Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་རྣམས་ལ་ཡིད་གཟབ་བྱེད་དགོས།

Posted on 2015-03-112015-03-11 By ཁ་བརྡ 23 Comments on ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་རྣམས་ལ་ཡིད་གཟབ་བྱེད་དགོས།

མགར་སྲས།

 
རྒྱ་ནག་གིས་ཚུར་མཉན་ན་རྣ་བར་གཟན་ཞིང་བསམས་ན་འདར་སིག་རྒྱག་བྱེད་ཀྱི་ཐ་སྙད་མང་མང་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ། རང་རེའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་མཆོག་དང་། སེམས་ཀྱི་རྟེན་ས་དང་ལུས་ཀྱི་འཁོར་ས་སྟེ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་བློ་བཟང་སེང་གེ་གཉིས་ཧ་ལམ་རྩ་མི་ཚང་བའི་ཟོལ་ཞིག་ཏུ་བསྒྲུབས་དང་སྒྲུབ་བཞིན་པའི་རྣམ་པ་དང་། ཡང་ཁ་རྩང་དེ་རིང་བཙན་བྱོལ་དུ་གསུམ་བཅུ་དུས་དྲན་གྱི་འབོད་ཚིག་ཐད་ལ་ཚོགས་པ་ལྔ་པོ་ནང་ཁུལ་དུ་ཁ་མཐུན་མ་བྱུང་སྟེ། དབུ་མ་དང་རང་བཙན་ཞེས་ཤོག་ཁ་གཉིས་སུ་གྱེས་ཏེ་དགག་པ་རྒྱག་རེས་བཏང་དང་གཏོང་བཞིན་པའི་རྣམ་པ་གཉིས་ལ་ཕྱིར་རྟོག་དང་བསམ་གཞིག་ཅིག་བྱས་ཚེ། སེམས་རྩ་སྐྱོ་ལྷང་ལྷང་དང་མིག་མཐའ་འཁྱགས་སིབ་སིབ་ཅིག་ཏུ་གྱུར།

མིག་སྔུན་གྱི་ཡིད་སྐྱོ་བའི་གནས་ཚུལ་འདི་ནི་སུའི་ལན་ཡིན་ནམ། འདིའི་རྒྱབ་ན་སུ་ཞིག་ཡོད་དམ། གསུམ་བཅུ་དུས་དྲན་གྱི་སྐབས་སུ་“རང་བཙན་”ཞེས་སྐད་འབོད་བྱས་པ་དེ་དབུ་མའི་ལམ་དང་འགལ་བ་དང་། འགྲིག་གི་མེད་པ་ཡིན་ཚེ། ལས་ཁུང་རྣམས་ཀྱི་གྱང་ངོས་སུ་ཡོད་པའི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་གཙོར་བྱས་པའི་རང་བཙན་དང་འབྲེལ་ཡོད་ཆ་ཚང་ཡང་མེད་པར་བཟོ་དགོས་ཏེ། དེའང་དབུ་མའི་ལམ་དང་འགལ་བས་སོ། །

དོན་དངོས་སུ། དེ་དག་གིས་“དབུ་མའི་ལམ་དབུ་མའི་ལམ་”ཟེར་ནས་འཛེམས་ཟོན་ཡོད་མདོག་བྱས་པ་དེ་སྤྱོ་པའི་དོན་ལ་བསམ་གཞིག་བྱས་པའི་ལྷག་བསམ་ཞིག་མིན་གྱི། དགོས་པ་དམིགས་ཡུལ་གཞན་ཞིག་ཡོད་པ་ནི་མངོན་གསལ་ཡིན། རྡ་སའི་ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་དེ་དག་གི་བྱེད་སྟངས་དེ་ལ་ཞེ་གཏིང་ནས་སུན་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན། ཁོང་ཚོས་གོ་གནས་ཤིག་ཐོབ་ཟིན་རྗེས་གོ་གནས་དེས་ཁ་གཏད་ཀྱི་མི་དེའི་རྐང་བར་འཇུས་ནས་མར་འཐེན་ཐབས་བྱས་ཏེ་ནང་ཁུལ་གྱི་འཐབ་རྩོད་ལ་མགོ་བོ་འཁོར་བསྡད་པ་ལས། བོད་སྤྱི་པའི་དོན་ཞེས་པ་དེ་ནི་ཡེ་ནས་བརྗེད་འགྲོ་ཡི་ཡོད། དེ་དག་གི་ཆབ་སྲིད་ཀྱི་གོ་རྟོགས་ནི་ནང་ཁུལ་དུ་ཕྱོགས་ཞེན་གྱི་འཁོར་ལོ་སྐོར་བ་ཙམ་ལས་འདའ་ཐུབ་ཀྱི་མེད། དེ་ཙམ་གྱིས་དགྲ་བོ་ལ་ཁ་གཏད་ཇི་ལྟར་གཅོག་གམ།

ལྷག་ཏུ་སྤྱི་ཚེས་ 11 ཉིན་རྒྱ་ནག་ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་ཀྲུའུ་ཝེ་ཆིན་朱维群གྱིས་གསར་ལམ་ཁག་ཏུ་བཤད་པའི་སྐད་ཆ་རྣམས་ལ། འདི་ཕྱོགས་ཀྱི་དབུ་མ་དང་རང་བཙན་གྱི་དར་ཆ་ཁ་ལ་འཕྱར་ཏེ་གཡུལ་ས་རུ་ཐུག་པའི་འཐབ་དམག་ཇི་བཞིན་འཐབ་ཀྱིན་པའི་དཔལ་རྟུལ་རྣམས་ཀྱིས་ལན་ཅི་ཞིག་གནང་རྩིས་ཡོད་དམ། ངས་བལྟས་ན། ང་ཚོས་འདི་ནས་ཕར་ཕྱོགས་ཀྱིས་ཅི་ཞིག་ཤོད་ཀྱི་ཡོད་མེད་དང་གང་ཞིག་སྒྲུབ་ཀྱི་ཡོད་མེད་ཀྱང་ཤེས་མཁན་ཤིན་ཏུ་ཉུང་ཚོད་རེད།

མདོར་ན་ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་འགའི་བྱས་ཉེས་ལ་བརྟེན་ནས། ང་ཚོ་ལ་མེད་དུ་མི་རུང་པའི་རྡོག་རྩ་གཅིག་སྒྲིལ་དེ་ཐོར་ཞིག་ཏུ་བཏང་དང་གཏོང་བཞིན་འདུག་པས། ང་ཚོས་དེ་དག་ལ་ཅི་ནས་ཀྱང་ཡིད་གཟབ་བྱ་དགོས་སྙམ། །

2015/3/11 ཉིན།

བསམ་ཚུལ།

Post navigation

Previous Post: ཁྱེད་ཚོས་ལྟད་མོ་བསྟན་འདུག
Next Post: ཁྱིམ་ཚང་ལྔ་ཡི་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༣༩ པ་སྤེལ་པ།

Comments (23) on “ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་རྣམས་ལ་ཡིད་གཟབ་བྱེད་དགོས།”

  1. ས་མཐའི་མིག་ཆུ། says:
    2015-03-11 at 3:31 pm

    ད་ལྟའི་ནེའུ་ཡོག་གི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞོན་ནུའི་འགོ་འཁྲིད་མཁན་ཡིན་ཟེར་མཁན་དེ་ཚོ་ཤེས་འཇོན་མེད་པའི་མི་རྩ་མེད་རྐྱང་རེད། ད་ལོའི་སུམ་དུས་ལས་ཐབས་སྐྱོ་བ་བྱུང་མྱོང་མེད་མི་ཉུང་ལ་སྐད་འབོད་རྒྱག་མཁན་མེད་པ་ཐ་མ་རྒྱའི་གཞུང་ཚབ་མདུན་དུ་མི་བརྒྱ་ལྷག་ཙམ་ལས་མེད་པར་མ་ཟད་མང་ཆེ་བ་སྔོན་་ལ་ལོག་སོང་། ད་ལོ་༧གོང་ས་༧སྐྱབས་མགོན་ཆེན་པོ་དགུང་གྲངས་༨༠ ཕེབས་པའི་སྐུའི་འཁྲུངས་སྐར་དང་བརྟན་བཞུགས་འདི་གར་འབུལ་གཏན་འཁེལ་བར་་ང་ནི་མི་འདི་ཚོས་ཚ་གི་ཚི་་གི་བྱས་ནས་ཞབས་འདྲེན་ཞུས་མི་ཡོང་ང་སྙམ་པའི་སེམས་ངལ་འདུག

  2. མིག་ཆུ། says:
    2015-03-11 at 4:16 pm

    ད་ལོ་ལོ་འདི་བཀྲ་ཤིས་པ་བྱུང་མ་སོང་།  གཅིག་གིས་གཅིག་ལ་བཙན་བཀའ་གཏོང་གི་འདུག་་་་་སྒེར་སྤྱོད་པ་རེད་

  3. སྐལ་ཚེ། says:
    2015-03-11 at 9:39 pm

    ད་བོད་འདི་ལོ་ཤས་ལས་ལྷག་པའི་ཟོལ་མི་འདུག སེམས་པ་སྐྱོ་བའི་གནས་མིན་ནམ།

  4. ཇུས་ཏོག says:
    2015-03-11 at 11:28 pm

    ཨ་རི་ལྟ་བུ་ཡར་་འཐོན་མང་གཙོའི་ལུང་པའི་ནང་སྣྲ་བརྗོད་རང་དབང་་ལ་ཚད་བཀག་བྱེད་མཁན་ཡོད་ན་མི་དེ་ཚོ་་རྒྷྱ་མིའི་རྒྱུག་ཁྱི་ཡིན་པ་ཐག་ཆོད་།ཟབ་ཟབ་བྱེད་དགོས་།། མི་རིགས་ས་གནས་རང་སྐྱོང་ཟེང་དུས་བོོད་མི་གཉིས་གསུམ་ཡོད་ས་ལའང་ས་གནས་རང་སྐྱོང་དགོས་ཟེར་གྱི་ཡོད་པ་ཡིན་ནམ་།
    ད་ང་ཚོ་རིག་པ་་འགྲིམ་ནས་དབུ་མ་དང་རང་བཙན་མི་རིགས་ས་གནས་རང་སྐྱོང་ངམ་ས་གནས་མི་རིགས་རང་སྐྱོང་ཟེར་བ་སོགས་ཕར་བཞག་ནས་གྲོས་མཐུན་དོན་ཚནབཅུ་བདུན་ལ་སྐྱབས་བཅོལ་ནས་བོད་ས་གནས་སྲིད་གཞུང་གི་ཐོབ་ཐང་ངེས་པར་བརྩོད་དགོས་པ་རེད་དོ་།
    ང་ཚོ་བོད་པའི་ལས་དཀའ་འདི་་འདྲ་་རེད་། དེ་་རིང་ནེའུ་ཡོག་གི་བྱེད་སྟངས་དང་དེ་སྔོན་གཞོན་ནུའི་བྱེད་སྟངས་དེ་སྔ་ཆུ་སྒང་གི་བྱེད་སྟངས་སྔ་མོ་འཚོ་ཁག་བཅུ་གསུམ་དང་གློ་ཆུ་གཞི་སྒང་དྲུག་སོགས་ལ་ཕྱི་མིག་སློག་དང་མི་ར་གཟི་གངས་་ཀྱི་་དཀྱིལ་ལ་ཕྱིན་པ་ནང་བཞིན་རེད་འདུག ཕར་ལ་དཀྱོག་ཚུར་ལ་དཀྱོག་ཧ་ཧ་ངོ་མའི་བགད་མོ་ཤོར་བ་རེད་འདུག་།
    འཛམ་གླིང་གི་མདུན་ལ་ངོ་ཚ་།
    བོད་ནང་རང་བསྲེག་གནང་མཁན་ཚོའི་བོད་རང་བཙན་ལབ་མི་ཆོག་ཟེར་ནས་མེ་ལ་བསྲེག་པ་ཨ་ཡིན་།
    ཁོང་ཚོའི་མདུན་ལ་ང་ཚོ་ངོ་ཚ་།
    ནེའུ་ཡོག་གི་གཞོན་ནུའི་ཚོགས་ལ་ཞིབ་འཇུག་ནན་པོ་་གནང་དགོས་རེད་།མི་དེ་ཚོའི་བོད་མི་ས་ཡ་གཉིས་ཀྱི་ཤ་་ལན་་བརྗེད་པ་འདྲ་། དགོན་དྲུག་སྟོང་རྩ་མེད་བཟོས་པ་བརྗེད་པ་འདྲ་།

  5. ཇུས་ཏོག says:
    2015-03-11 at 11:31 pm

    ནོར་བཅོས་(གཞོན་ནུའི་ཚོགས་གཙོ་)

  6. ཀརྡོ་གཉེར་ཕྱག་པ་ says:
    2015-03-12 at 12:20 am

    ་་་་་་ཁ་རྩང་དེ་རིང་་་་་་་་
    མ་རེད།
    མདང་དེ་རིང་རེད།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-03-12 at 12:23 am

    ་་་་་་་་་་་་ རྡ་སའི་ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་དེ་དག་གི་བྱེད་སྟངས་དེ་ལ་ཞེ་གཏིང་ནས་སུན་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན། ཁོང་ཚོས་གོ་གནས་ཤིག་ཐོབ་ཟིན་རྗེས་གོ་གནས་དེས་ཁ་གཏད་ཀྱི་མི་དེའི་རྐང་བར་འཇུས་ནས་མར་འཐེན་ཐབས་བྱས་ཏེ་ནང་ཁུལ་གྱི་འཐབ་རྩོད་ལ་མགོ་བོ་འཁོར་བསྡད་པ་ལས། བོད་སྤྱི་པའི་དོན་ཞེས་པ་དེ་ནི་ཡེ་ནས་བརྗེད་འགྲོ་ཡི་ཡོད། ་་་་་་་་་་་་་་་་

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-12 at 12:29 am

    བོད་པས། བོད་ཀྱི་འབོད་སྒྲ་སྒྲོགས།
    དབུས་ལམ་པས། དབུས་ལམ་གྱི་འབདོ་སྒྲ་སྒྲོགས།
    རང་བཙན་པས། རང་བཙན་གྱི་འབོད་སྒྲ་སྒྲོགས།
    གང་གིས་གང་ལ་ཕན་དང་། སུ་ལ་ཕན་དང་། སུ་ལ་གནོད་རྗེས་སུ་ཤེས་སུ་རྒྱུ། དེ་དུས་འགྱོདཔ་སྐཡེས་་སོང་ན། རང་ཤི་བརྒྱབ་རྒྱུ་ལས། མ་འདས་པ་རེད། ཧ་ཧ། ཕྱེད་ཀུ་རེ་ཡིན་གདའ།། །།

  9. རྒྱ་གར་རྨ་བྱ། says:
    2015-03-12 at 1:08 am

    བཀའ་དང་འབོད་སྐུལ་གཉིས་མ་ནོར་བར་བྱས་ནས་ཡི་གེ་དང་མཆན་བྲིས་ན་ལེགས་སོ།།

  10. ཇུས་ཏོག says:
    2015-03-12 at 3:01 am

    བོད་རང་བཙན་གླེང་ཆོག་གི་མེད་ན་དབུས་བོད་མིའི་སྒྲིག་འཛུགས་ནས་ཡོངས་
    ཁྱབ་གསལ་བསྒྲགས་གནང་དགོས་པ་རེད་།
    མ་གཞི་བཅའ་ཁྲིམས་ནང་རང་བཙན་དང་དབུ་མ་མི་རིགས་ས་གནས་རང་སྐྱོང་
    སོགས་གང་ཡང་མ་གསལ་བར་འཛུབ་མོ་འཛུགས་ས་མེད་པའི་བོད་དོན་བདེན་
    མཐའ་གསལ་ཐབས་ཟེར་བའི་གོ་རྒྱུ་གང་ཡང་མེད་པའི་དུས་ཚོད་བསྐྱེལ་རྒྱུའི་
    སྐད་ཆ་མ་རེད་དམ་།

    འབོད་བསྐུལ་ཡིན་ན་བོད་མི་ནང་ཁུལ་ལ་ཞུ་དགོས་པ་ལས་ཨ་རིའི་སྐོར་སྲུང་ལ་
    ག་རེ་བྱས་ནས་ཞུས་པ་རེད་།
    ཨ་རིའི་མི་སེར་བཟོས་ནས་བོད་ཅང་ཕན་ཨ་ཡོང་ཧ་ཧ་བགད་མོ་ཤོར་སོང་།

  11. རྒྱ་གར་རྨ་བྱ། says:
    2015-03-12 at 3:19 am

    ཇི་སྲིད་དབུ་མའི་ལམ་གྱི་ཡིག་ཆའི་ནང་དོན་རྒྱ་ནག་ནས་ཁས་ལེན་ཞི་འགྲིག་མ་བྱུང་བ་དེ་སྲིད་དུ་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་སུ་ལའང་རྒྱལ་དར་སྒྲེང་མི་ཆོག་པ་དང་། རྒྱལ་གླུ་གྱེར་མི་ཆོག་པའི་བཀའ་གནང་མི་སྲིད་པ་ཞིག་རེད། རྒྱུ་མཚན་དེས་སྒྲིག་འཛུགས་ནས་ཀྱང་རྒྱལ་དར་རྒྱལ་གླུ་གསུམ་བཅུའི་དྲན་གྱི་གླུ་དབྱངས་སོགས་ནམ་རྒྱུན་ལྟར་གནང་བཞིན་པ་རེད།

    ལར་ནས་ང་ཚོའི་ཞི་འགྲིག་ནི་རྒྱ་ནག་ནས་ཡོང་དགོས་དང་། དེ་དང་དེའི་གནས་སྟངས་དང་བསྟུན་པའི་ཁ་ཁོག་མེད་པའི་ཆབ་སྲིད་ཀྱི་རྣམ་འགྱུར་ཞིག་བསྟན་དགོས་པ་དེ་རེད།
    མདོར་ན། བོད་མི་རེ་རེའི་ཆབ་སྲིད་ཀྱི་གོ་རྟོགས་སད་ནས་རང་གི་ལང་ཕྱོགས་གང་ཡིན་པ་དེ་ལ་ཁ་ཞེ་གཉིས་མེད་ཀྱིས་ལངས་དགོས་པ་ལས། གང་དུ་ཡང་མ་ཡིན་པར་དཀྱིལ་ནས་ནང་ཁུལ་སྟོང་གཏམ་བཤད་པའི་མི་ཕན་རེད།

    དོན་གནད་གཅིག་ཤེས་དགོས་པ་ནི། ང་ཚོ་སུས་སྐད་ཆ་དང་ཡི་གེ་ག་རེ་བསྒྲགས་ཀྱང་དངོས་ཡོད་གནས་ཚུལ་ལ་འགན་འཁུར་དགོས་པ་དེ་རེད།

  12. ཅོ་རི་ཉི་མ། says:
    2015-03-12 at 4:05 am

    སྐབས་འཚོལ་རིང་ལུགས་པ་ཚོས་བྱ་སྤྱོད་ཙམ་མ་རེད། རྒྱབ་ལྗོངས་གཏིང་ཟབ་མོ་ཡོད་རེད། མི་བདེན་བསམས་ན་ལྟོས་བསྡད་དང་་་ལོ་རེ་ནས་ལོ་རེར་གསལ་པོ་ཆགས་འོང་གི་རེད།

  13. ལྷ་སྡེ་གནམ་ལོ་ཡག says:
    2015-03-12 at 6:45 am

    ད་ཡག་རྟགས་ཤིག་ཁྱོན་ནས་མི་འདུག ང་རང་བཙན་བྱོལ་ལ་འབྱོར་ནས་ལོ༡༦འགོར་ཡོད། དེའི་རིང་དུ་རྒྱ་ཡིག་གི་ནང་དུ་སུམ་བཅུའི་དུས་དྲན་གླེང་སྐབས། བོད་མིའི་ཡར་ལངས་སམ། ཡང་ན་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ནས་ཞེས་འབྲི་བཞིན་འདུག ད་ཐེངས་མི་སྒེར་ཁ་ཤས་ཀྱི་རྩོམ་ཡིག་ནང་༼བོད་མི་བྲོས་བྱོལ་ལ་འབྱོར་བར་རྗེས་དྲན༽ཟེར་བ་ཞིག་འབྲི་བཞིན་འདུག འདི་དག་ནི་གཅིག་རྒྱབ་གཅིག་གནོན་གྱི་བྱ་སྤྱོད་ཡན་གར་བ་ཞིག་ཏུ་མཐོང་ཡོང་གི་འདུག ཚང་མས་གཟབ་ནན་གྱིས་དོ་སྣང་དང་ཁ་གཏད་གཅོག་ཐབས་བཙལ་རོགས།

  14. ཆོས་འཕེལ་དར་རྒྱས་ says:
    2015-03-12 at 7:10 am

    ཆབ་སྲིད་སྐབས་འཚོལ་བ་འེ་། ཚིག་འདི་སྙན་པོ་འདུག། ༥༩་ནས་མནའ་རྒན་ཆེན་མོ། ཕྱི་བྱོལ་བོད་གཞུང་ནས་སྒྲིག་འཛུགས། རང་བཙན་གཙང་མ་ནས་རང་སྐྱོངས། བསྟན་པ་སླར་གསོ་ནས་གནས་མཇལ། འདི་ཚང་མ་ཞུབ་ཏུ་སོམ་དང་གྲལ་འགོ་ན་སྡོད་མཁན་དག་གིས་གོ་སྐབས་འཚོལ་བ་མ་རེད་དམ།

  15. དྲན་དཀར་དཔལ་ཡོན་ says:
    2015-03-12 at 8:21 am

    ལོ་ཡག་ཁྱེད་ལ་ཡག་རྟགས་ཤིག་ཁྱོན་ནས་མི་འདུག ང་བརྒྱད་དང་ང་དགུའི་ལོའི་བར་རུ་བར་ལ་ལྷ་སར་སྐད་གྲགས་ཆེ་བའི་ཇག་དཔོན་འགའ་ཡོད། མ་ཇག་ལས་འཇིགས་སྒྲ་ཆེ། རུས་ཕན་མིང་བ་ཐང་ཀོ་སན་ཀྲོང་གོ་ཧྭ་སོགས་ཞི་ཐུ་ལུའི་ཚོ་ཁག་དེ་ཚོའཆི་ནས་ལྷག་མེད་པ། བྱ་བ་ལམ་འགྲོ་ཅན་གྱི་གཏེ་པོ་དེ་ཚོའི་བུ་རབས་ཚ་རྒྱུད་ཚོས་མུ་མཐུད་ཇག་བྱེད་ཀྱི་འདུག་གམ། ལོ་ཡག་ཁྱེད་ཀྱི་ཁོང་ཚོའི་སྐོར་མཁྱེན་གྱི་ཡོད་དམ།

  16. དྲན་དཀར་དཔལ་ཡོན་ says:
    2015-03-12 at 8:33 am

    རྒྱ་ནག་གི་སེམས་ཁམས་རིག་པ་བ། ལོ་ཡག་ལགས་ལ་ཁོམ་པ་རེ་བྱུང་ན་ལན་འདེབས་རོགས།

  17. བསྟན་འཛིན says:
    2015-03-12 at 1:46 pm

    འདི་ཡག་རྟགས་རེད།རྒྱུ་མཚན་ཞིག་ཤེས་ཀི་ཡོད་པའི་རྟགས་རེད།

  18. ལྷ་མོ། says:
    2015-03-13 at 12:53 am

    དངོས་གནས་སེམས་སྐྱོ་དགོས་པའི་གནས་ཚུལ་རེད། བུད་མེད་ལྷན་ཚོགས་ཟེར་བxxxདང་། དགུ་བཅུ་གསུམ་ཟེར་བxxxའདི་གཉིས་ཀྱི་ཆབ་སྲིད་གནས་སྟང་མ་ཤེས་པར་སྐྱག་རྫུན་ལུང་པ་གང་བཤད་དེ་བོད་པའི་སྤྱི་ཚོགས་ཁ་བྲལ་དུ་གཏོང་གི་འདུག

  19. ཀརྡོ་གཉེར་ཕྱག་པ་ says:
    2015-03-13 at 1:44 am

    བོད་ཀྱི་འབོད་སྒྲ་ནི། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་། ཏིང་ཤའོ་ཕིན་གཉིས་ཀྱི་མཇལ་འཕྲད་མ་བྱུང་བར། རང་བཙན་སྐད་འབོད་བྱས་ཡོད་པ་དང་། དེའི་ཕྱི་ནས་ནས་བཟུང་༸གོང་ས་མཆོག་གིས། དབུས་མའི་ལམ་གསར་གཏོད་མཛད་པ་ནས་བཟུང་། གཉིས་སྨན་དབུས་མའི་ལམ་ལ་ཤར་བསྐྱོད་ཐུབ་ན། འགྱོད་པ་ཆུང་བ་འོངས་ངེས་སོ་སྙམ་ལགས།

  20. ལྷ་སྡེ་གནམ་ལོ་ཡག says:
    2015-03-13 at 1:57 am

    སྤྱིར་ངས་གཟུགས་ཅན་གྱི་སྡེ་ལ་མ་གཏོགས་གཟུགས་མེད་ཀྱི་དཔུང་ལ་ལན་འདེབས་ཀྱི་མེད།
    དྲན་དཀར་དཔལ་ཡོན་འབོད་པའི་གཟུགས་མེད་འདིའི་འདྲི་སྟངས་ཡག་པོ་མི་འདུག་ནའང་། དྲི་བར་བབས་པའི་མི་སྣ་འདི་ཧ་ཅང་གི་གནད་འགག་རེད། དེ་བས། ངས་ཁོམ་སྐབས་ཤིག་བཙལ་ནས་ངོ་སྤྲོད་རོབ་ཙམ་བྱས་ཆོག ད་དུང་ཁོམ་པ་མེད།

  21. དྲན་དཀར་དཔལ་ཡོན་ says:
    2015-03-13 at 3:07 am

    གཟུགས་མེད་ངའི་དྲི་བར་ལོ་ཡག་གིས་དྭངས་ལེན་གནང་བར་ཡག་བྱུང་ཞུ།
    བཀའ་དྲིན་ཅན་གྱི་མེས་པོའི་བརླ་སྒུལ་བའི་ཉམས་ཞིབ་པ་ཁྱི་ལུས་ཅན་གྱི་མདུན་ནས་ངས་གཟུགས་མངོན་བཏུབ་ཀྱི་མི་འདུག
    གལ་ཏེ་ཕ་མ་གསོད་མཁན་གྱི་ཇག་ཚོགས་འཆི་བའི་རུས་པ་ཡིན་ཡང་དམུར་ནུས་པའི་ནུས་ལྡན་གྱི་ཁྱི་ཡིན་ན་ཡང་། གཟུགས་མེད་ང་ཙམ་མ་ཟད་རྩམ་གཟན་ཡོངས་ཀྱི་ཨ་རིའི་དམག་ཁྱི་བཞིན་དུ་དགའ་བོ་བྱེད་ངེས་ཡིན། རྒྱ་ནག་རིག་སྲིད་པ་བ་སྐུ་ཞབས་ལོ་ཡག་ལགས་ལ་བཀའ་དྲིན་ཆེ་ཞུ།

  22. བོད་ཁམས་སྡེ་ says:
    2015-03-13 at 9:26 am

    བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལོ་མོང་རིང་རྒྱ་དམར་གྱི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མྱོང་མཁན་ཞིག་ལ་ཁྱི་མིང་རྟགས་ཡོང་དུས་ ཁྱོད་དྲན་དཔལ་ཟེ་བ་དེ་མི་གཞི་གང་འདྲ་ཞིག་ཡོད་མེད་གསར་པོར་མངོན་སོང་།

  23. དགེ་ལེགས་བྱང་ཆུབ says:
    2015-03-14 at 9:18 am

    སུམ་ཅུ་དུས་དྲན་ཉིན་་་་རྙོབ་གྲ་འདི་ཁ་ཚོན་ག་འདྲ་སེ་གཅོད་དགོས་ཀྱི་རེད༂
    མ་ཡོང་སུམ་ཅུའི་དུས་དྲན་ཉིན་་་་་་རང་འཇག་འདི་འདྲ་བྱུང་ན་་་་་་བོད་པ་ཚང་ལ་གྱོང་གུད་ཆེན་པོ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme