Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བྱེའུ་ཆུང་།

Posted on 2015-03-082015-03-08 By ཁ་བརྡ No Comments on བྱེའུ་ཆུང་།

རྔ་བཟའ་བདེ་པོ་འཚོ།

unnamed-4དབྱར་ཟླ་ཚེས་བྱུང
ཆར་བ་བབས་བྱུང
མཛེས་སྡུག་བཀྲ་བའི་མེ་ཏོག་གི་གི་མགོ་བོ
གར་མཁན་མས་གར་འཁྲབ་པ་བཞིན
ལྡེམ་ལྡེམ་དུ་གཡོ
ཤིང་སྡོང་གི་ལོ་འདབ་དག་ལྷབ་ལྷུབ་ཏུ་མགུལ་ལ
རྩྭ་འཇག་མའི་ཟིར་སྒྲ་ཡང་ཧུར་ཧུར་དུ་སྒྲོག

དེ་དུས འདབ་ལག་མ་རྒྱས་པའི་བྱེའུ་ཆུང་ཁྱེད
ཆགས་ས་བརྟེན་ས་མེད་པའི་བྱེའུ་ཆུང་ཁྱེད
ཨ་མའི་དྲོད་ཁོལ་བྲལ་བའི་བྱེའུ་ཆུང་ཁྱེད
གཞན་གྱིས་རྡོ་འབེན་སའི་བྱེའུ་ཆུང་ཁྱེད
སྡོང་སྐམ་གྱི་འདབས་ན ཁུ་སིམ་མེར
ཞེད་སྣང་དང་དངངས་སྐྲག་གི་ཀློང་ནས
འདར་སིག་སིག་བྱེད

ཆར་བ་དངས་སོང
ཉི་མ་ཤར་བྱུང
ཆར་བས་བསྐྱངས་པའི་རྩྭ་ཉག་རེ་རེར
གསོན་ཤུགས་རྒྱས་ཏེ
མགོ་འཕང་ཡར་ལ་བཏེགས
ཚང་ལ་གྱེས་པའི་བྱ་བྱེའུ་ཚོ་ཡང
རིམ་གྱིས་རྩེ་འཇོ་དང་དགའ་སྤྲོ
རང་དབང་གིས་གནམ་འཕང་བསྐྱོད
སྐབས་དེར
ཁེར་རྐྱང་གིས་མནར་བའི་བྱེའུ་ཆུང་ཁྱེད
སྤོབས་པས་ཞ་བའི་བྱེའུ་ཆུང་ཁྱེད
མགུལ་སྐྱོད་དབེན་པའི་བྱེའུ་ཆུང་ཁྱེད
རང་དབང་བྲལ་བའི་བྱེའུ་ཆུང་ཁྱེད
མིག་ཆུ་ཐར་ར་ར
རང་གི་བྲང་ཁར་རྡུང་ནས
གཤོག་པས་བྲག་ལ་གཞུས་ཏེ
གཤོག་རྩ་ཁྲག་གིས་བརྫིས

ཉི་མ་རི་རྩེ་ནས་ཡལ་སོང
ཟླ་བ་ཚེས་བྱུང
བསིལ་འཇལ་གྱི་རླུང་བུའི་ཁྲོད་ནས
སྲོག་ལྡན་གྱི་སེམས་ཅན་ཚང་མ
དྲོད་ཁོལ་རྒྱས་པའི་རང་རང་གི་གནས་སར་ཕྱིན

དུས་དེར
མགོན་མེད་ཀྱི་བྱེའུ་ཆུང་ཆེད
དབུགས་རྒྱུན་ཆད་ལ་ཉེ་བའི་བྱེའུ་ཆུང་ཁྱེད
སྡེར་ཁ་ཚེར་མས་ཁེངས་བའི་བྱེའུ་ཆུང་ཁྱེད
སྐྱ་རེངས་སྒུག་པའི་བྱེའུ་ཆུང་ཁྱེད ཨ་ཐང་ཆད་པས
འཁུན་སྒྲ་དང་ཨག་རིང
ངུ་འབོད
དབུགས་རིང་ཞིག་དང་ལྷན

ཚེ་སྲོག་ཆུང་ཆུང་གིས་མི་ཐེག་པའི་སྡུག་བསྔལ་གྱི་ཀློང་ལ་ཐིམ
ལུས་ཕུང་ཉམས་ཆུང་གིས་མི་བཟོད་པའི་ན་ཟུག་གི་གཏིང་ལ་ལྷུང

ཡ་ང་བའི་བྱེའུ་ཆུང་ཁྱེད་ལ
འཚོ་བ་ནི་མཐའ་མེད་ཀྱི་བཙོན་ར་དང་འདྲ་བྱུང་
འཇིག་རྟེན་ནི་བརྩེ་མེད་ཀྱི་བཙོན་ཁང་དང་འདྲ་བྱུང་

ཁྱེད་ཀྱི་བར་སྣང་ནི་རང་དབང་གི་གཤོག་པ་རྐྱོངས་མི་ཐུབ་སའི་ལྕགས་དྲ་ཡིན
ཁྱེད་ཀྱི་ས་གཞི་ནི་སྤྲོ་སྣང་གི་རྒུན་འབུ་འཐུ་མི་ཐུབ་སའི་བྱེ་ཐང་ཡིན

2015/3/4

སྙན་ངག

Post navigation

Previous Post: ཕ་ཡུལ།
Next Post: མདོ་སྨད་འཛམ་ཐང་ནས་ཞི་བདེའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme