Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པད་མ་ཡོ་ཁོ་བཀླགས་རྗེས།

Posted on 2015-03-192015-03-19 By ཁ་བརྡ 4 Comments on པད་མ་ཡོ་ཁོ་བཀླགས་རྗེས།

བློ་གྲོས་རབ་བརྟན།

 
༼ཁ་བརྡ་དྲ་ཚིགས་ལས་༼རང་བཙན་འབོད་སྒྲ་བཀག་སོང་༽ཟེར་བའི་ཁ་བྱང་འོག་ནེའུ་ཡོག་གི་ད་ལོའི་གསུམ་དུས་ཀྱི་རྙོག་གླེང་ཐད་བོད་ཡིག་ཏུ་བསྒྱུར་བའི་ཆེད་རྩོམ་ཞིག་བཀླགས། འབྲི་མཁན་གྱི་མིང་ལ་པད་མ་ཡོ་ཁོ་ཟེར་ཞིང་། དེ་སྔོན་ཞིག་ལ་དེབ་ཚོང་ཁང་ཞིག་ནས་༼རི་བོ་མང་བོ་བརྒལ་བ༽ཟེར་བའི་དེབ་ཅིག་མཐོང་མྱོང་ལ། བསམ་ཚོད་ལ་དེབ་དེ་རྩོམ་པ་པོ་དང་མི་འདི་གཅིག་པ་ཡིན་པ་འདྲ།༽

ངའི་བོད་དུ་ལྷག་ཏུ་ངའི་ཕ་ཡུལ་དུ། གཅིག་བུ་སྲང་ལ་ཐོན་ཏེ་བོད་མིའི་འཚོ་གནས་ཀྱི་ཆེད་དུ་དཔའ་ཁེ་རྒྱུགས་ཀྱི་སྐབས་སུ། བཙན་བྱོལ་དུ་གསུམ་དུས་འབོད་ཚིག་ཅིག་གི་ཆེད་དུ་ནང་ཁུལ་ཁ་གཏད་གཅོག་རེས་བྱས་སོང་ལ། རང་བཙན་དང་ཐོབ་ཐང་ཟེར་ནས་ནང་ལ་རྒྱུགས་ཡོང་གི་འདུག དངོས་གནས་བོད་མི་གོ་ཐུབ་ནི་མཐོང་ཐུབ་ནི་སྐོར་ཞིག་ད་ནི་གོ་མི་ཐུབ་ནི་མཐོང་མི་ཐུབ་ནི་ཆགས་འདུག “གཡག་ར་སྒྱེ་ནང་དུ་བླུགས་པ་”རང་རེད་འདུག

བོད་དོན་ཐད་ནས་བསམས་ན། བོད་ནང་གི་ཛ་དྲག་ལ་གཞིགས་ཏེ། དབུ་མའི་ལམ་གྱི་སྲིད་ཇུས་བཟུང་བ་རེད། སྲིད་ཇུས་དེས་ཐོབ་ཐང་གི་སྐད་ཆ་ཤོད་ཀྱི་མེད་ལ། བོད་མི་རྩ་བརླག་ཏུ་འགྲོ་བཞིན་པའི་གནས་བབ་དེར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་ཐབས་རེད། དེ་ནི་ཐོབ་ཐང་ལས་ལྷག་པའི་གལ་ཆེན་ཡིན་ཏེ། མི་རིགས་ཤིག་འཆི་བ་ལས་སྐྱོབ་ཐབས་རེད། ཐོབ་ཐང་དང་འཚོ་གནས་གཉིས་ལས་འཚོ་གནས་དེ་དང་པོར་འཇོག་དགོས། དེ་ལོས་ཡིན། མི་རིགས་ཤིག་འཚོ་གནས་ལ་དཀའ་ངལ་མེད་ན། ང་ཚོས་ཐོབ་ཐང་གླེང་ན་རྒྱུ་འབྲས་དང་མཐུན་ཞིང་། གླེང་རྒྱུ་འང་དེ་རང་ཆགས་ཡོད།
འོན་ཏེ་བོད་ནང་གི་བོད་མིར་དགོས་པ་དེ་ཐོབ་ཐང་གི་སྐད་ཆ་མ་རེད། འཚོ་གནས་ཀྱི་སྐད་ཆ་རེད། བོད་དུ་བོད་མི་ཚོ་འཚོ་གནས་ཀྱི་དཀའ་ངལ་ཉིན་མ་རེ་རེ་བཞིན་སྡུག་ཏུ་སྡུག་ཏུ་འགྲོ་བཞིན་ཡོད།མི་རིགས་ཤིག་འཆི་བ་ལ་ཐག་ཉེ་རུ་ཉེ་རུ་འགྲོ་བཞིན་ཡོད། རྩ་བརླག་ལ་ཁ་ཐག་ཇེ་ཉེ་ནས་ཇེ་ཉེ་རེད།དེ་འདྲའི་གནས་སྟངས་འོག་ཁ་ཚ་དགོས་གཏུག་དེ་འཆི་བ་ལས་སྐྱོབ་ཐབས་ལ་འབད་དགོས། དེ་དོན་དངོས་རེད་ལ། དངོས་ཡོད་ཀྱི་ཁ་གྲག་པའང་དེ་རེད། བོད་དུ་བོད་མི་ཚོར་དགོས་པའང་དེ་རེད།

མི་རིགས་ཤིག་འཆི་བ་ལས་སྐྱོབ་ཨེ་ཐུབ་བལྟ་རྒྱུ་ཡིན། དེ་དང་མཐུན་པའི་སྲིད་ཇུས་བཟུང་སྟེ། དེ་མཐུན་གྱི་ལས་འགུལ་སྤེལ་ཡོང་དུས། ཕར་ཕྱོགས་ནས་མི་སྐོར་ཞིག་ལངས་ཡོང་གི་འདུག ཐོབ་ཐང་གི་དར་ཆ་འཕྱར་ཏེ་ཡོང་གི་འདུག བོད་མིའི་ཐོབ་ཐང་རང་བཙན་ཁ་ལ་འཁྱེར་ཡོང་གི་འདུག དབུ་མའི་སྲིད་ཇུས་ཀྱི་འབོད་ཚིག་དང་ལས་འགུལ་ལ་ཁ་གཏད་གཅོག་གི་འདུག ད་དུང་བོད་མིའི་ཚོགས་པ་འགའི་གནད་ཡོད་དག་ལ་དམིགས་ཏེ། དེ་དག་གིས་མི་སྒེར་གྱི་ཐོབ་ཐང་འཕྲོག་གིན་འདུག་མདོག་མདོག་གིས།ཁ་བཀག་སོང་། མཐར་འཕུད་སོང་། ཁ་མཚང་ངོ་མཚང་བྲུས་སོང་། ཞེད་སྣང་བསྐུལ་སོང་། ཅིག་སེམས་ཤུགས་ཆག་སོང་། ཉིག་ནང་ལ་ལོག་སོང་། ད་བར་དུ་བཅོ་བརྒྱད་བྱས་པ་དེ་བཤིག་གྲབས་བྱས་སོང་ཟེར། ཅི་ཞིག་བཤད་ཀྱང་ཆོག ཁྱོད་ཀྱི་ཐོབ་ཐང་རེད། ཁྱོད་ཁྱོད་ལ་ཕྱོགས་པའི་སྐད་ཆ་ལུང་བ་གང་ཡོད་ཅིང་། ཁོ་ཁོ་ལ་ཕྱོགས་པའི་སྐད་ཆ་ལུང་བ་གང་ཡོད་ཡོད་པ་རེད། སུ་ལ་བདེན་པ་ཡོད་མེད་འཚོལ་དགོས་ཀྱི་མི་འདུག
ང་ཚོར་དགོས་པ་དེ་དོན་དངོས་དང་མཐུན་ཞིང་། བོད་ནང་གི་ཛ་དྲག་གནས་སྟངས་ཏེ། བོད་མིའི་འཚོ་གནས་ལ་སུས་སེམས་ཁུར་གནང་གི་འདུག སུས་དེའི་ཆེད་དུ་གང་ཡོང་ཅི་ཐུབ་བྱེད་ཀྱི་འདུག སུའི་ལས་དོན་དང་སྲིད་ཇུས་དེ་བོད་ལ་ཕྱོགས་འདུག འདི་དག་ནི་བོད་མི་ཚོ་སུའི་ཕྱོགས་སུ་ལངས་དགོས་མིན་གྱི་རྩ་བའི་ཐག་གཅོད་ས་དེ་རེད།

ང་ཚོར་དགོས་པ་དེ་རྡོག་རྩ་གཅིག་སྒྲིལ་ལོས་ཡིན། རྒྱལ་ཁའི་རྩ་བ་མཐུན་སྒྲིལ་ཟེར་བ་རྒྱུན་ཤེས་ཤིག་རེད། འོན་ཏེ། ཕར་ཚུར་གོ་ཤེས་ཉན་ཤེས་མེད་པར་ཐོབ་ཐང་ཟེར་ནས་རྒྱུགས་ཡོང་ན། ང་ཚོ་བྱེད་ཐབས་གང་ཡང་ཡོད་པ་མ་རེད། གོ་ཐུབ་ནི་བལྟ་ཐུབ་ནི་སྐོར་ཞིག་གིས་འདི་ལྟར་བྱེད་ཡོང་ན། རང་སར་འཇོག་རྒྱུ་ལས་དེ་ལ་ཁ་གཏད་བཅག་ནས་ཅི་བྱ། འདི་ནི་གཅིག་བྱས་ན་ཤེས་བཞིན་དུག་འཐུང་ཟེར་བ་ཡིན་རྒྱུ་རེད་ལ། མུ་མཐུད་དུ་ཁོང་ཚོས་དབུ་མའི་སྲིད་ཇུས་ཀྱི་ལྡོག་ཟླར་འགྲོ་བའི་ཚོགས་འདུ་འཚོགས་པ་དང་། གཏམ་བཤད་སྤེལ་བ། ལས་འགུལ་ཙག་ཙིག་མང་པོ་སྤེལ་ངེས་རེད་ལ། ནམ་ཞིག་དབུ་མའི་སྲིད་ཇུས་བརྒྱུད་བོད་དུ་འགྱུར་བ་ཞིག་མངོན་དུ་ཕྱོགས་དབང་དུ་བཏང་ན། དེ་དུས་ཡང་འདི་དག་གིས་འདྲ་མིན་བྱེད་ཀྱི་རེད། སྐབས་དེའི་ཐག་གཅོད་ལ་ཁ་གཏད་དུ་ངོ་རྒོལ་དང་བསྒྲགས་གཏམ་ཟེར་བ་སོགས་སྤེལ་རྒྱུ་ཡིན་པ་ཐག་གིས་ཆོད་ལ།དེ་ནི་ཨ་གཞུང་དང་ཨི་རན་བར་རྡུལ་ཕྲན་གོ་མཚོན་བཟོ་སྐྲུན་ཐད་གྲོས་ཆོད་ཅིག་འཇོག་ལ་ཕྱོགས་སྐབས། ཨ་རིའི་གྲོས་ཚོགས་འཐུས་མི་སྐོར་ཞིག་གིས་ཨི་རན་གཞུང་ལ་ཡི་གེ་བསྐུལ་ཏེ། གཞུང་གཉིས་བར་ལ་གྲོས་ཆོད་འཇོག་པར་བར་ཆད་བྱེད་པ་ལྟར་རེད།

ང་ཚོས་ག་དུས་ཡིན་ནའང་བོད་ཀྱི་གནས་སྟངས་ལ་གཞིགས་ནས་གོམ་པ་སྤོ་དགོས། དེ་ནི་ང་ཚོ་བཙན་བྱོལ་བ་ཚོ་ཁོང་ཚོའི་ཚབ་ཡིན་པས་རེད། ཁོང་ཚོའི་དཀའ་ངལ་སེལ་ཐབས་དང་། གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐུབ་ན། དེའི་དོད་དུ་ཡོད་ཚད་བློས་གཏོང་བྱེད་དགོས་ལ། ལོ་རྒྱུས་ཀྱི་གནས་བབ་ཅིག་ཁ་ལ་འཕྲད་དུ་བཟུང་སྟེ། ཐོབ་ཐང་ཞིག་གླེང་ནས་སྡོད་རྒྱུ་ཞིག་ག་ནས་ཡིན། ང་ཚོ་ཡར་འཛེགས་མར་འབབ་བརྒྱ་བྱེད་དགོས་ནའང་བྱེད་དགོས་པ་རེད། ང་ཚོ་དགོས་པ་ནི་བོད་དུ་བོད་མི་ཚོ་རྩ་བརླག་ཏུ་འགྲོ་བཞིན་པའི་གནས་བབ་ལ་འགྱུར་བ་ཞིག་གཏོང་ཐུབ་ན་དེ་རེད། དེ་ལྟར་ཡོང་ན་བོད་མི་ཚོ་མིའི་གྲལ་དུ་རྒྱུན་རིང་པོར་གསོན་ཐུབ་ཀྱི་རེད། དེ་ལྟར་མ་བྱུང་ནའང་དེ་ལྟར་ཡོང་ཐབས་ལ་མ་ལན་མ་འགྱོད། ཡོད་དགུ་རྩལ་སྤྲུག་བྱེད་དགོས་པ་དེ་བསྙོན་མེད་རེད། དེ་ལས་ལྡོག་སྟེ་ང་ཚོ་ཐོབ་ཐང་གླེང་ནས་སྡོད་མཁན་ཞིག་ནམ་ཡང་ཆགས་མི་ཉན།

ཧྲིལ་གྱིས་བཤད་ན། ང་ཚོས་མི་རིགས་ཤིག་གི་འཚོ་གནས་ལ་དཀའ་ངལ་ཛ་དྲག་འཕྲད་ཀྱིན་པའི་སྐབས་སུ། འཚོ་གནས་ཀྱི་དཀའ་ངལ་ཉུང་དུ་བཏང་སྟེ། རྒྱུན་གནས་ཡོང་ཐབས་ལ་འབད་དགོས་པ་ལས། དེ་བཞག་ནས་མི་རིགས་དེའི་ཐོབ་ཐང་སྐོར་དང་ཡང་ན་མི་སྒེར་གྱི་ཐོབ་ཐང་སྐོར་གླེང་བ་ཡིན་ན། རང་ཉིད་གཙོ་བོར་བཟུང་བ་ལས་བོད་ཀྱི་བོད་མི་ཚོ་གཙོ་བོར་བཟུང་མེད་པའང་སྟོན་གྱི་ཡོད་ལ། བོད་ནང་གི་ཛ་དྲག་གི་གནས་བབ་ལ་གདོང་ལེན་གང་ཡང་བྱེད་ཀྱིན་མེད་པའང་ཟུར་བསྟན་རེད། འདིའི་རིགས་ཀྱི་ལས་ཀ་བྱེད་སྟངས་དེ་ནི་གཡས་གཡོན་གང་ལ་འང་བལྟ་མི་དགོས་པར་གཅིག་བུ་ལམ་ལ་ཆས་པ་རེད།

བསམ་ཚུལ།

Post navigation

Previous Post: བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་དང་འབྲེལ་བ་གཏིང་ཟབ་ཡོད།
Next Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་ལྔ་བ།༽

Comments (4) on “པད་མ་ཡོ་ཁོ་བཀླགས་རྗེས།”

  1. སྐལ་ཚེ། says:
    2015-03-20 at 1:14 am

    རྒྱ་ནག་གི་ངོ་བོར་དབུ་མའི་ལམ་དང་། རང་བཙན་གཉིས་ལ་གུ་ཡངས་ཀྱི་ཁྱད་པར་གཏན་ནས་བྱེད་མི་སྲིད་པ་ཞིག་རེད། ཕྱིར་མིག་བལྟས་པ་ལས་ཤེས་ངེས། བོད་རིགས་ནང་ཁུལ་དུ་དུམ་བུ་བཟོ་བྱེད་ཙམ་རེད། གཉིས་ཀ་རྩོད་ནའང་མི་འགྲིག་པ་གང་ལ་ཡོད་དམ། ག་རེ་སྤྲད་ན་དེར་འགྲོ་ན་མི་ལེགས་སམ། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་སྐབས་སུ་བོད་གཞུང་ལས་ཤོག་ཐོག་ཏུ་ཚད་མཐོ་རང་སྐྱོང་ལས་གཞན་པ་གང་ཡང་མི་དགོས་རབས་བཤད་དེ་མཚན་རྟགས་བརྒྱབ་སྟེ་་རྒྱ་ནག་ལ་ཕུལ་ཡོད། དེ་ཙམ་མ་ཟད་བོད་གཞུང་སྒོ་བརྒྱགས་པ་སོགས་བློས་བཏང་མང་པོ་བྱས་ཡོད་མཐའ་མར་གང་ཕན་ཐུབ་སོང་ངམ། ད་དུང་རྒྱ་ནག་ལ་སྤྲེལ་ལད་ཁྲབ་སྟེ་གཞོན་ནུ་ཚོགས་པ་དང། རང་དབང་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ཚོགས་པ། ཆུ་བཞི་སྒང་དྲུག་སོགས་ཀྱང་སྒོ་རྒྱོབས། དེ་ནི་གཞི་ནས་རྒྱ་ནག་གི་བསམ་དོན་འགྲུབ་པ་རེད། ཧཧཧ་་་་ མཐར་ང་ཚོ་ཤར་པ་དང་། རྟ་མང་གཅིག་མཚུངས་སུ་ཆགས་ངེས་རེད།

  2. བོད་ཁམས་སྡེ་ says:
    2015-03-20 at 4:25 am

    ཁྱོད་ལ་ཐོབ་ཐང་དགོས་ཀྱི་མེད་ན་བོད་དུ་ལོག་རྒྱུག་ བོད་མི་རྒྱ་ཆ་༩༠ ཐམ་པ་བོད་ལ་གནས་ཡོད་ རྒྱ་ནག་ནས་དུས་རྒྱུན་དུ་སོ་སོའི་ཁྱིམ་དུ་ལོག་ཤོག་ཟེར་གྱི་མི་འདུག་གམ། བོད་འདི་རང་བཙན་གྱི་ཉིན་མོ་ཞིག་མ་ཤར་བར་ ང་ཚོས་ནམ་ཡང་རྒྱ་འདྲེ་ལ་རེ་བ་དང་ཡིད་ཆེས་བྱེད་མི་རུང་།

  3. ཚ་སྒང་ཕོ་ཉ། says:
    2015-03-20 at 12:06 pm

    ཐོབ་ཐང་ལས་འཚོ་གནས་གལ་ཆེ་ཐོབ་ཐང་བཞག་ནས་འཚོ་གནས་རྩོད་དགོས་ཟེར། ཐོབ་ཐང་གླེང་ནས་འཚོ་གནས་རྩོད་ལེན་གནང་དགོས་པ་ལས་ཐོབ་ཐང་བཞག་ནས་ཐོབ་ཐང་མེད་པའི་འཚོ་གནས་ཤིག་རྩོད་ལེན་བྱས་པ་ནི་ཁྲིམས་མཐུན་མ་ཡིན་པ་ཞིག་རྩོད་ལེན་བྱས་པ་དང་གཅིག་པ་རེད། དེ་ལ་གྲུབ་འབྲས་གཏན་ནས་ཐོབ་ཐབས་མེད་པ་རེད། འཛམ་གླིང་ཐོག་གི་འཚོ་གནས་དང་རབ་དབང་རྩོད་མཁན་ཡོད་ཚད་ཀྱིས་ཐོབ་ཐང་གཞིར་བཞག་ནས་རྩོད་ཀྱིན་ཡོད་ཟེར་ཀྱིན་ཡོད་པ་རེད། དཔེ་ན་མི་གཉིས་བར་སྒོར་མོ་བརྒྱ་ཡི་དོན་དུ་ཁྲིམས་སར་རྩོད་གླེང་བྱུང་སྐབས་རྩོད་ལེན་གནང་མཁན་དེས་སྒོར་མོ་དེ་ངའི་ཡིན་པས་ངས་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ཅེས་རྩོད་ལེན་གནང་དགོས་པ་ལས་སྒོར་མོ་དེ་ཁོང་གི་རེད།
    ཡིན་ན་ཡང་ངས་ལོངས་སུ་སྤྱོད་དགོས་ལབ་ན་སྨྱོན་པ་རེད་བསམ་ནས་སྨྱོ་ནད་སྨན་ཁང་ལ་བསྐྱལ་ཉེན་ཡོད་པ་ལས་གྲུབ་འབྲས་ཐུབ་མི་སྲིད་པ་རེད། རྒྱ་ནག་གིས་དུས་ཀུན་ཏུ་རྒྱལ་ཁབ་གཞན་གྱི་དཔོན་རིགས་རྣམས་ཀྱིས་བོད་དོན་སྐོར་གླེང་སྐབས་ཁྱེད་ཚོས་རྒྱ་ནག་གི་ནང་སྲིད་ལ་ཇུས་ཏོག་བྱེད་མི་ཆོགས་ལབ་ཀྱིན་ཡོད་པ་རེད། ང་ཚོས་རང་བཙན་དང་ཐོབ་ཐང་ལ་གཞི་མ་བཅོལ་ན་གོང་གི་སྐད་ཆ་དེ་བདེན་པར་དོན་གྱིས་ཁས་ལེན་འགྲོ་བཞིན་ཡོད་པ་རེད། དེས་བོད་པའི་དོན་དུ་ཁ་ཞེ་གཉིས་མེད་རྒྱབ་སྐྱོར་གནང་མཁན་ཚོ་ཡང་སྟབས་བདེ་མེད་པ་བཟོ་བཞིན་ཡོད་པ་རེད།

    ཕྱོགས་གཞན་ནས་བསམ་ན་རང་བཙན་རྩོད་པས་དབུ་མ་ལ་ཅི་ཞིག་གནོད་བཞིན་ཡོད་དམ། དབུ་མའི་སྲིད་ཇུས་གཏན་ལ་ཕབས་དགོས་ཡ་དེ་རང་བཙན་ཟེར་བ་ཞིག་རྩོད་བཞིན་ཡོད་པ་ཡིན་ཙང་དབུ་མ་ཞེས་པ་དེ་གྲུབ་པ་རེད། རང་བཙན་མེད་ན་དབུ་མ་ཡོང་ཐབས་གཏན་ནས་མེད་པ་རེད་ལ། བོད་ཕྱི་ནང་གཉིས་ནས་རང་བཙན་རྩོད་མཁན་མེད་པ་ཆགས་པའི་ཉིན་མོ་དེ་ནས་རྒྱ་ནག་ངོས་ནས་དབུ་མ་ལ་རིན་ཐང་ཅི་ཡང་མེད་པ་ཆགས་ཟིན་པ་མ་རེད་དམ།
    ཏིང་ཞོ་ཧྥིང་གིས་རང་བཙན་ལས་གཞན་པའི་སྐད་ཆ་གང་ཡིན་རུང་བཤག་ཆོག་ཅེས་བཤད་དགོས་པའི་གཞི་བཅོལ་ས་དེ་རང་བཙན་རྩོད་ན་རྒྱ་ནག་ལས་ལོག་སུ་འགྲོ་རྒྱུ་ཡིན་པས་ལོག་སུ་འགྲོ་མི་དགོས་པའི་ཐོག་ནས་སྐད་ཆ་བཤད་དགོས་བསམ་པ་རེད་མ་གཏོགས་རྒྱབ་ལྗོངས་གཞན་ཅི་ཡང་ཡོད་པ་མ་རེད། དེ་ཡང་སྐབས་དེ་དུས་བོད་པའི་སྤྱི་ཚོགས་སུ་རང་བཙན་རྩོད་བཞིན་ཡོད་ལ་བོད་གཞུང་ངོས་ནས་ཀྱང་རང་བཙན་རྩོད་བཞིན་ཡོད་པས་རེད།

    ཉེ་ཆར་ཀྲུང་ཝན་ཆོས་ཀྱིས་དབུ་མའི་ལམ་མཚམས་འཇོག་བྱོས་ཞེས་བསྒྲགས་གཏམ་སྤེལ་ཡོད་པ་རེད། དེའི་ཐོག་ནས་ང་ཚོས་ལོ་མང་རིང་གུ་ཡངས་བྱས་པ་དེས་རྒྱ་ནག་སྤོབ་པ་ཆེ་རུ་ཕྱིན་པ་ལས་བསམ་ཤེས་ཐོབ་མེད་པ་གསལ་པོ་རེད་ལ། རྒྱ་ནག་གིས་བོད་མིའི་སྒྲིག་འཛུག་ལ་རང་བཙན་རྩོད་ལེན་བྱེད་ཐུབ་པའི་སྙིང་སྟོབས་དེ་མི་འདུག་སྙམ་ཡོད་པ་རེད། རྒྱ་ནག་གིས་དུས་ཀུན་དུ་གཞོན་ནུ་ཚོགས་པ་ནི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་པ་ཞིག་རེད་ཟེར་བ་སོགས་དང་དེ་སྔོན་གཞོན་ནུའི་ཚོགས་མི་བྱས་མྱོང་བའི་མི་མང་པོའི་པར་དང་ལོ་རྒྱུས་དང་བཅས་པ་དྲྭ་ཐོག་ལ་སྤེལ་ཡོད་པ་རེད། དེས་གང་ཞིག་མཚོན་པ་རེད་དམ།

    བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོ་ཡོད་རུང་གཞོན་ནུ་ལ་འབུར་དུ་ཐོན་པའི་ཉེས་འཛུག་བྱེད་དགོས་ཡ་དེ་ནི་གཞོན་ནུས་རང་བཙན་མཐའ་གཅིག་ཏུ་རྩོད་ཀྱིན་ཡོད་པའི་ཚོགས་པ་ཆེ་ཤོས་དེ་ཡིན་པས་རེད། དེས་ཁོ་ཚོ་ལ་སེམས་ཚབ་དང་སྙིང་རླུང་ལངས་བཅུག་གིན་ཡོད་པ་རེད། དེང་སྐབས་རྒྱ་ནག་གཞུང་སེམས་ཚབ་དང་སྙིང་རླུང་སློང་མཁན་གྱི་ཚོགས་པ་དེ་ཡང་ཁ་འཐོར་དགུ་འཐོར་བཟོས་ཡོད་པ་རེད། དེ་སུས་བཟོས་པ་རེད། དབུ་མའི་ལམ་ཁ་ལ་འཁྱེར་མཁན་གྱི་མི་ཁག་གཅིག་གིས་བཟོས་ཡོད་པ་རེད། དེ་ལྟར་ཆགས་པ་དེས་དབུ་མའི་ལམ་ལ་གྲུབ་འབྲས་ཐོན་ཡོད་དམ་ཡང་ན་རྒྱ་ནག་གཞུང་ཕྱོགས་ལ་གྲུབ་འབྲས་ཐོན་འདུག་ཚང་མའི་མཁྱེན་གསལ་ལྟར་རེད། མི་ཁག་གཅིག་གིས་རྒྱ་བ་རིན་པོ་ཆེས་དབུ་མའི་ལམ་རྩོད་ཀྱིན་འདུག་ཟེར་ནས་རང་བཙན་རྩོད་ན་ཁོང་གི་དགོངས་པ་འཁྲུགས་ཀྱི་རེད་ཟེར་ནས་བཤད་བཞིན་འདུག། དེ་ནི་ཁུངས་ལུང་མེད་པའི་སྐད་ཆ་རེད་ལ་མི་དེའི་རིགས་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་ཚད་གཞི་གང་འདྲ་ཞིག་བཟུང་འདུག་ཀུན་གྱིས་མཁྱེན་དགོས་ངེས་རེད། རྒྱལ་བ་རིན་པོ་ཆེ་ནི་དགྲ་བོ་རྒྱ་དམར་ལ་ཡང་དགོངས་པ་མ་འཁྲུགས་པ་མཉམ་གནས་བྱ་རྒྱུའི་དགོངས་པ་ཡོད་ན་བོད་མི་རང་བཙན་རྩོད་མཁན་ལ་དགོངས་པ་ཇི་ལྟར་འཁྲུགས་སྲིད་དམ། དེ་ནི་མི་སྲིད་པ་ཞིག་རེད།

  4. གཡག says:
    2015-03-21 at 3:28 am

    བློ་གྲོས་རབ་བརྟན་ལགས། ང་ནི་བོད་ནས་འཚར་ཞིང་རྒྱ་གར་དུ་སླེབས་ནས་ལོ་གཉིས་ལྷག་ཙམ་ལས་ཕྱིན་མེད། བོད་ནང་གི་བོད་མི་ཚོས་འཚོ་གནས་ཀྱི་ཆེད་དུ་རང་ལུས་མེར་སྲེག་བཏང་བ་དང་། རྒྱ་ནག་བཞུང་ལ་རྩོན་ལེན་བྱེད་བཞིན་མེད། དེ་ཧ་གོར་བར་གྱིས། བོད་ནང་དུ་འཚོ་གནས་ཡག་པོ་ཡོད་པ་དང་། ལྷག་པར་དུ་རྒྱ་གར་དང་དུ་བསྡུར་ན་དེ་ལས་ཡག་པ་ཡོད། འོན་ཀྱང་བོད་ནང་དུ་ཆོས་དད་རང་དབང་དང་། ཐོབ་ཐང་འདྲ་མཉམ། སྨྲ་བརྗོད་རང་དབང་། སོགས་མེད་པ་མ་ཟད། བོད་ནི་དུས་ནམ་ཡང་བོད་ཡིན་པ་ལས་རྒྱ་མི་མིན། རྒྱ་ནག་གི་མངའ་ཁོངས་མིན། རྒྱུ་མཚན་དེ་ལ་བརྟེན་ནས་བོད་ནས་ངོ་རྒོལ་བྱེད་བཞིན་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme