Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་སུ་མཆེད་པའི་འོད་སྣང་གསུམ་པ།

Posted on 2015-03-182015-03-18 By ཁ་བརྡ 5 Comments on ནུབ་ཕྱོགས་སུ་མཆེད་པའི་འོད་སྣང་གསུམ་པ།

མི་གསོན་པོས།

unnamedདེ་ཡང་༧རྒྱལ་བའི་དབང་པོ་ཀརྨ་པ་གྲོང་ཁྱེར་སན་ཧྥི་རན་སི་སི་ཁོ་རུ་ཆིབས་བསྒྱུར་གྲུབ་པའི་ཉིན་གཉིས་པ་གྷོ་གྷོལ་ཁེ་ལས་ཚོང་གཉེར་ཁང་གིས་གདན་ཞུས་ཀྱིས་བགྲོ་གླེང་དང་བཀའ་སློབ་གནང་ཡོད་པ་དང་། དེ་རིང་ཕྱི་ཚེས་༡༧ཉིན་གྱི་ཕྱི་དྲོ་ཆུ་ཚོད་ལྔ་པའི་ཐོག་ཏུ་འཛམ་གླིང་ན་སྙན་གྲགས་རྒྱས་པའི་ཨ་རི་སི་ཊན་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱིས་ཇི་ལྟར་གསོལ་བ་བཏབས་པ་བཞིན་༧དཔལ་རྒྱལ་བའི་དབང་པོ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྙིང་རྗེ་དང་འབྲེལ་བའི་སྒོ་ནས་འཕྲུལ་ཆས་དང་ཁོར་ཡུག་བེད་སྤྱོད་བྱེད་སྟངས་སྐོར་གྱི་བཀའ་སློབ་དང་བཀའ་འདྲི་ཁག་ལ་ལན་འདེབས་གནང་སོང་།

ཚོགས་ཁང་ནང་དུ་མི་གྲངས་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་གྱིས་ཞབས་སྟེགས་ཡོད་སྟབས་ལག་ཁྱེར་ཡོངས་རྫོགས་ཆུ་ཚོད་བཞི་ལྔ་ཙམ་གྱི་དུས་ཡུན་ནང་དུ་རྫོགས་ཏེ་མི་མང་པོ་ལ་ལག་ཁྱེར་ཐོབ་མི་འདུག། གཙུག་ལག་སློབ་གྲྭའི་གོ་སྒྲིག་འགན་འཛིན་པས་༧རྒྱལ་དབང་ཀརྨ་པ་ནི་དེང་རབས་ན་གཞོན་གྱི་མིག་དཔེ་འོས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་པ་དང་། ཁོང་གིས་འགན་ཁུར་ཆེན་པོས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཕྱག་རྗེས་ལ་བསྔགས་བརྗོད་དང་། གཙུག་ལག་སློབ་གྲྭས་ཇི་ལྟར་གསོལ་བ་བཏབས་པ་ལྟར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་བར་དགའ་སྤྲོ་དང་གུས་འདུད་ཀྱིས་འཚམས་འདྲི་ཞུས་སོང་། ༧དཔལ་རྒྱལ་དབང་ཀརྨ་པས་ཁོང་ཉིད་ད་ལན་ཨ་རི་ལ་ཕེབས་ཐེངས་གསུམ་པ་དེ་ཡིན་ལ་འདི་ནི་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ཕྱོགས་སུ་ཕེབས་པའི་དུས་ཡུན་རིང་ཤོས་དེ་ཡིན་པར་བརྟེན་རང་དབང་གི་ཚོར་སྣང་ཆེན་པོ་ཞིག་བྱུང་བ་མ་ཟད་མ་འོང་པའི་མི་ཚེ་ནང་གི་མདུན་བསྐྱོད་ཀྱི་གོ་སྐབས་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་གནང་བ་དང་།

unnamed༡༢༣བརྗོད་གཞི་དངོས་ཀྱི་ཐད་དུ་ཁོང་གིས་སྙིང་རྗེ་ནི་འགྲོ་བ་མི་རིགས་ཀྱི་དགོས་མཁོ་གལ་ཆེ་ཤོས་དེ་ཡིན་ལ་དེ་ཉིད་འགྲེལ་བཤད་བྱེད་སྟངས་ལྟ་གྲུབ་དང་འབྲེལ་བའི་ཐོག་ནས་གཞི་རྒྱ་ཆེན་པོ་བཤད་རྒྱུ་ཡོད་ངེས་ཀྱང་གཙོ་བོ་ཉམས་མྱོང་དང་གོམས་གཤིས་ཁོར་ཡུག་སོགས་ཀྱི་ཐད་ནས་ཡོང་གི་ཡོད་པའི་འགྲེལ་བཤད་གནང་སོང་། དེ་ཡང་༧དཔལ་རྒྱལ་དབང་ཀརྨ་པའི་ཞལ་ནས་ཁོ་བོ་ནི་བོད་ཤར་ཕྱོགས་གྲོང་ཁུལ་དུ་སྐྱེས་པའི་བྱིས་པ་ཞིག་ལོ་ངོ་བདུན་ཙམ་ལོན་སྐབས་གློ་བུར་དུ་མི་ཚེ་ལ་འགྱུར་ལྡོག་ཆེན་པོ་ཞིག་གིས་ཀརྨ་པར་ངོས་འཛིན་བྱས་པ་སྟེ། དེ་ནི་བློ་ཡུལ་ལས་འདས་པའི་དོན་རྐྱེན་ཞིག་ཡིན་སྟབས་ཨ་རི་ལྟ་བུར་ལུང་པ་ཞིག་གིས་ནང་དུ་བྱིས་པ་ཆུང་ཆུང་ཞིག་ཕ་མ་གཉིས་དང་ཁ་བྲལ་དགོས་པ་དེ་ཕ་མས་ངོས་ལེན་བྱེད་པ་དཀའ་བའི་གནས་ཚུལ་ཞིག་ཡིན་མོད། ངའི་ཕ་མ་གཉིས་ཀྱིས་༧ཀརྨ་པ་ཞེས་པ་དེ་རྩ་ཆེན་པོ་ཞིག་ཏུ་བརྩིས་ཏེ་སེམས་ཅན་གཞན་ལ་ཕན་ཐོགས་པ་དང་སངས་རྒྱས་ཀྱི་བསྟན་པ་ལ་ཕན་ཐོགས་པ་ཞིག་ཡོང་བའི་རེ་འདུན་གྱིས་གནས་ཚུལ་དེ་ལ་ངོས་ལེན་བྱས་ཏེ་རང་གི་བུ་རྒྱུད་གཞན་གྱིས་ཁྲིད་པར་བློས་བཏང་བྱས་པ་རེད། དེས་ན་ང་རང་བྱམས་བརྩེའི་ཁོར་ཡུག་ནང་དུ་འཚོ་བའི་ཕ་མ་དང་མཉམ་དུ་བསྡད་པའི་ལོ་ངོ་བདུན་གྱི་དུས་ཡུན་དེ་ནི་ངའི་མི་ཚེ་ནང་གི་བདེ་སྐྱིད་ཆེ་ཤོས་ཀྱི་དུས་ཡུན་དེ་ཡིན། ངས་ཕ་མའི་རྩ་ནས་བྱམས་བརྩེ་དང་སྙིང་རྗེའི་ཉམས་མྱོང་མང་པོ་ཐོབ་ཡོད། དེ་ཡང་བོད་མི་རིགས་ནི་སྲོག་ཆགས་ཡོངས་ལ་སྙིང་རྗེ་བྱེད་མཁན་ཞིག་ཡིན་སྟབས་ངའི་ཕ་མས་ཀྱང་སེམས་ཅན་སྲོག་ཆགས་གྲོག་འབུ་ཙམ་ཡང་བསད་རྒྱུ་མེད་པའི་བསླབ་བྱ་གནང་གི་ཡོད་ལ་ཞོགས་པའི་ནམ་ལངས་གི་དུས་དང་དགོང་མོའི་ཉལ་ཁའི་དུས་རྣམས་སུ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་ཞིང་སྡུག་བསྔལ་དང་བྲལ་བའི་གསོལ་འདེབས་དང་སྨོན་ལམ་བྱེད་པའི་སྐད་ངག་དེ་ངའི་རྣ་བའི་ནང་དུ་རྟག་ཏུ་ཐོས་ཀྱི་ཡོད། རྒྱུ་མཚན་དེ་དག་གིས་ངའི་སེམས་ཁམས་སུ་སྙིང་རྗེ་ཡི་བགས་ཆགས་བཞག་ཡོད་ལ་བདེ་སྐྱིད་ཀྱི་ཚོར་སྣང་བསྐྲུན་ཡོད།

ང་ལོ་ངོ་བདུན་ལ་ལོན་ཟིན་རྗེས་༧རྒྱལ་བ་ཀརྨ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཏེ་ནང་བསྟན་ཆོས་ལུགས་དང་འབྲེལ་བའི་ལྟ་གྲུབ་ཀྱི་ཤེས་ཡོན་སློབ་སྦྱོང་ཐོབ་ཀྱང་སྐབས་རེ་དཀའ་ངལ་དམིགས་བསལ་བ་རེ་ཡང་འབྱུང་བཞིན་ཡོད། དཔེར་ན་རང་ངོས་ནས་སློབ་སྦྱོང་ཧུར་ཐག་ཇི་ཙམ་བྱས་ཀྱང་གཞན་གྱིས་དེ་ལ་བསྟོད་བསྔགས་མེད་པར་༧ཀརྨ་པས་དེ་ལས་ལྷག་པའི་ཁྱད་འཕགས་ཀྱི་གནས་སྟངས་ཤིག་བྱེད་དགོས་པའི་གནས་ཚུལ་ལྟ་བུར་བརྩི་བཞིན་འདུག གང་ལྟར་སྐབས་དེ་དག་ཏུ་ངས་བླ་མ་དམ་པ་མང་པོ་མཇལ་རྒྱུའི་གོ་སྐབས་བྱུང་ནས་ཁོང་ཅག་གི་བྱིན་རླབས་དང་ཐུགས་རྗེ་ལ་བརྟེན་རང་རྒྱུད་ལ་སྙིང་རྗེའི་གོམས་གཤིས་དེ་ཉིད་གོང་འཕེལ་བཏང་ཡོད་ངེས།  སྙིང་རྗེ་ལ་ཚིག་གི་ཐོག་ནས་འགྲེལ་བཤད་ཇི་ལྟར་བྱས་ཀྱང་དོན་གྱི་ཆ་ནས་གཞན་ལ་སེམས་ཁུར་བྱེད་པའི་བསམ་བློ་ཞིག་ཡིན་དགོས། ང་ཚོ་འཇིག་རྟེན་འདིར་གཅིག་ལ་གཅིག་བརྟེན་གྱིས་ཚུལ་དུ་བལྟོས་དགོས་པའི་གནས་ལུགས་དེ་ཤེས་པར་བྱས་ནས་དེ་ལ་འགན་ཁུར་གྱི་བསམ་བློ་དེ་ཡོད་དགོས། དངོས་ཡོད་གནས་སྟངས་ཀྱི་ཐོག་ཏུ་གཅིག་ལ་གཅིག་བརྟེན་དགོས་པའི་གནས་ལུགས་དེ་མ་ཤེས་པའི་དབང་གིས་རང་འདོད་ཀྱིས་དབང་དུ་ཤོར་ནས་དཀའ་ངལ་འཕྲད་ཀྱི་ཡོད། དེ་བཞིན་དེང་རབས་འཕྲུལ་ཆས་ཡར་རྒྱས་ཧ་ཅང་ཆེ་དྲག་པས་འཕྲུལ་ཆས་ཀྱིས་གཞན་དབང་ལྟ་བུར་གྱུར་ནས་དཀའ་ངལ་སྤྲད་ཀྱི་ཡོད། ང་ཚོས་དངོས་སུ་འཕྲུལ་ཆས་མིག་སྔར་མཐོང་བ་ནི་ཀུ་ཤུ་ཁ་པར་ལྟ་བུར་མཛེས་སྡུག་དང་ལྡན་པ་ཞིག་སྣང་ཀྱང་དེ་ཉིད་དཀའ་ངལ་དང་སྡུག་བསྔལ་གྱི་བརྒྱུད་རིམ་མང་པོ་ཞིག་གིས་བྱུང་རིམ་ཡོད་ངེས། དེས་ན་གཞན་གྱི་དཀའ་ངལ་དང་སྡུག་བསྔལ་ལའང་སེམས་ཁུར་བྱས་ཏེ་ཆོག་ཤེས་དང་ཚོད་འཛིན་བྱེད་རྒྱུ་ནི་སྙིང་རྗེ་དང་མཐུན་པའི་ཐབས་ལམ་ཞིག་ཡིན་ཞེས་སོགས་གསུངས།
unnamedཝའཇུག་ཏུ་བཀའ་འདྲི་ཁག་ལ་ལན་འདེབས་བྱེད་སྐབས་༧རྒྱལ་དབང་ཀརྨ་པ་སྐུ་ཉིད་ཀྱིས་ཁོར་ཡུག་ཐོག་ཏུ་དོ་སྣང་དང་ཐུགས་ཁུར་བྱེད་དགོས་པའི་རྒྱུ་མཚན་སྐོར་བཀའ་ལན་བསྩལ་པ། ང་རང་ལོ་ཆུང་ཡིན་སྐབས་དྭངས་གཙང་གི་ཁོར་ཡུག་འབག་རྩོག་དང་བྲལ་བ་ཞིག་ཏུ་འཚར་ལོང་བྱུང་ཡོད་སྟབས་ཁོར་ཡུག་གཙང་མ་ལ་རང་བཞིན་གྱིས་དགའ་ཞེན་ཆེ། ཕྱིས་སུ་གནས་སྟངས་མང་པོས་ཁོར་ཡུག་ལ་འགྱུར་ལྡོག་དང་འབག་རྩོག་འགྲོ་བཞིན་ཡོད་པ་མཐོང་དུས་སེམས་འཚབ་རང་བཞིན་གྱིས་སྐྱེས་ཡོང་གི་འདུག བོད་དང་ཁ་བྲལ་ནས་ལོ་བཅོ་ལྔ་ཙམ་ཕྱིན་ཚར་སོང་བས་ད་ལྟར་ང་རང་བོད་ལ་ལོག་རྒྱུའི་གོ་སྐབས་ཤིག་བྱུང་ཚེ་སྔར་གྱི་དྭངས་གཙང་མཛེས་སྡུག་ལྡན་པའི་བོད་ཀྱི་ཡུལ་ལྗོངས་དེ་མཐོང་རྒྱུ་ཡོད་པར་དཀའ་ཚོད་དུ་གྱུར་འདུག་ཅེས་གསུངས་པ་དང་། གཞན་ཡང་ཁོང་གིས་ང་རང་གི་ནུས་པ་ནི་རྒྱ་མཚོ་ནང་གི་ཆུ་ཐིགས་ཙམ་ཞིག་ཡིན་སྟབས་འཛམ་གླིང་འགྱུར་ལྡོག་བཏང་ཐུབ་པའི་ནུས་པ་ཞིག་མེད་ཀྱང་ནུས་པ་ལ་མ་བལྟོས་པར་འགན་ཁུར་བྱེད་རྒྱུ་དེ་གལ་ཆེན་དུ་བརྩིས་ནས་ཁོར་ཡུག་ཐོག་ཏུ་ལས་ཀ་གང་ཐུབ་བྱས་པ་ཡིན། དེས་ན་ཧི་མ་ལ་ཡི་རི་བརྒྱུད་དང་འབྲེལ་བའི་བོད་ཀྱི་ཁོར་ཡུག་ནི་དྲོད་ཚད་རྒྱས་ཏེ་འཁྱག་རམ་ཞུ་བ་དང་འབྲེལ་བ་ཆེན་པོ་ཡོད་སྟབས་དེ་དང་འདབས་འབྲེལ་བའི་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་གང་འཚམས་ཡོད་པའི་དགེ་འདུན་གྱི་འདུས་སྡེ་ནང་དུ་ཁོར་ཡུག་ཤེས་བྱའི་ཐད་དུ་སློབ་སྟོན་དང་ལས་འགུལ་གང་ཐུབ་སྤེལ་བ་ཡིན་ཞེས་གསུངས་གནང་སོང་། ཡང་བོད་ཀྱི་དཀའ་རྙོག་དང་འབྲེལ་བའི་ཐད་དུ་ཁོང་གིས་སྤྱིར་བོད་ལ་བཙན་དབང་གི་གནོན་ཤུགས་ཆེན་པོས་དཀའ་ངལ་འཕྲད་བཞིན་པ་ལྟར་ང་རང་ཡང་དཀའ་ངལ་དེའི་ནང་དུ་ཡོད་བསྡད་པ་ཞིག་རེད། དེ་ལ་ཐབས་མཁས་པའི་སྒོ་ནས་ཕྱོགས་དང་ཟུར་ཡོངས་ནས་བསམ་གཞིག་གིས་དཀའ་ངལ་སེལ་ཐབས་བྱེད་དགོས། མི་མང་པོས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཁོ་ནའི་གནས་དོན་ཞིག་ཏུ་བརྩིས་ཏེ་རོགས་རམ་བྱེད་རྒྱུ་ལས་ཕྱི་འཐེན་བྱེད་མཁན་དེ་འདྲ་འདུག འོན་ཏེ་བོད་ཀྱི་གནད་དོན་ནི་ཆབ་སྲིད་ཙམ་གྱི་གནད་དོན་ཞིག་མ་ཡིན་པར་ཆོས་དང་། རིག་གཞུང་། ཁོར་ཡུག་སོགས་མང་པོ་དང་འབྲེལ་བསྡད་པ་ཞིག་ཡིན་སྟབས་ཕྱོགས་དང་ཟུར་མང་པོའི་ཐད་ཐབས་མཁས་དང་ལྡན་པའི་ཐོག་ནས་རོགས་སྐྱོར་བྱེད་དགོས་ཞེས་གསུངས་པ་དང་། དེ་བཞིན་ཁོང་གིས་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་འགྱུར་བ་ལ་སྙིང་རྗེ་གལ་ཆེ་བས་བུ་ཕྲུག་གི་རྒྱུད་ལ་སྙིང་རྗེ་འབྱུང་བའི་ཁོར་ཡུག་ཕ་མས་སྙིང་རྗེ་ལ་དོ་སྣང་དགོས་ཚུལ་དང་། རྒྱལ་ཁམས་ཞི་བདེ་འབྱུང་བར་ཆབ་སྲིད་ཀྱི་ལས་བྱེད་མི་སྣ་རྣམས་ལ་སྙིང་རྗེ་དགོས་པའི་འབོད་བསྐུལ་ཡང་གནང་སོང་། བཀའ་སློབ་འཇུག་གྲིལ་རྗེས་གཙུག་ལག་སློབ་གྲྭའི་འགན་འཛིན་དང་༧རྒྱལ་དབང་ཀརྨ་པ་གཉིས་ཕན་ཚུན་འཚམས་རྟགས་འབུལ་རེས་བྱས་དེ་རིང་གི་མཛད་སྒོ་ལེགས་པར་གྲུབ་སོང་།

གསར་འགྱུར།

Post navigation

Previous Post: སྐབས་༡༥ གྲོས་ཚོགས་ཚོགས་དུས་༩ ༼ཉིན་གཉིས་པ།༽
Next Post: ཁྱེད་ཅག་གིས་བསམ་གཟས་ནས་རང་གཞུང་ལ་དམའ་ཕབ་པ་ཡིན་ནམ།

Comments (5) on “ནུབ་ཕྱོགས་སུ་མཆེད་པའི་འོད་སྣང་གསུམ་པ།”

  1. དགའ་སྐུ། says:
    2015-03-18 at 6:18 am

    ཀརྨ་པ་མཁྱེན་ནོ།

  2. མངའ་རིས་འཕྲིན་ལས། says:
    2015-03-19 at 1:37 am

    ༧རྒྱལ་དབང་མཆོག་སྐུ་ཚེ་མཛད་ཕྲིན་རྒྱས་པའི་སྨོན་འདུན་ཞུ། མྱུར་དུ་རང་ཡུལ་གངས་ཅན་གྱི་ལྗོངས་སུ་འོད་སྣང་གཉིས་པ་མཆེད་ཐུབ་པའི་རེ་སྨོན་སྙིང་ནས་ཞུ།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 2:04 am

    ་་་་་་་་་་་་་་་ སྙིང་རྗེ་ལ་ཚིག་གི་ཐོག་ནས་འགྲེལ་བཤད་ཇི་ལྟར་བྱས་ཀྱང་དོན་གྱི་ཆ་ནས་གཞན་ལ་སེམས་ཁུར་བྱེད་པའི་བསམ་བློ་ཞིག་ཡིན་དགོས། ང་ཚོ་འཇིག་རྟེན་འདིར་གཅིག་ལ་གཅིག་བརྟེན་གྱིས་ཚུལ་དུ་བལྟོས་དགོས་པའི་གནས་ལུགས་དེ་ཤེས་པར་བྱས་ནས་དེ་ལ་འགན་ཁུར་གྱི་བསམ་བློ་དེ་ཡོད་དགོས། ་་་་་་་་་་་་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-03-19 at 2:05 am

    ་་་་་་་་་་་་་་་་་་་་ ཡང་བོད་ཀྱི་དཀའ་རྙོག་དང་འབྲེལ་བའི་ཐད་དུ་ཁོང་གིས་སྤྱིར་བོད་ལ་བཙན་དབང་གི་གནོན་ཤུགས་ཆེན་པོས་དཀའ་ངལ་འཕྲད་བཞིན་པ་ལྟར་ང་རང་ཡང་དཀའ་ངལ་དེའི་ནང་དུ་ཡོད་བསྡད་པ་ཞིག་རེད། དེ་ལ་ཐབས་མཁས་པའི་སྒོ་ནས་ཕྱོགས་དང་ཟུར་ཡོངས་ནས་བསམ་གཞིག་གིས་དཀའ་ངལ་སེལ་ཐབས་བྱེད་དགོས།
    མི་མང་པོས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཁོ་ནའི་གནས་དོན་ཞིག་ཏུ་བརྩིས་ཏེ་རོགས་རམ་བྱེད་རྒྱུ་ལས་ཕྱི་འཐེན་བྱེད་མཁན་དེ་འདྲ་འདུག འོན་ཏེ་བོད་ཀྱི་གནད་དོན་ནི་ཆབ་སྲིད་ཙམ་གྱི་གནད་དོན་ཞིག་མ་ཡིན་པར་ཆོས་དང་། རིག་གཞུང་། ཁོར་ཡུག་སོགས་མང་པོ་དང་འབྲེལ་བསྡད་པ་ཞིག་ཡིན་སྟབས་ཕྱོགས་དང་ཟུར་མང་པོའི་ཐད་ཐབས་མཁས་དང་ལྡན་པའི་ཐོག་ནས་རོགས་སྐྱོར་བྱེད་དགོས་་་་་་་་་་་་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-03-20 at 3:16 am

    ལྟོས་བཅས་ཡིན་ཕྱིར་སྙིང་རྗེ་དགོས། །
    རང་ཉིད་དངོས་སུ་མྱངས་པ་དང་། །
    བོད་དོན་འདི་ནི་ཆབ་སྲིད་ཙམ། །
    རེད་ཅེས་རྒྱབ་སྐྱོར་མེད་པ་ནོར། །
    ཆོས་རིག་འཁོར་ཡུག་སྐད་ཡིག་དང་། །
    མི་རིགས་རྩ་མེད་བཟོ་ལ་ལྟོས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme