་ཟད་བྱས་རྗེས་ཧ་ཅང་ཆེ་བའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པའི་བསྔགས་བརྗོད་དང་། ༢༠༠༨ ལོར་ཁོང་དང་མཇལ་འཕྲད་བྱུང་ཡང་མཁས་དབང་ཁོང་གློ་བུར་དུ་དགོངས་པ་རྫོགས་པ་ནི་བསམ་ཡུལ་འདས་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་གྱོང་གུད་ཅིག་ཡིན་ཡང་ཁོང་གི་མཛད་རྗེས་དག་ནི་ནམ་ཡང་མི་ནུབ་པར་གནས་ངེས་རེད་ཅེས་བསྟོད་བསྔགས་གནང་བ་དང་། དེང་དུས་ལག་རྩལ་གྱི་ཐོག་ནས་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་སྟབས་བདེ་ཅན་དུ་བསྒྱུར་ཐུབ་འདི་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་པ་དང་ཕྱིས་སུ་༧དཔལ་རྒྱལ་དབང་ཀརྨ་པ་ཁོང་ཉིད་ཀྱིས་ཀྱང་ཆོས་དང་རིག་གཞུང་སོགས་དང་འབྲེལ་བའི་ཡིག་ཆ་འཚོལ་བསྡུ་དང་ཞིབ་འཇུག་ཐོག་ཕྱག་ལས་གནང་རྒྱུའི་ལས་རིམ་ཡོད་པས་མཉམ་འབྲེལ་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ལ་འབད་བརྩོན་དང་ནུས་ཤུགས་ལྷན་དུ་ཕྱུངས་རྒྱུའི་ཞལ་བཞེས་ཀྱང་གནང་།

unnamed-6

ཕྱི་དྲོ་ཆུ་ཚོད་བཞི་དང་སྐར་མ་སུམ་ཅུར་ཧཱ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ཆོས་དཔེ་དྲན་གསོ་ཁང་དུ་སློབ་གྲྭའི་དགེ་སློབ་རྣམས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་དང་འདུས་པ་སྟོང་ཕྲག་ལྷག་འཛོམས་པའི་མདུན་སར་མཁས་དབང་མ་རྗེ་ནི་ཏྲི་རྒྱ་མཚོས་༧དཔལ་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་རིམ་བྱོན་གྱི་རྣམ་ཐར་དང་བཅུ་དྲུག་རིག་པའི་རྡོ་རྗེ་དང་། བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་གཉིས་ནི་ཧ་ཅང་འདྲ་བའི་ཁྱད་ཆོས་ལྡན་པ་སོགས་ཀྱིས་ཡིད་སེམས་འགུལ་བའི་འཚམས་སྦྱོར་གཏམ་བཤད་བྱས་ཟིན་རྗེས། ༧དཔལ་རྒྱལ་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་དུས་རབས་ཉེར་གཅིག་པར་གོ་ལའི་ཐོག་གི་ཚེ་སྲོག་ལ་གཅེས་སྤྲས་དང་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་ཟབ་རྒྱས་སྩལ་གནང་སོང་།

གསར་འགྱུར།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་བཅུ་བ།༽
Next Post: ཆེས་གྲོས་ཁ་མཐུན་པའི་གྲོས་ཚོགས་དང་ཇོ་ནང་སྤྱི་འཐུས།

Comments (4) on “༧དཔལ་རྒྱལ་བ་ཀརྨ་པའི་མཛད་འཕྲིན།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-27 at 3:17 am

    ཨ་རི་གཙུག་ལག་སློབ་གྲྭ་ཆེན་མོས་བོད་ཀྱི་བླ་མ་ཆེན་མོར་གུས་བཀུར་ཞུས་ཏེ། གཙུག་ལག་སློབ་གྲྭ་ཆེན་མོ་དེར་ཛམ་གླིང་སྐྱེ་དགུ་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་ཡོངས་ལ་ཕན་པའི་ཕྱིར་དུ་བཀའ་སློབ་སྩོལ་བར་ཞུས་པ་ལ་བོད་རིགས་རྣམ་དཔྱོད་ཀྱི་བློ་ཅན་རྣམས་དགའ་སྟོན་ལ་རོལ་དགོས་པར་སེམས་སོ།
    ་
    ནགས་ཀྱི་ཙནྡན་སྡོང་པོ་ལ་འཁྲིལ་ན།
    ས་ཉལ་འཁྲི་ཤིང་གིས་གནམ་མཐོང་།
    ་
    ཞེས་པ་ལྟར་བཀའ་སློབ་ཟབ་རྒྱས་སྩལ། ཅེས་དག་པར་བྲིས་པ་ལ་མངོན་པར་བསྟོད་དོ།
    ་
    དེ་བཞིན་བོད་ཡིག་འབྲི་བ་པོ་རྣམས་ཀྱིས་རང་ཅག་བོད་རིགས་ཡོངས་ཀྱི་རྣམ་འདྲེན་༧བླ་མ་མཆོག་གི་བཀའ་ལ་བརྩིས་ཏེ
    ལོ་ངོ་བརྒྱ་ཕྲག་མང་པོ་ནས་བསགས་པའི་བོད་རིག་གཞུང་གི་དཔེ་ཆ་རྣམས་བཀླགས་ཏེ། དེ་དག་ན་བྲིས་པའི་མིང་ཚིག་དག་ཆ་རྣམས་ལ་བདག་པོ་རྒྱབ་པ་ལ་འབད་ན་བོད་ཀྱི་རིག་གཞུང་ས་སྟེང་དུ་ལུས་པ་ལ་ཕན་ནོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-27 at 3:58 am

    ་་་་་་་་་་་་་་་ ༧དཔལ་རྒྱལ་ཀརྨ་པ་བཅུ་བདུན་པ་ཨོ་རྒྱན་འགྲོ་འདུལ་འཕྲིན་ལས་རྡོ་རྗེས་དུས་རབས་ཉེར་གཅིག་པར་གོ་ལའི་ཐོག་གི་ཚེ་སྲོག་ལ་གཅེས་སྤྲས་དང་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་ཞེས་པའི་བརྗོད་གཞི་ཐོག་བཀའ་སློབ་ཟབ་རྒྱས་སྩལ་་་་་་་་་་་་

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-27 at 10:20 am

    དཔལ་རྒྱལ་དབང་ཀརྨ་པའི་མཛད་འཕྲིན་སྐོར།
    https://www.youtube.com/watch?v=XrZUVuh9Uuc

  4. ཟུར་གནས་ says:
    2015-03-29 at 1:24 am

    རྒྱལ་དབང་ཀརྨ་པ་མཆོག་ནི། བོད་ལ་འཁྲུངས་ཤིང་། འབྲོག་པའི་ཨ་བུ་ཞིག་གི་བྲོ་བ་མ་ཡལ་བ། རྒྱ་གར་ལ་ཕེབས་ནས་ཐོས་བསམ་ལེགས་པར་བསྐྱངས་བས། སྲོལ་རྒྱུན་གྱི་ནང་དོན་རིག་པའི་བྲོ་བ་མ་ཡལ་བ། ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་བྱིན་རླབས་བཞུགས་པས། བླ་མའི་བྲོ་བ་མ་ཡལ་བ། རྒྱལ་བ་རིན་པོ་ཆེའི་བཀའ་སློབ་ཐོས་པས་རིས་མེད་ཀྱི་བྲོ་བ་མ་ཡལ་བ། བོད་མི་རིགས་ཀྱི་རེ་བ་བཅངས་ཡུལ་དུ་གྱུར་བས་བོད་མིའི་འགན་འཁུར་མ་ཡལ་བ། མདོར་ན། བླ་མ་དེ་ནི་ངེད་ཚོའི་མ་འོངས་པའི་རྒྱལ་བ་རིན་པོ་ཆེའི་ཤུལ་འཛིན། ཆོལ་གསུམ་བོད་མིའི་མགོན་སྐྱབས། རིས་མེད་བླ་མའི་རྒྱུད་པ། ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme