Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྡི་ལི་བོད་སྒར་བསམ་ཡས་གླིང་དང་བོད་སྐད་བརྙན་འཕྲིན།

Posted on 2015-03-092015-03-09 By ཁ་བརྡ 4 Comments on ལྡི་ལི་བོད་སྒར་བསམ་ཡས་གླིང་དང་བོད་སྐད་བརྙན་འཕྲིན།

གངས་དཀར་རྒྱལ་སྲས།

 
ན་ནིང་གཞིས་ནང་ལ་ལྡི་ལི་བོད་སྒར་བསམ་ཡས་གླིང་ལ་དབུས་སྐད་དང་ཨམ་སྐད་ཀྱི་བརྙན་འཕྲིན་གང་འདོད་དུ་བལྟ་རྒྱུ་ཡོད་མོད་ད་ལྟ་གཅིག་ཀྱང་མི་འདུག དེའི་རྒྱུ་མཚན་ཡར་མར་སྐད་ཆ་མང་ཙམ་དྲིས་མོད། ཁོ་ཚོས་ཟེར་ན་དེ་ནི་གཞོན་ནུ་ཚོགས་པ་དང་འབྲེལ་བ་ཡོད་པ་རེད་ཟེར་བ་ཐམས་ཅད་ཁ་གཅིག་གྲགས་རེད། ཁ་ཅིག་གིས་འདི་གའི་ས་གནས་གཞོན་ནུ་ཚོགས་པའི་རྒྱུན་ལས་སྔོན་མ་དག་གིས་བརྙན་འཕྲིན་འཕྲིན་ལམ་ལ་སྒོར་མོ་སྤྲད་ནས་མི་མང་གི་འདོད་པ་བསྐང་བ་ཡིན་མོད། ད་ལྟའི་འདི་དག་གིས་འཕྲིན་ལམ་ལ་སྒོར་མོ་མ་སྤྲད་པས་མེད་པ་ཆགས་པ་རེད་ཟེར།

ཁ་ཅིག་གིས་གཞོན་ནུ་ཚོགས་པས་ཁོ་ཚོ་ཚོགས་པའི་ལས་དོན་ལས་མི་མང་གི་འདོད་བློ་ལ་དེ་ཙམ་དོ་སྣང་ཡོད་པ་མ་རེད་ཟེར། ས་གནས་འདིའི་བརྙན་འཕྲིན་འཕྲིན་ལམ་ཚང་མ་ཁོ་ཚོས་སྒེར་བདག་བྱས་ཡོད་པ་རེད་ཟེར། ངོ་མ་ཁོ་ཚོས་སྒེར་བདག་བྱས་ཡོད་ན་ཁོ་ཚོས་ངེས་པར་མང་ཚོགས་གི་དགོས་འདུན་སྐོང་དགོས་པ་རེད། སྔོན་མ་དག་གིས་སྐོང་ཐུབ་ན་རྗེས་མ་དག་གིས་དེ་ལས་ཀྱང་ཞིབ་ཚགས་ཀྱིས་བརྙན་འཕྲིན་ལ་བལྟ་ཐུབ་པ་བྱེད་མ་ཐུབ་རུང་སྔོན་ལ་ཡོད་པ་དེ་མེད་པ་བྱེད་སྲོལ་གང་ན་ཡོད། འདི་མ་གཞི་དོན་དག་ཆུང་ཆུང་ཞིག་ཡིན་མོད། འདི་ལས་མཐོང་ཐུབ་པ་ནི་མང་ཚོགས་དང་ཚོགས་པའི་བར་གྱི་འབྲེལ་འདྲིས་དང་ཚོགས་པས་མང་ཚོགས་གི་སེམས་ཁམས་དང་གནས་བབ་ལ་རྒྱུས་ལོན་མེད་པ་གསལ་བོར་ཤེས།

གང་ལྟར་ཀྱང་ཁོ་ཚོ་དང་འབྲེལ་བ་ཡོད་པ་ཁོ་ཐག་རེད། བརྙན་འཕྲིན་དེ་དག་ལ་བལྟ་རྒྱུ་ཡོད་ན་ནང་ནས་དུས་ཡུན་རིང་བོར་འདུག་ཐུབ་པས་ཕྱི་རོལ་དུ་གང་འདོད་དུ་མི་འཁྱམས་པར་ཕན་ལ་ཤེས་རྒྱུ་གོ་རྒྱུའང་ཧ་ཅང་མང་། དེའི་རྐྱེན་གྱིས་ཁོ་ཚོས་ཕྱག་ལས་དེ་མང་ཚོགས་ཀྱི་ཆེད་དུ་གནང་གི་ཡོད་ན་བོད་སྐད་ཀྱི་བརྙན་འཕྲིན་དེ་དག་སྔོན་བཞིན་བལྟ་ཐུབ་ན་མི་མང་ལ་ཕན་པ་མང་བོ་འདུག དེ་ལས་ལྡོག་སྟེ་ཁོ་ཚོ་ཚོགས་པ་རང་གི་ཆེད་དུ་གནང་གི་ཡོད་ན་ང་ཚོ་སུས་ཀྱང་བཤད་ཤེས་ཀྱི་མ་རེད།

བསམ་ཚུལ།

Post navigation

Previous Post: ལྷ་སྡེ་གནམ་ལོ་ཡག་གིས་བོད་དོན་གླེང་བ།
Next Post: བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

Comments (4) on “ལྡི་ལི་བོད་སྒར་བསམ་ཡས་གླིང་དང་བོད་སྐད་བརྙན་འཕྲིན།”

  1. ཁུ་བྱུག says:
    2015-03-10 at 3:34 am

    ཕྱི་ལོ་ ༡༩༩༠ གོ་གྲངས་ནང་རྒྱ་ནག་གི་གློག་བརྙན་བོད་སྐད་དུ་བསྒྱུར་བ་རྣམས་རྒྱ་ནག་རྒྱལ་རབས་དང་། མི་རིགས་ཀྱི་ལ་རྒྱ་བསྟན་པ་སོགས་དོན་སྙིང་ཅུང་ལྡན་ཁར། སྐད་བསྒྱུར་བ་དག་ཀྱང་སྒྱུ་རྩལ་བ་ཏག ཏག་ཡིན་བཟོ་འདུག དུས་ཕྱིས་མུ་སྦྲེལ་འཁྲབ་ཚན་བསྒྱུར་བ་རྣམས་གུང་ཁྲན་གྱི་བྱས་རྗེས་རྐྱང་རྐྱང་བསྟན་ཅིང་། ལོ་རྒྱུས་ལ་སྒྲོ་བཏགས་དང་འཁྱོག་བརྗོད་ཀྱིས་དོན་སྙིང་དེ་ཙམ་མ་མཆིས་པས། བསྟན་པའི་དགེ་མཚན་ཅང་མེད།

  2. དྲན་དཀར་དཔལ་ཡོན་ says:
    2015-03-10 at 4:35 am

    བོད་མི་མང་བོ་རྒྱ་གར་དུ་ཡོང་གི་ཡོད་ཀྱང་། དོན་དངོས་ཐོགས་སྐྱབས་བཅོལ་བ་ཧ་ཅང་ཉུང་ཞིང་རྒྱ་ནག་གིས་དམ་འཛིན་འོག་ཏུ་ཡོད་པའི་བོད་མི་དངོས་མ་ཉུང་ཉུང་མིན། རྒྱ་ནག་གི་སྤྲེལ་མགོ་ཅན་དང་གྲུབ་ཆེན་ཆི་གང་ལས་གཞན་ཕལ་ཆེར་རྒྱ་གཞུང་གི་དྲིལ་བསྒྲགས་བཟོ་གྲྭར་བསྐྲུན་པའི་བྱིས་གཟོབ་ཏེ་ཨ་ལད་པད་ཀོག་ཤ་སྟག་ཡིན། རྒྱ་གར་དུ་འང་བོད་མི་ན་ཚོད་མ་ལོན་པ་དང་བཟའ་ཟླ་མེད་པའི་བོད་མི་བྱེས་འབྱོར་མང་ཆེ་བས་བྱིས་གཟོབ་དེ་དག་རྩེད་ཆས་སུ་ཉར་གྱི་ཡོད། རྒྱའི་གློག་བརྙན་ལྡི་ལིར་བསྟན་པའི་ཁེ་ཕན་གཅིག་རང་གཅིག་ནི་མ་སྐད་དང་ཕ་སྐད་རྒྱུད་འཛིན་ལ་ཕན་གྱི་ཡོད། འདི་དགོས་པ་ཆུང་ཆུང་ཞིག་མིན་མོད། དེ་དང་ཆབས་ཅིག་རྒྱའི་གཡོ་ཇུས་དང་རྫུན་བསྒྲག་གིས་བོད་མི་བསློད་ཀྱིན་ཡོད། ང་ནི་རང་གི་སྲོག་ལ་རྒོལ་བའི་མཛེས་མ་དང་ལྷན་དུ་ཉལ་ཐུབ་མཁན་ཞིག།

  3. ཨོ་རྡོ། says:
    2015-03-10 at 11:47 pm

    གངས་དཀར་རྒྱལ་སྲས་ལགས། ཁྱེད་ཀྱིས་གྲོང་ལམ་བར་གྱི་སྐད་ཆ་ཤ་སྟག་གསུང་ན་འགྲིག་གི་ཨེ་ཡོད་ན། གལ་ཏེ་གནས་ཚུལ་འདིའི་སྐོར་ཤེས་འདོད་ན་ཚོང་བདག་ངོ་མ་སུ་ཡིན་དང་། དེའི་ཡིག་ཚང་གང་དུ་ཡོད་པ་ཤེས་ཐབས་གནང་ནས་གནས་ཚུལ་འདི་སྐོར་གསལ་པོ་ཤེས་ཐབས་ཐུབ་པ་དགོས། དྲ་ཐོག་ཏུ་གནས་ཚུལ་དགོད་འདོད་ཡོད་ན་གནས་ཚུལ་ཁུངས་ལུང་ཡོད་པ་ཞིག་བཀོད་དགོས་པ་ལས་གྲོང་ལམ་བར་མི་གང་བྱུང་ལ་སྐད་ཆ་དྲིས་པས་ཕན་ཐོགས་མེད་པ་དེ་མཁྱེན་དགོས། གང་ལྟར་ཁྱེད་ཀྱིས་འདི་འདྲ་ཞིག་བཀོད་པ་དེས་བོད་པའི་སྤྱི་ཚོགས་ནང་སྐད་ཆ་ཁུངས་ལུང་མེད་པ་མང་དག་ཅིག་ཡོང་པ་ནི་གང་ཟག་ཁྱོད་དང་འདྲ་བ་ལས་ཡོང་བ་གསལ་པོ་ཤེས་ཐུབ་སོང་།
    མདོར་ན། ངས་གནད་དོན་འདི་སྐོར་གསལ་པོ་བཤད་ན། ཚོང་ལས་འདི་ས་གནས་གཞོན་ནུ་དང་འབྲེལ་བ་ཡོད་མ་རེད། ཡིན་ནའང་ཚོང་པ་དེ་ས་གནས་གཞོན་ནུའི་རྒྱུན་ལས་ཤིག་རེད། འོ་ན་བོད་ཀྱི་བརྙན་འཕྲིན་རྣམས་མེད་པའི་རྒྱུ་མཚན་གང་རེད་ཅེ་ན། སྔ་ལོ་ནས་རྒྱ་གར་གྱི་གྲོང་འཁྱེར་ཆེ་ཁག་ཏུ་ T.V. Cable ཚང་མ་གཞུང་གི་སྒྲིག་གཞི་ལྟར་ set top box བརྒྱུད་གཏོང་དགོས་པ་ལས་ཐད་ཀར་གཏོང་ཆོག་གི་མེད་པ་ཆགས་ཡོད། སྔ་མོ་བརྙན་འཕྲིན་རྣམས་ཡོ་ཆས་དེའི་བརྒྱུད་གཏོང་མི་དགོས་སྟབས་བསམ་ཡས་གླིང་ཚོང་པས་རེ་འདུན་གང་ཞུས་ལྟར་དངུལ་ཕྲན་བུ་སྤྲད་ན་བརྙན་འཕྲིན་གང་འདོད་གཏོང་ཐུབ་ཀྱི་ཡོད། ད་ཆ་གཞུང་གི་སྒྲིག་གཞི་འོག་འགྲོ་དགོས་པས་སྔ་མོ་བཞིན་རང་སྣང་གང་དྲན་བྱེད་ས་མེད་པར་འགྱུར་ཡོད། བསམ་ཡས་གླིང་ཚོང་པ་དེས་བོད་ཀྱི་བརྙན་འཕྲིན་ལ་བརྟེན་ནས་ཚོང་མང་བ་ཡོང་གི་ཡོད་པ་ཤེས་བཞིན་དུ་བརྙན་འཕྲིན་དེ་དག་གཏོང་རྒྱུ་མེད་པ་བཟོ་ཤེས་ཀྱི་རེད་དམ། ཚོང་པ་དེ་ཚོ་བླུན་པོ་གང་ཡང་མི་ཤེས་མཁན་ཞིག་ཡིན་གྱི་མ་རེད། བྱས་ཙང་གནས་ཚུལ་གསལ་པོ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་རེད།

  4. གཡུ་བྲག་པ། says:
    2015-03-11 at 12:21 am

    Set top box. ནང་ལ་བོད་སྐད་བརྙན་འཕྲིན་ཡོང་ཡ་ལ་མ་ལག་ཅིག་ཉོ་དགོས་འདུག དེ་ཉོ་ན་སྒོར་འབུམ་ལྷག་འགྲོ་གི་འདུག་ཟེར། རྒྱ་གར་ལྷོ་ཕྱོགས་ནས་དེ་འདྲ་རེད། ལྡི་ལི་ཡང་དེ་འདྲ་ཨེ་ཡིན་མི་ཤེས། ལྷོ་ཕྱོགས་ནས་ངས་set top box ཉོས་ནས་བཟོ་མཁན་ལ་བོད་སྐད་ཡོང་མིན་སྐོར་ལ་སྐད་ཆ་བཤད་ཡིན། ཁོས་ཟེར་ཡ་གོང་ཞུས་ལྟར་རེད། སྒོར་འབུམ་ལྷག་སྤྲད་ནས་ཅ་ལག་དེ་ཉོས་ནས་བཙུགས་ན་བོད་སྐད་སོགས་ཡོང་གི་རེད་ཟེར། སྒེར་གཅིག་གིས་སྒོར་དེ་འདྲ་སྤྲད་གི་རེད་པས། ཚོགས་པ་དེ་འདྲས་ཉོ་ན་གང་ཤེས་མ་གཏོགས་དེའི་ནང་བོད་སྐད་ཡོང་ཡ་དཀའ་ལས་འདུག་ད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme