Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རླུང་རྟ་རྒྱས་སྨོན་པདྨ་གེ་སར།

Posted on 2015-03-262015-03-26 By ཁ་བརྡ་ 8 Comments on རླུང་རྟ་རྒྱས་སྨོན་པདྨ་གེ་སར།

ཨེ་མ་ཧོ།

 
ཕྱོགས་དུས་རྒྱལ་ཀུན་འདུས་པའི་དཔལ།།
དཔལ་ལྡན་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་ཡིས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་མཛོད།།
ལོ་རྒྱུས་ནགས་ཀློང་དཀྲིགས་པའི་ཚལ།།
དཔའ་སྟོབས་འཛུམ་དྲུག་རབ་ཏུ་བཀྲ།།
བདེན་དཔུང་རྩལ་ཆེན་རྒྱ་སྟག་ངར།།
གདོང་དམར་མིང་དོན་མཚུངས་པར་རྒྱལ།།
ཕ་མེས་རྒྱུད་པའི་གངས་དཀར་ལྗོངས།།
ཡང་དག་ལྟ་བའི་དཔའ་ངར་སྒྲོག།
རྩལ་ཆེན་རྫོགས་པའི་གཡུ་རལ་ཅན།།
དཔའ་མཛངས་འཛམ་གླིང་གྲོགས་སུ་རྒྱལ།།
ཆེས་མཐོའི་བྲག་དཀར་བང་རིམ་བརྗིད།།
སྡེ་བཞིའི་གཤོག་དྲུག་མཐའ་ཡས་རྒྱས།།
གདོལ་ནག་གདུག་པའི་ཁ་གནོན་རྗེ།།
བྱ་རྒྱལ་ཁྱུང་ཆེན་མངོན་པར་རྒྱལ།།
ལུགས་གཉིས་དྲང་བདེན་མཁའ་ལམ་ཆེར།།
བདེན་གཉིས་ཆོས་ཀྱི་སྒྲ་དབྱངས་ཅན།།
མཐའ་གཉིས་སེལ་བའི་དྲང་སྲོང་མཆོག།
སྤྲིན་བརྒྱའི་བདག་པོ་མངོན་པར་རྒྱལ།།
དད་བརྩོན་ཤེས་རབ་བ་ལ་ཧ།།
སྙིང་པོའི་མཐར་ཕྱིན་བཤད་སྒྲུབ་མཛད།།
ཕྲིན་ལས་ཀུན་ཁྱབ་མགྱོགས་འགྲོས་ཅན།།
གངས་ཅན་རླུང་རྟ་ཟབ་རྒྱས་རྒྱལ།།

ཞེས་པ་རབ་རྒྱན་ཤིང་ལུག་དབོ་ཟླའི་རྒྱལ་བ་དང་པོ་དབྱིན་ཡུལ་ཀུན་བཟང་རྫོགས་ཆེན་རི་ཁྲོད་ནས་རིག་འཛིན་ཨེ་མ་ཧོས་གང་ཤར་སྨོན་པར་དགེའོ།།

སྙན་ངག

Post navigation

Previous Post: ག་ཟི་དགེ་བཤེས་ཀྱི་གླེན་བཤད་ལ་ལན་དུ་སྤྲིངས་པ།
Next Post: ཨེ་ཤ་ཡ་ཁུལ་དུ་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲད་སོང་།

Comments (8) on “རླུང་རྟ་རྒྱས་སྨོན་པདྨ་གེ་སར།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 3:32 pm

    རླུང་རྟ།
    གནམ་སྤྲིན་མེ་ཆུ་ས་ཡི་རླུང་རྟ་རྒྱས། །
    སྔོན་དཀར་དམར་ལྗང་སེར་པོའི་རླུང་རྟ་རྒྱས། །
    སྟག་སེང་འཁྱུང་འབྲུག་བཞི་ཡི་རླུང་རྟ་རྒྱས། །
    དར་ལྕོག་དར་མདར་དར་ཆེན་རླུང་རྟ་རྒྱས། །

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 3:35 pm

    དཀོན་མཆོག་གསུམ་གྱིས་རླུང་རྟ་རྒྱས། །
    རྩ་གསུམ་ལྷ་ཡིས་རླུང་རྟ་རྒྱས། །
    ཐེག་པ་གསུམ་གྱིས་རླུང་རྟ་རྒྱས། །
    ལས་འབྲས་བདེན་མཐུས་རྟ་རྒྱས། །

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 3:37 pm

    དར་ལྕོག་བཙུགས་ནས་རླུང་རྟ་རྒྱས།
    བསང་གསོལ་བཏང་ནས་རླུང་རྟ་རྒྱས། །
    ཁ་བཏགས་བཏགས་ནས་རླུང་རྟ་རྒྱས། །
    གསོལ་འདེབས་བྱས་ནས་རླུང་རྟ་རྒྱས། །

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 3:39 pm

    སྐྱབས་འགྲོ་བྱས་ནས་རླུང་རྟ་དར། །
    ལས་འབྲས་སྲུང་ནས་རླུང་རྟ་དར། །
    བྱང་སེམས་བསྒོམས་ནས་རླུང་རྟ་དར། །
    གཟུངས་སྔགས་བཟླས་ནས་རླུར་རྟ་དར། །

  5. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 3:42 pm

    རང་དོན་རེམས་ནས་རླུང་རྟ་དར། །
    སྤྱི་དོན་བསམ་ནས་རླུང་རྟ་དར། །
    ལ་རྒྱ་བྱས་ནས་རླུང་རྟ་དར། །
    གཞན་དོན་བསྒྲུབས་ནས་རླུང་རྟ་དར། །

  6. ཀརྡོ་གཉེར་ཕྱག་པ་ says:
    2015-03-27 at 1:46 am

    ཁ་བརྡར།
    དག་ཆ་ནོར་བས་རླུང་རྟ་ཆག །
    དག་ཆ་དག་པས་རླུང་རྟ་དར། །

    ནོར་ཚབ་ཆེ་བས་རླུང་རྟ་ཆག །
    དགག་བཞག་ལེགས་པས་རླུང་རྟ་དར། །

    གཞན་དམོད་མང་བའི་རླུང་རྟ་ཆག །
    ལ་རྒྱའི་བྲིས་པས་རླུང་རྟ་དར། །

    འཐེན་འཁྱེར་ཆེ་བས་རླུང་རྟ་ཆག །
    བཟོད་སྲན་ཆེ་བས་རླུང་རྟ་དར། །

  7. ཀརྡོ་གཉེར་ཕྱག་པ་ says:
    2015-03-27 at 1:48 am

    མདོར་ན།
    ལེགས་བྱས་རླུང་རྟ་དར་བའི་རྒྱུ། །
    ཉེས་བྱས་རླུང་རྟ་ཉེས་པའི་རྒྱུ། །
    ལས་འབྲས་བསམ་གྱིས་མི་ཁྱབ། །
    བདེ་བཞིན་གཤེགས་པ་ཁོ་ནས་མཁྱེན། །

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-28 at 2:56 am

    པདནམ་འཕྲིན་ལས་རླུང་རྟ་ཆག་པ།
    http://www.rfa.org/tibetan/tibet/a-group-of-unidentified-individuals-attacked-residence-of-pema-thinley-03272015102139.html

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme