Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མར་མེའི་མི་ཚེ།

Posted on 2015-03-192015-03-19 By ཁ་བརྡ 2 Comments on མར་མེའི་མི་ཚེ།

——མར་མེ———

 
བྱིས་པ།

ཀ་ཁ་སྦྱོར་ཀློག་དགའ་བའི་བྱིས་པ་ཆུང་ཆུང་།།
ཁ་བའི་སྐྱེས་མ་ཞིག་གི་རེ་བ་གཏད་ས།།
ག་པར་གཏད་སོ་མེད་པ་ནུ་ཐུང་བྱ་བ།།
ང་ཡི་དྲན་པའི་ཁྲོད་ན་སྤྲོ་བའི་སྐབས་ཤིག །

ཅ་ཅོ་རྩེད་རའི་ནང་གི་མིག་གི་འབྲས་བུ།།
ཆ་བྱས་གཅེན་མོའི་ལག་གི་དོར་མེད་འགན་འཁྲི།།
ཇ་ཆང་ཟས་ཀྱི་ཉིང་ཁུ་དྲངས་སའི་གཞི་མ།།
ཉ་རྒྱས་བྱིས་པའི་དུས་དེ་སྤྲོ་བས་རྫོགས་འདུག །

 
གཞོན་ནུ།

ཏ་ལའི་ལོ་མར་བྲིས་པའི་ཐུབ་པའི་གསུངས་རབ།།
ཐ་དག་སྒྲུབ་ལ་གཞོལ་བའི་བཤེས་ཀྱི་དྲུང་ན།།
ད་དུང་ཟོལ་བྲལ་གྲོགས་དང་ལྷན་དུ་སྡེབ་སྟེ།།
ན་གཞོན་དུས་དེ་འབྲོག་རིར་དོན་སྙིང་ལྡན་སྙམ།།

པ་བཟང་བྱི་བས་བསྐྲུན་དཀའ་གཞོན་ནུའི་དལ་བཟང་།།
ཕ་མའི་རེ་བའི་ལྕགས་ཀྱིས་ནན་དུ་བསྐུལ་ཏེ།།
བ་གླང་མི་ཁྱུར་བཅུག་ར་འབྲོག་གི་གླིང་ནང་།།
མ་ལུས་ཐོབ་རྩོད་ཁྲོད་ན་གཞོན་དུས་ཡོལ་སྙམ་།

 
དར་མ།

ཙག་ཙིག་ཡར་ཡེར་སེམས་པས་འདུན་པ་བསྐུལ་ཏེ།།
ཚ་བའི་ཡུལ་གྲུ་ཞིག་ལ་དལ་གྱི་བསླེབས་ཐལ།།
ཛ་འཛོར་ཁོར་ཡུག་དེ་ལ་ཡིད་བསུན་སྐྱེས་པས།།
ཝ་བཞིན་གྲོང་ཉུལ་བྱེད་པའི་དུས་འགོ་བརྩམས་ཐལ།།

ཞྭ་སེར་རིང་ལུགས་ཁྲོད་ན་སློབ་ལ་བརྩོན་སྐད།།
ཟ་རོཊ་གྲོཊ་དགའི་གཏམ་གྱིས་སྣང་བ་བསླུས་ཐལ།།
འ་འུར་ཟང་ཟིང་འཚོ་བར་གསར་འདྲིས་བྱས་པས།།
ཡ་ཁོག་དར་མའི་དུས་འདིར་འགྱོད་ཀྱིས་ཁེངས་ཐལ།།

ར་བ་གངས་རི་མུ་འབྲེལ་བསིལ་ལྡན་ལྗོངས་དེར།།
ལ་ལུང་བྱི་བས་ཆོད་པ་སུད་སིའི་ཡུལ་ནས།
ཤ་རུས་གཏིང་ནས་ཞེན་པའི་དར་མའི་མི་ཚེ།།
ས་རྒྱུས་ཆ་མེད་ཡུལ་འདིར་རྒྱུ་འགོ་བརྩམ་ཐལ།།

ཧ་ཅང་འགྲན་རྩོད་ཆེ་བའི་སྤྱི་ཚོགས་ནང་དུ།།
ཨ་ཅོ་ཧད་དེ་ལུས་པའི་ཐབས་ཟད་མིན་ཡང་།།
ཧ་ལས་ཡ་མཚན་དགོས་པའི་སྙིང་པོ་མ་མཐོང་།།
ཨ་ལ་ལན་གཅིག་ཕྱིར་དྲན་ཀློང་ན་འཐིམ་ཐལ།།

སྙན་ངག

Post navigation

Previous Post: རྒྱ་སེ་མེ་ཏོག
Next Post: རིན་ཆེན་རིལ་བུ་ཉོ་ཐུབ་མ་སོང་།

Comments (2) on “མར་མེའི་མི་ཚེ།”

  1. ཇུས་ཏོག says:
    2015-03-19 at 12:19 pm

    ཀ་ར་གུ་རམ་བོད་དུ་ཟས་།

    ཁ་ལམ་རྒྱུད་ནས་སུད་སིར་འབྱོར་།

    དགའ་སྐྱིད་འཛོམས་པའི་ས་ཆ་ལ་།

    ང་ཡང་དེ་རུ་ཐེ་གཅིག་སླེབས་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 12:36 pm

    ཀ་ཁ་བོད་ནང་སྦྱངས། །
    ཁ་བྱང་རྒྱ་གར་བྲིས། །
    ག་ས་ག་རུ་སླེབས། །
    ང་ཡི་མི་ཚེ་འདི། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme