Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མདོ་སྨད་འཛམ་ཐང་ནས་ཞི་བདེའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་འདུག

Posted on 2015-03-08 By ཁ་བརྡ 4 Comments on མདོ་སྨད་འཛམ་ཐང་ནས་ཞི་བདེའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་འདུག
IMG_7269ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༥ ཉིན་ནས་བཟུང་ཉིན་གསུམ་གྱི་རིང་མདོ་སྨད་དཔལ་ཇོ་ནང་པའི་གདན་ས་ཆེན་མོ་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དུ་ཕྱི་ལོ་ ༢༠༡༢ ལོར་དྲག་པོའི་མཚོན་ཆའི་རིགས་རྩ་རྫོགས་བྱས་ཤིང་རང་རིགས་ཕུ་ནུ་ཡོངས་ལ་ནང་དམེ་དང་། ནང་རྐུན་མི་བྱེད་པའི་དམ་བཅའ་བཞག་ནས་ལོ་འཁོར་གསུམ་འཁོར་བའི་རྗེས་དྲན་དང་འབྲེལ་བའི་ཞི་བདེའི་ཚོགས་འདུ་ཐེངས་གཉིས་པ་ཞེས་པ་བསྐོང་འཚོགས་གནང་འདུག
དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༢༥ ཉིན་ནས་བཟུང་ཉིན་གསུམ་གྱི་རིང་མདོ་སྨད་དཔལ་ཇོ་ནང་པའི་གདན་ས་ཆེན་མོ་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དུ། ཇོ་ནང་ཆོས་བརྒྱུད་ཀྱི་དབུ་འཛིན་མཆོག་སྤྲུལ་འཇིག་མེད་རྡོ་རྗེ་མཆོག་གིས་དབུས་གཙང་བ་དགོན་པ་དང་། ཆོས་རྗེ་དགོན། ཚེ་བཅུ་དགོན། གསང་ལུང་དགོན། ཨ་སིག་དགོན་སོགས་འཛི་གཞུང་གི་ཇོ་ནང་དང་རྙིང་མའི་དགོན་སྡེ་བཅུ་ཕྲག་གསུམ་ལྷག་གི་བླ་སྤྲུལ་མཁན་གསུམ་དབུ་བཞུགས་ཐོག སྡེ་བ་སོ་སོའི་འགོ་ཁྲིད་དང་མི་དམངས་བཅས་མཉམ་ཞུགས་ཀྱིས་ཞི་བདེའི་ཚོགས་འདུ་ཐེངས་གཉིས་པ་ཞེས་པ་དབུ་འཛུགས་གནང་འདུག་ལ། ཉིན་དང་པོར་སྟོད་མ་ཡུལ་ཚོ་སྟེ། ཚྭ་ཁ་དང་། གོང་རྒྱ། རི་འཕོང་། ཤོས་མདའ་སོགས་དང་། ཉིན་གཉིས་པར་བར་མ་ཡུལ་ཚོ་སྟེ། ཆོས་རྗེ། གཙང་བ། ཡུལ་བ། ཡག་མདོ། ཀ་ཐོག་ཡུལ་ཚོ། ཉིན་གསུམ་པར་ན་མདའ་ཡུལ་ཚོ་དང་། རྫོང་མདའ་ཡུལ་ཚོ་གཉིས་བཅས་ཆ་བགོས་ཀྱིས་འཛོམས་ཡོད་ལ། ཉིན་རེར་ཁྱོན་མི་གྲངས་ཅིག་སྟོང་ནས་ཉིས་སྟོང་ལྷག་འདུ་འཛོམས་བྱུང་ཡོད་འདུགIMG_7274
ཐེངས་འདིའི་ཞི་བདེའི་ཚོགས་འདུ་འདི་ནི་ཕྱི་ལོ་ ༢༠༡༢ ཟླ་ ༢ པ་ནས་བཟུང་ཇོ་ནང་འཛམ་ཐང་དགོན་ཆེན་དུ་འཛམ་ཐང་གཙང་སྡེ་ཚོ་བ་དང་། ཆོས་རྗེ་ཚོ་བ་གཉིས་ཀྱིས་གཙོས་འཛི་གཞུང་གི་ཚོ་བ་ཡོངས་ཀྱི་མི་སྐྱ་ཕོ་མོ་ཐམས་ཅད་ཀྱིས་བོད་མིའི་ནང་ཕན་ཚུན་ལ་ནང་དམེ་དང་། ནང་རྐུ་སོགས་མི་བྱེད་པའི་དམ་བཅའ་བརྟན་པོར་བཞག་ནས་ལོ་འཁོར་གསུམ་འཁོར་བའི་རྗེས་དྲན་འཚོགས་འདུ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུ་དང་འབྲེལ་ནས་འཛི་ཡུལ་སྟོད་སྨད་བར་གསུམ་གྱི་རྒན་དར་གཞོན་གསུམ་གྱིས་མཐུན་པའི་ལག་ཟུང་དམ་དུ་སྦྲེལ་ནས།  འཚེ་མེད་ཞི་བདེའི་ལམ་བཟང་བརྟན་འཇགས་ཡོང་ཆེད། མ་བསྐུལ་དང་བླངས་པ་ཆིག་ཁྲི་ལྷག་གིས་ཤོ་མི་རྒྱག་པ་དང་། མི་རིགས་གང་ཡིན་ཡང་འཁོན་འཛིང་མི་བྱེད་པ།  རྐུ་འཕྲོག་བཅོམ་གསུམ་སོགས་མི་བྱེད་པ་དང་། ཡང་ན་དམངས་ཚོགས་ཁྲོད་དོན་རྐྱེན་གང་བྱུང་འདུམ་འགྲིག་ཚོགས་པའམ་ཞི་བདེ་ཚོགས་པས་ཐག་གཅོད་ལ་གུས་བཀུར་ཞུ་རྒྱུ་བཅས་ཀྱི་གྲོས་འཆར་དོན་ཚན་བཞི་ཐག་གཅོད་གནང་ཡོད་འདུག
གསར་འགྱུར་བསྡུ་སྒྲིག་པ་ཚངས་དབྱངས་རྒྱ་མཚོ།
གསར་འགྱུར།

Post navigation

Previous Post: བྱེའུ་ཆུང་།
Next Post: ལྷད་མེད་ཀྱི་བརྩེ་བ་ཁྱེད་ལ་ཡོད།

Comments (4) on “མདོ་སྨད་འཛམ་ཐང་ནས་ཞི་བདེའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་འདུག”

  1. ཇུས་ཏོག says:
    2015-03-08 at 6:14 am

    2015 ཕྱི་ཟླ་3 པའི་ཚེས་25 ད་ལྟ་ཡོང་རྒྱུ་རེད་ཧ་ཧ་

  2. ཇུས་ཏོག says:
    2015-03-08 at 6:17 am

    བོད་ནང་གི་གནས་ཡག་པོ་ཡོད་ན་བཀོད་རོགས་གནང་།།

    ནང་དམེ་དང་ནང་རྐུན་སྐོར་དེ་ང་ཚོར་ནམ་ཡང་མི་དགོས་ཐུགས་རྗེ་ཆེ་།

  3. མི་འགྱུར་རྡོ་རྗེ། says:
    2015-03-08 at 8:07 am

    ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དུ་ཡ་རབས་བཟང་པོའི་བྱ་འགུལ་དེ་འདྲ་ཞིག་སྤར་བར་ཡི་རངས་བསྔགས་བརྗོད་ཡོད། དེ་དང་མཉམ་ཞུ་རྒྱུ་ཞིག་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བའི་མི་ཤར་འཛམ་ཐང་བསམ་གྲུབ་ནོར་བུའི་གླིང་དུ་ཡ་རབས་བཟང་པོའི་བྱ་འགུལ་དེ་འདྲ་ཞིག་སྤར་བར་ཡི་རངས་བསྔགས་བརྗོད་ཡོད། དེ་དང་མཉམ་ཞུ་རྒྱུ་ཞིག་ལ་ཚངས་དབྱངས་རྒྱ་མཚོ་ཟེར་བའི་མི་འདིས་སྔོན་ཆད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཚང་ཁ་མང་པོ་བརྒྱབ་སྟེ། ༼ ཇོ་ནང་འཛམ་ཐང་དགོན་ཆེན༽ ཟེར་བ་ལྟ་བུའི་ཆོས་མིང་ཡུལ་ལ་བཏགས་པ་ལྟ་བུའི་རྫབ་ཆེན་པོའི་སྐད་ཆ་དང་ཡིག་འབྲི་མང་པོ་སྤེལ་སོང་། བྱེད་སྟངས་འདི་རྩ་བ་ཉིད་ནས་ཡག་པོ་ཞིག་མ་རེད། ང་རང་ལ་མཚོན་ནའང་ཡུལ་སྡེ་ཆོས་རྒྱུད་དེ་དག་དང་ཁ་འབྲལ་ཐབས་མེད་མཁན་ཞིག་ཡིན་ནའང་ད་བར་༼འཛམ་གླིང་ཇོ་ནང་དགོན་ཆེན།༽ཟེར་བ་ལྟ་བུར། འཛམ་ཐང་རྟེན་དང་ཇོ་དགོན་བརྟེན་པའི་འབྲེལ་བུའི་མཚན་མདོག་ལས་མཐོང་ཐོས་མ་བྱུང་བས། ཆོས་མིང་དང་ཡུལ་མིང་སོགས་རྣམ་པ་འདྲ་མིན་ཐོག་བེད་སྤྱོད་བཏང་སྟེ་སོ་སོ་མདུན་ལ་འཐོན་ཐབས་དང་། སོ་སོའི་མིང་མང་ཚོགས་ཀྱི་སེམས་ནང་བླུགས་ཏེ་སྒེར་གྱི་མངོན་འདོད་དང་དམིགས་ཡུལ་སྒྲུབ་ཐབས་བྱེད་པ་དེ་ཡག་པོ་ཞིག་ཏུ་མཐོང་མ་སོང་བས་མ་འོངས་པར་འདིའི་ཐད་དུ་ཅི་ནས་ཀྱང་དགོངས་འཇགས་ཤིག་བཞེས་གནང་ཡོང་བ་ཞུ།འདིས་སྔོན་ཆད་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཚང་ཁ་མང་པོ་བརྒྱབ་སྟེ། ༼ ཇོ་ནང་འཛམ་ཐང་དགོན་ཆེན༽ ཟེར་བ་ལྟ་བུའི་ཆོས་མིང་ཡུལ་ལ་བཏགས་པ་ལྟ་བུའི་རྫབ་ཆེན་པོའི་སྐད་ཆ་དང་ཡིག་འབྲི་མང་པོ་སྤེལ་སོང་། བྱེད་སྟངས་འདི་རྩ་བ་ཉིད་ནས་ཡག་པོ་ཞིག་མ་རེད།

  4. ཇུས་ཏོག says:
    2015-03-08 at 10:36 am

    རང་མིང་གྲགས་ཐབས་ཀྱི་གནས་ཚུལ་མ་གླེང་ན་ཡག་གི་རེད་ད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme