Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད་ཀྱི་རྒྱལ་མོ་སླེབས་བྱུང་།

Posted on 2015-03-222015-03-23 By སྙན་བཟང་གཡུང་དྲུང་ཚེ་རིང 8 Comments on དཔྱིད་ཀྱི་རྒྱལ་མོ་སླེབས་བྱུང་།

སྙན་བཟང་གཡུང་དྲུང་ཚེ་རིང་།

 
དྲི་བཞོན་བུ་མོ་ལྷ་ལས་བབས་པས་དཔྱིད་ཀྱི་རྒྱལ་མོའི་རྨི་ལམ་དཀྲོགས།།
འཇམ་གཉེན་རྩི་ཤིང་གཉིད་ལས་བསླངས་ཏེ་གཅེར་གཟུགས་སྒྲིབ་པའི་གོས་སུ་བསྟེན།།
སྐྱེ་དངོས་འབུམ་ཕྲག་ལང་ཚོ་ལྡེམ་པའི་དུས་བཞིའི་ཐོག་མ་བདག་གིར་བཞེས།།
མི་ཡི་ཡུལ་ལ་ལྷ་ཡི་སྐྱེད་ཚལ་མངོན་སུམ་བྱས་འདི་ཨེ་མ་སྐྱིད།།

དཔྱིད་ཀྱི་དཔལ་མོའི་ལང་ཚོའི་དྲོད་ཀྱིས་འཁྱག་གིས་བསྡམས་པའི་ཆུ་ཀླུང་འབུམ།།
བཞུས་པའི་ཞུན་མས་གཡུ་འབྲུག་ཟོལ་གྱིས་ས་ཡི་མུ་འཁྱུད་གཅིག་ཏུ་སྦྲེལ།།
ལེགས་བྱས་དེ་ཡིས་ས་འཛིན་སྒེག་མོར་སྣ་ཚོགས་མེ་ཏོག་རྒྱན་དུ་བཏེགས།།
ངོ་མཚར་སྲིད་པའི་མཛེས་སྡུག་བསྡུས་འདྲའི་དཔྱིད་ཀྱི་དུས་འདི་སྙིང་ལ་ཞུམ།།

དཔྱིད་རླུང་མངར་མོས་འཁྱག་གིས་གླན་པའི་ལྗོན་པ་སྟེང་ལ་རེག་ཙམ་ཉིད།།
སྣ་ཚོགས་གཡུ་ལོ་རྒྱན་དུ་བཏགས་ནས་སྔོ་ལྗང་ལང་ཚོ་རྫོགས་པར་བྱས།།
འདབ་ཆགས་རི་དྭགས་མགོན་མེད་སེམས་ཅན་ཡི་མུག་སྲེད་པས་གདུང་བའི་ཚོགས།།
སྤྲོ་དགའི་བྱེད་པོ་དཔྱིད་ཀྱི་དཔལ་འདི་དོན་ཡོད་འཕྲུལ་གྱི་ཞགས་པ་བཞིན།།

དཔྱིད་ཀྱི་སྦྲང་ཆར་བདུད་རྩི་མངར་མོས་སྣོད་བཅུད་བྲན་པའི་དགེ་མཚན་གྱི།།
རི་མོ་འབུམ་ཕྲག་སྡུག་གུར་འཆར་འདིས་ལྷ་དང་ལྷ་ཡི་གྲོང་ཁྱེར་ན།།
མཆོག་ཏུ་འབར་བ་མཛེས་སྡུག་སྙིང་པོ་བསོད་ནམས་རླུང་གི་རྟས་དྲངས་ཏེ།།
མི་ཡི་ཡུལ་ལ་ལེགས་པར་སྤུངས་སྙམ་ངོ་མཚར་རྒྱན་གྱི་རྩེ་མོར་བསྙེགས།།

དགུན་གྱི་རང་བཞིན་སྲིན་མོའི་ཁྲོ་གཉེར་དཔྱིད་འདིས་ལྷ་ཡི་ཞལ་དུ་བསྒྱུར།།
མདོར་ན་ཕྱོགས་བཞིའི་ཁོར་ར་ཁོར་ཡུག་དགའ་བ་སྟོང་གི་དཔལ་གྱིས་སྙེམས།།
སྙན་ངག་མཁན་པོ་བྱེ་བ་རྒྱ་མཚོས་གཅིག་ཏུ་བྱས་ཀྱང་འགོད་དཀའ་བའི།།
རྫོགས་ལྡན་དཔྱིད་ཀྱི་མཛེས་སྡུག་བཞིན་མདངས་ཡོངས་སུ་བརྗོད་པའི་སྐལ་བ་ཕྲ།།

སྙན་ངག

Post navigation

Previous Post: བོད་རྒྱའི་གྲོས་གཞི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཐོག་རང་འཇགས་གནས་ཡོད།
Next Post: བྱང་ཨ་རིའི་བོད་རྒྱ་མཛའ་འབྲེལ་གྱི་གསང་བ།

Comments (8) on “དཔྱིད་ཀྱི་རྒྱལ་མོ་སླེབས་བྱུང་།”

  1. ཁྱུང་སེ། says:
    2015-03-22 at 1:30 pm

    ལུག་རིད་འཆི་མ་གསོན་ལ་བབས་པའི་དཔྱིད་ཀྱི་དུས།
    འབྲས་བཟང་སྟོན་གྱི་ཕུན་ཚོགས་ཡོངས་སུ་རྫོགས་པར་བྱས།
    དགུན་གྱི་ཁ་བའི་མེ་ཏོག་མཇའ་ལྟར་དབྱིངས་སུ་ཡལ།
    ཕུན་ཚོགས་དབྱར་སྟོན་མ་ཚེས་སྐྱ་སད་སྔོ་སད་དཔྱིད།

    སྟོན་གྱི་ཤ་མར་ཕུན་ཚོགས་དབྱིངས་སུ་བསྡུས།
    སྟོན་འབྲས་ཕུན་ཚོགས་དགུན་གྱི་ཁ་བས་བཅོམ།
    དབྱར་མིན་དགུན་མིན་སྟོན་མིན་བར་མ་དོ།
    མེད་མུག་དཔྱིད་ཀྱི་ནམ་ཟླ་ཚེས་འདི་སྐྱོ།

  2. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-03-23 at 10:05 am

    དུས་ཀྱི་རྒྱལ་མོར་འོས་ཤིང་འཚམས་པའི་བསྔགས་བརྗོད་གསེར་གྱི་འཕྲེང་།
    བོད་ཀྱི་སྙན་དངགས་མཁན་པོ་ཏི་སེ་དཀར་པོས་རྒྱན་དུ་བཏགས།
    བོད་ཡིག་མཚོན་ཆས་དབུལ་བའི་ཇག་རྐུན་གྱིས་འཕྲོག་སེམས་བཞིན་དུ།
    བོད་སྐད་ལེགས་སྦྱངས་ཏི་སེ་ནས་འབབ་ཆུ་བོར་བྱིང་ལ་ལྟོས།།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-23 at 4:31 pm

    དཔྱིད་དཔལ་མེ་ཏོག་ཤར་དུས། །
    དཔྱིད་ཀྱི་རྒྱལ་མོས་གླུ་བླངས། །
    དཔྱིད་ཀའི་དྲོ་འཇམ་སླེབས་དུས། །
    དཔྱིད་མོས་རས་སྲབ་་གྱོན་བྱུང་། །

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-24 at 1:32 am

    དཔྱིད་ཀྱི་ཕོ་ཉ་སླེབས་བྱུང་། །
    དཔྱི་གླུ་གཏམ་སྙན་གོ་བྱུང་། །
    དཔྱིད་ཀའི་མེད་ཏོག་མཛེས་བྱུང་། །
    དཔྱིད་སྦྲང་རྐང་དྲུག་འཕུར་བྱུང་། །

  5. BONPO says:
    2015-03-24 at 9:12 pm

    སྔ་རབས་བོད་བཙན་པོའི་རྒྱལ་རབས་རེ་རེའི་སྐུ་རིང་ལ། བཞེངས་པའི་གསས་མཁར་རེ་གསུངས་པའི་གསས་མཁར་དེ་རྣམས་ཕལ་ཆེར་འདི་འདྲ་ཞིག་དགོས་ཀྱི་ཡོད་པ་ཡིན་ནམ་སྙམ། ཁྱེད་རྣམ་པ་ལ་དགོངས་ཚུལ་འདྲ་གསུང་རྒྱུ་ཡོད་དམ། །
    https://www.youtube.com/watch?v=LAr20-YOFgw

  6. ཀརྡོ་གཉེར་ཕྱག་པ་ says:
    2015-03-25 at 3:20 pm

    གསས་མཁར་དེ་ཚོ། རྒྱལ་ཁབ་ཀྱི་མངའ་ཐང་དང་། ས་མཚམས་མཚོན་པ་དང་། དམག་དུས་སུ་སོ་ལྟ་བྱ་ས། འུ་ཐུག་དུས་སྲོག་སྐྱབས་ཡིབ་ས་མིན་འགྲོ་སྙམ་ཡང་། ཁུངས་དག་ཤེས་ཁུངས་མེད་པས། འོལ་དཔྱད་བྱ་རྒྱུ་ཙམ་ལས་མ་འདས།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-03-26 at 1:30 am

    བོད་བཙན་པོའི་རྒྱལ་བརྒྱུད་ཐ་མའི་སྐྱོ་སྣང་ལ་གཟིགས་དང་།
    https://www.youtube.com/watch?v=RK2J7wKxJOI

  8. ཀརྡོ་གཉེར་ཕྱག་པ་ says:
    2015-04-08 at 9:42 am

    དཔྱིད་ཀྱི་ཕོ་ཉ་ཁུ་བྱུག་གསུང་སྙན་གསན་དང་།
    https://www.facebook.com/video.php?v=10205519142651508&set=vb.1639964546&type=2&theater

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme