Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྲིད་བྱུས་ཉམས་ཞིབ་ཁང་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོར་བསྒྱུར་ཐུབ་ན་ལེགས།

Posted on 2015-03-142015-03-14 By ཁ་བརྡ 2 Comments on སྲིད་བྱུས་ཉམས་ཞིབ་ཁང་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོར་བསྒྱུར་ཐུབ་ན་ལེགས།

བོད་ཀྱི་དུས་བབ་ནས་དྲངས།

 
དེ་རིང་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་དོན་སྐོར་གྱི་མཁས་པའི་བགྲོ་གླེང་སྟེང་བདེ་སྲུང་བཀའ་བློན་མཆོག་གིས་སྲིད་བྱུས་ཉམས་ཞིབ་ཁང་དེ་མ་འོངས་པར་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོར་བསྒྱུར་ན་ཉམས་ཞིབ་ཀྱི་གྲུབ་དོན་དྲང་བདེན་ཞིག་ཡོང་གི་ཡོད་སྐོར་གསུངས་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༢༠ ཙམ་ལ་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་དང་བོད་ཀྱི་གཞོན་སྐྱེས་ཉམས་ཞིབ་པའི་བགྲོ་གླེང་ཚོགས་འདུ། ཞེས་པ་ཞིག་ཚོགས་སོང་ལ། དེར་སྐུ་མགྲོན་གཙོ་བོར་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་དབུས། གསུང་བཤད་གནང་མཁན་རྒྱ་གར་བ་སྐུ་ཞབས་ཀིར་ཤན་ཝར་མ་མཆོག་དང་སྐུ་ཞབས་ཨོ་པི་ཌན་ཌོན་མཆོག དེ་བཞིན་ལྡི་ལིའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་གི་བོད་རིགས་ཉམས་ཞིབ་པ་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ། ཟུར་ཉན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་ལས་བྱེད་བཅས་འཛོམས་སོང་།

བགྲོ་གླེང་མགོ་འཛུགས་ཐོག་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་གི་དགོས་དམིགས་ངོ་སྤྲོད་གནང་རྗེས། སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་མཆོག་གིས་ཉམས་ཞིབ་པའི་ངོ་བོའི་སྐོར་གསུངས་དོན། ཉམས་ཞིབ་པ་ཟེར་ན་ཆབ་སྲིད་པ་ལྟར་གོ་སྐབས་ཡོད་ཚད་ཀྱི་སྡིངས་ཆའི་སྟེང་འཐོན་རྒྱུ་དེ་མ་རེད། ཀླད་པ་དཀྲུག་ནས་གོ་བསྡུར་བྱེད་སའི་སྡིངས་ཆ་ཚད་ལྡན་ཐོག་ཞུགས་ཏེ། དཔྱད་བསྡུར་བྱེད་དགོས་པ་ཞིག་ཆགས་ཡོད་སྟབས། དེ་མི་ཚང་མས་ཡོང་ཐུབ་པ་ཞིག་མ་རེད།

IMG_7265

བཙན་བྱོལ་ནང་གི་ཉམས་ཞིབ་པ་ཚོར་མཚོན་ན། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཚོའི་བསམ་བློའི་འདུ་ཤེས་ལ་འགྱུར་བ་གང་འདྲ་འགྲོ་བཞིན་ཡོད་མེད་དང་། འགྱུར་བ་དེ་ཚོ་ག་རེའི་ཐོག་ལ་འགྲོ་ཡི་ཡོད་མེད་ཐོག་ཉམས་ཞིབ་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ནང་སློབ་གསོ་དང་ཤེས་ཡོན་གྱི་རྨང་གཞི་དེ་རྒྱ་ནག་གུང་ཁྲན་གྱི་ལྟ་བ་གཞིར་བཞག་སྤྲོད་ཀྱི་ཡོད་སྟབས། དེར་ཤར་སྐྱོད་བྱེད་ཐུབ་ཀྱི་ཡོད་མེད་དང་། ཁྱིམ་ཚང་མི་རེ་ངོ་རེའི་གནས་སྟངས་དང་གྲུབ་ཆ། བསམ་བློ་གཏོང་ཕྱོགས་སོགས་ཀྱིས་སྤྱི་ཚོགས་ཀྱི་གནས་བབ་ལ་འགྱུར་བ་གང་འདྲ་ཐེབས་ཀྱི་ཡོད་མེད་སོགས་ལ་ལྟ་དགོས། ངས་ཉམས་ཞིབ་པ་ཚོས་དེ་ཚོའི་ཐོག་གལ་ཆུང་བ་འདྲ་པོ་རྩིས་ནས་ཐུགས་སྣང་མ་གནང་བ་འདྲ་པོ་ཁ་ཤས་མཐོང་གི་འདུག ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ། ང་ཚོས་རྒྱ་གཞུང་གིས་སྤྱི་ཡོངས་ཀྱི་ཐོག་ནས་བོད་མིའི་རིག་གཞུང་དང་ཁྱད་ནོར་དག་རྩ་འགོག་གཏོང་རྒྱུའི་སྲིད་ཇུས་གང་འདྲ་འཛིན་གྱི་ཡོད་མེད་ཐོག་ལ་ཞིབ་ཚགས་བྱས་ཏེ་ལྟ་དགོས་པ་ཆགས་ཡོད་རེད་བསམ་གྱི་འདུག ཉེ་ཆར་ང་ལ་རྒྱ་ནག་སྐོར་ལ་ཉམས་ཞིབ་བྱེད་མཁན་ཞིག་ཐུག་བྱུང་། ཁོས་དེ་སྔོན་ང་ཚོས་གོ་མྱོང་མེད་པ་མ་ཟད། བདེན་པ་ཨཱ་ཡིན་ན་བསམ་པ་སོ་སོའི་བློ་ཡུལ་ལ་གཤོང་དཀའ་བའི་གནས་ཚུལ་ཞིག་ག་རེ་ཤོད་ཀྱི་འདུག་ཟེར་ན། ལྔ་བཅུ་ང་གྲངས་ལོར་མའོ་ཙེ་ཏུང་གིས་མེ་ཏོག་མཉམ་བཞད་ཅེས་པའི་ལས་འགུལ་འོག་རྒྱ་ནག་གི་མཁས་པ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་ཀྱང་། མཐའ་མ་དེ་ཚོ་ཚང་མ་རྩ་མེད་བཟོས་པ་རེད། དེ་འདྲའི་ལས་རིམ་ཞིག་ནང་རྒྱ་ནག་གི་མཁས་པ་མང་པོ་ཞིག་གིས་བོད་པའི་གནད་དོན་ཐོག་ག་རེ་བྱེད་དགོས་མིན་བསམ་ཚུལ་བསྡུ་སྐབས། མཁས་པ་མང་པོ་ཞིག་གིས་མའོ་ཙེ་ཏུང་ལ་སྒེར་གྱི་བསམ་ཚུལ་ཕུལ་བའི་ནང་དུ་བོད་པ་ཟེར་བའི་མི་རིགས་དེ་ཤུལ་མེད་རྩ་མེད་གཏོང་དགོས་རེད་མ་གཏོགས། ཁ་ཤས་ཤིག་ལྷག་པ་ཡིན་ན་དེ་རོ་ལངས་བརྒྱབ་སྟེ། མ་འོངས་པར་སྤྱི་ཚོགས་ནང་བདེ་པོ་ཡོང་གི་མ་རེད་ཅེས་བྲིས་ཡོད་པ་མ་ཟད། ཡིག་ཆ་དེ་ཚོ་དེང་སང་ཉམས་ཞིབ་པ་དང་འབྲེལ་ཡོད་རེ་གཉིས་ཀྱིས་མཐོང་ཡོད་འདུག་ཅེས་ལབ་བྱུང་། ཞེས་སོགས་གསུངས་སོང་།

བཀའ་བློན་མཆོག་གིས་ཉམས་ཞིབ་པ་ཚོས་ཕྱོགས་ལྷུང་གཏན་ནས་བྱ་མི་རུང་བའི་སྐོར་གསུངས་དོན། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་བོད་ནི་ཚོར་མཚོན་ནའང་ཉམས་ཞིབ་ཀྱི་གྲུབ་དོན་དེ་ཕྱོགས་སུ་མ་ལྷུང་བ་ཞིག་གནང་རྒྱུ་དེ་གལ་ཆེན་པོ་རེད། ཉམས་ཞིབ་བྱས་པའི་གྲུབ་དོན་དེ་སྲིད་གཞུང་གཅིག་དང་སྒྲིག་འཛུགས་ཤིག་གི་སྲིད་ཇུས་དང་མ་མཐུན་པའི་གནས་ཚུལ་ཡོང་སྲིད་ཀྱང་། དེ་ཉམས་ཞིབ་ཅིག་ཡིན་སྟབས་ཉམས་ཞིབ་བྱས་པའི་གྲུབ་དོན་དེ་འཛེམས་ཟོན་མེད་པར་འདོན་དགོས་པ་རེད་མ་གཏོགས། ཉམས་ཞིབ་བྱས་པའི་གྲུབ་དོན་དེར་སྲིད་གཞུང་དེས་དགའ་པོ་ཡོང་ས་རེད་བསམ་ནས་བཏོན་ན། དེས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་གི་མ་རེད།

ང་རང་སྒེར་གྱི་བསམ་བློ་བྱས་ན། ཉམས་ཞིབ་ཁང་དེ་སྒྲིག་འཛུགས་ཀྱི་འོག་ལ་མེད་པར་རང་དབང་ཅན་གྱི་སྡེ་ཚན་ཞིག་ཏུ་འགྱུར་བ་བྱས་ཏེ། སྔ་འཕྲོས་ལོ་ཤས་རིང་གཞུང་གིས་མཐུན་རྐྱེན་དང་འགྲོ་གྲོན་གཏོང་དགོས་ཐུག་ཀྱང་བཏང་སྟེ། དེ་ཚད་ལྡན་ཞིག་ཆགས་རྒྱུ་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལ་དཔུང་པ་མཉམ་གཤིབ་བྱས་ནས་འགྲོ་ཐུབ་པ་ཞིག་བྱུང་ན། ཉམས་ཞིབ་ཚད་ལྡན་ཞིག་ཡོང་གི་རེད་བསམ་གྱི་འདུག དེའི་སྐོར་ལ་སྲིད་སྐྱོང་མཆོག་དང་གོ་བསྡུར་བྱུང་ཡང་གཞུང་གི་སྒྲིག་འཛུགས་དང་འཛིན་སྐྱོང་གི་ལས་ཀ་དེ། གྲིས་བཏུབ་པ་བཞིན་ཐག་ཆོད་པོ་ཞིག་དང་བསམ་པ་ལྟར་བསྒྲུབ་ཐུབ་རྒྱུ་ཁག་པོ་ཆགས་ཡོད། ཉམས་ཞིབ་པ་དེ་གཞུང་གི་ལས་བྱེད་ཅིག་ཡིན་ན། གཞུང་གི་ལངས་ཕྱོགས་དང་སྒྲིག་གཞིར་བརྩི་སྲུང་ཞུ་དགོས་སྟབས། བསམ་བློའི་ནང་ལ་སོ་སོས་ཉམས་ཞིབ་བྱ་རྒྱུ་དེ་དང་འགལ་འདུ་ཆགས་ནས་དཀའ་ངལ་འཕྲད་སྲིད་པ་ཞིག་ཡིན་སྟབས། ཉམས་ཞིབ་ཡང་དག་པ་དང་ཚད་ལྡན་ཞིག་ཡོང་གི་རེད་བསམ་གྱི་མི་འདུག མ་འོངས་པར་དེ་ཚོའི་ཐོག་ལ་གོམ་པ་ག་རེ་སྤོ་དགོས་པ་དང་། སྲིད་ཇུས་ཉམས་ཞིབ་ཁང་རང་ངོས་ཀྱིས་འཆར་གཞི་གསར་པ་ག་རེ་བསྐྲུན་དགོས་མིན་སྐོར་ལ་ཐུགས་བསམ་བཞེས་རྒྱུ་གལ་ཆེན་པོ་ཆགས་ཡོད། ཅེས་སོགས་གསུངས་སོང་།

IMG_7260

མཇུག་ཏུ་གསར་འགོད་པས་གཏམ་བཤད་གནང་མཁན་ལྡི་ལིའི་ནེ་རུ་གཙུག་ལག་སློབ་གཉེར་ཁང་ནང་འབུམ་རམས་པ་གནང་བཞིན་པའི་འཇིགས་མེད་ཡེ་ཤེས་ལགས་སུ་ཁོང་གི་གཏམ་བཤད་ཀྱི་ནང་དོན་སྐོར་དྲིས་པར། ཁོང་གིས། ང་ཚོས་རྒྱ་ནག་གཞུང་གིས་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་བོད་སྐྱོང་གི་ཡོད་པ་མཐོང་གི་ཡོད་པ་ལྟར་རྒྱ་གཞུང་ངོས་ནས་ཀྱང་ལག་བསྟར་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་འཐབ་ཕྱོགས་གཅིག་འགྱུར་ཁང་དང་ཆབ་སྲིད་གྲོས་ཚོགས་ཀྱི་མིང་ཐོག་དང་། དེ་སྔོན་པཎ་ཆེན་རིན་པོ་ཆེ་དང་བསམ་སྡིང་རྡོ་རྗེ་ཕག་མོ། དུང་དཀར་བློ་བཟང་འཕྲིན་ལས་སོགས་བླ་ཆེན་མི་ཆེན་དག་བེད་སྤྱོད་བཏང་སྟེ། བོད་ནང་ཡར་རྒྱས་དང་བརྟན་ལྷིང་ཡོང་བ་བྱས་ཏེ་བཙན་དབང་འཛུགས་ཐབས་བྱས་ཡོད་པ་དག་ངོ་སྤྲོད་དང་གསལ་བཤད་བྱ་རྒྱུ་དེ་ཆགས་ཡོད། ཅེས་བརྗོད་བྱུང་།

འབུམ་རམས་པ་གནང་བཞིན་པ་མཆོག་ཚེ་རིང་ལགས་སུ་ཁོང་གི་གཏམ་བཤད་ཀྱི་ནང་དོན་དྲིས་པར། ཁོང་གིས། དེ་རིང་ངའི་གཏམ་བཤད་ཀྱི་ནང་དོན་གཙོ་བོ་ནི། ༢༠༠༨ ནས་ ༢༠༡༤ ལོའི་བར་བོད་ནང་གཞས་པ་གྲགས་ཅན་དང་རྩོམ་བྲིས་གནང་མཁན་མང་པོ་བྱུང་ཡོད་སྟབས། ཁོང་ཚོས་རྩོམ་རིགས་དང་གཞས་ཀྱི་ཐོག་ནས་བོད་ཕྱི་ནང་གི་བོད་རིགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་པའི་རྒྱལ་ཞེན་གང་འདྲ་སྟོན་གྱི་ཡོད་མེད་དང་། བོད་ནང་བོད་མི་མང་པོ་ཞིག་གིས་རང་འགན་རང་འཁུར་ཐོག་ནས་སོ་སོའི་གཅེས་པའི་སྲོག་ཡན་ཆད་བློས་གཏོང་གནང་སྟེ། རང་ལུས་མེར་བསྲེགས་གནང་གི་ཡོད་པ་དག་གིས་གང་མཚོན་གྱི་ཡོད་མེད་སོགས་ཀྱི་སྐོར་ལ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གྲུབ།

གསར་འགྱུར།

Post navigation

Previous Post: སྐད་འཕྲིན་ལགས། བདག་གི་སེམས་གཏམ་འདི་ལ་གསོན་དང་།
Next Post: ཨེ་མ་ཧོའི་གླིང་ཀར་ཕུལ་བའི་སེམས་གཏམ་རིན་ཆེན་ཕྲེང་བ།

Comments (2) on “སྲིད་བྱུས་ཉམས་ཞིབ་ཁང་དེ་རང་དབང་ཅན་གྱི་སྡེ་ཚན་ཞིག་གི་ངོ་བོར་བསྒྱུར་ཐུབ་ན་ལེགས།”

  1. རྒྱང་མིག says:
    2015-03-14 at 10:00 am

    ད་ལྟའི་བཀའ་ཤག་གི་ནང་ནས་ལྗིད་ཀོག་ལྡན་ཞིང་དཔྱོད་ཤེས་ཡོད་པ་ནི་བདེ་སྲུང་བཀའ་བློན་འདི་རེད། ཁོང་གིས་”ཉམས་ཞིབ་བྱས་པའི་གྲུབ་དོན་དེ་སྲིད་གཞུང་གཅིག་དང་སྒྲིག་འཛུགས་ཤིག་གི་སྲིད་ཇུས་དང་མ་མཐུན་པའི་གནས་ཚུལ་ཡོང་སྲིད་ཀྱང་། དེ་ཉམས་ཞིབ་ཅིག་ཡིན་སྟབས་ཉམས་ཞིབ་བྱས་པའི་གྲུབ་དོན་དེ་འཛེམས་ཟོན་མེད་པར་འདོན་དགོས་པ་རེད་མ་གཏོགས། ཉམས་ཞིབ་བྱས་པའི་གྲུབ་དོན་དེར་སྲིད་གཞུང་དེས་དགའ་པོ་ཡོང་ས་རེད་བསམ་ནས་བཏོན་ན། དེས་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོང་གི་མ་རེད།”ཞེས་སོགས་བརྗོད་པ་ཙམ་གྱི་དགོངས་ཚུལ་བཏོན་པ་ཡང་མོས་མཐུན་ཆེན་པོ་བྱུང་སོང་།

  2. ཀརྨ་བློ་གསལ་ says:
    2015-03-14 at 11:33 am

    འབྲོང་ཆུང་ལས་དྲག་ག་ཞིག་མི་འདུག་སྙམ། དོལ་རྒྱལ་ཚོགས་པར་བོད་མིའི་ཐོབ་ཐང་སྤྲད་ཀྱི་ཡོད་པ་དང་མ་འོངས་པར་སྤྱི་འཐུས་ཀྱང་ལངས་ཆོག་གསུངས་མཁན་ཁོང་རེད། ད་ལྟ་རང་དབང་ཅན་གྱི་ཉམས་ཞིབ་པའི་ལས་ཁུངས་ཤིག་གསུང་གིན་འདུག་པས། འཕྱི་མེད་ན་སྔ་མེད་པ་འདྲ་ཡང་། ཁྱོན་ནས་མེད་པ་ལས་ཡོད་པ་དེ་ཡག་པོ་མེད་འགྲོ་བསམ་གྱི་འདུག སྤྱི་འཐུས་ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་ལྟ་བུའི་དཔྱད་སྟོབས་ཅན་འགོག་སྲིད་དམ། ཧ་ཧ་ཧ། དྲི་བ་ངོ་མ་ཡིན་ད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme