Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྔགས་འཆང་ཡོངས་ལ་བསྟོད་པ་རིག་འཛིན་རྒྱལ་བའི་གདུང་སྲས།

Posted on 2015-03-042015-03-04 By ཁ་བརྡ 33 Comments on སྔགས་འཆང་ཡོངས་ལ་བསྟོད་པ་རིག་འཛིན་རྒྱལ་བའི་གདུང་སྲས།

ཨེ་མ་ཧོ།

 
ན་མོ་གུ་རུ་བིརྱ་དྷྰ་ར་ཡེ།
མཆོག་གསུམ་རྒྱལ་བའི་ཆོས་ལས་དགེ་བས་བསྙེན།།
ཐེག་གསུམ་ཆོས་ཀྱི་སྙིང་པོའི་གསང་སྔགས་སྤྱོད།།
འཁོར་གསུམ་བདེན་མེད་རྟོགས་པའི་རིག་པ་འཛིན།།
བསླབ་གསུམ་ནོར་བུའི་མཛོད་འཛིན་རྡོ་རྗེ་འཆང་།།
གསུམ་ལྡན་སྔགས་འཆང་ཚོགས་ཀུན་མངོན་པར་བསྟོད།།
དབུ་ལ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་བཀྲ།།
སྐུ་ལ་གསང་ཆེན་གོས་བཟང་གཟན་དཀར་ཤིས།།
གསུང་ལ་བསྐྱེད་རིམ་ཛབ་བཟླས་བསྙེན་པས་བདེ།།
ཐུགས་ལ་རྫོགས་རིམ་རྫོགས་ཆེན་སྒོམ་པར་ལེགས།།
རིག་འཛིན་བརྒྱུད་པའི་གདུང་སྲས་ཨེ་མ་ཧོ།།
དགོན་གྲོང་སྤེལ་མའི་འདོད་ཡོན་ལྡན་གླིང་།།
ཐབས་ཤེས་ཀུན་བཟང་དཔའ་བོ་མཁའ་འགྲོས་བསྐོར།།
རིམ་གཉིས་དམ་པའི་ཐོས་བསམ་སྒོམ་པའི་འབྲས།།
ལུགས་གཉིས་དཔྱིད་དུ་སྨིན་པའི་གསང་ཆེན་དཔལ།།
བདེན་གཉིས་མ་རིག་མུན་སེལ་རྣམ་པར་རྒྱལ།།
ཚེ་གཅིག་སངས་རྒྱས་འགྲུབ་པའི་གསང་སྔགས་ལམ།།
རྩེ་གཅིག་ཉམས་སུ་ལེན་པའི་སྔགས་འཆང་སྡེ།།
ཕ་གཅིག་ཀུན་བཟང་བླ་མའི་དགོངས་པ་ཉིད།།
ཉག་གཅིག་རྩད་ནས་ཆོད་པའི་སྐལ་བཟང་དག།
འཁོར་འདས་རྒྱན་ཏུ་དར་རྒྱས་ཕུན་ཚོགས་ཤོག།

ཅེས་པ་འདི་ཡང་རབ་རྒྱན་ཤིང་ལུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་རྒྱལ་བ་གཉིས་པར་རྣམ་གྲོལ་གླིང་གི་མཁན་པོ་བསོད་ནམས་རྡོ་རྗེས་ངོར་ཀུན་བཟང་ཆོས་གླིང་ནས་ཤྲྰིཿ་ཨེ་མ་ཧོས་བྲིས་པར་དགེའོ།། །།

སྙན་ངག

Post navigation

Previous Post: སྐད་འཕྲིན་དང་རྨི་ལམ།
Next Post: བོད་ཕྱི་ནང་གཉིས་སུ་སྐུའི་གྱ་སྟོན་དང་བརྟན་བཞུགས།

Comments (33) on “སྔགས་འཆང་ཡོངས་ལ་བསྟོད་པ་རིག་འཛིན་རྒྱལ་བའི་གདུང་སྲས།”

  1. བདེན་པའི་ཕོ་ཉ་ says:
    2015-03-04 at 10:14 am

    དགོན་གྲོང་སྤེལ་མའི་འདོད་ཡོན་ལྡན་གླིང་
    (དགོན་གྲོང་སྤེལ་མའི་འདོད་ཡོན་མངའ་ལྡན་གླིང་)

  2. བདེན་པའི་ཕོ་ཉ་ says:
    2015-03-04 at 10:26 am

    གསུང་ལ་བསྐྱེད་རིམ་ཛབ་(ཛབ)ལ་གོ་རྒྱུ་གང་ཡང་མེད་༼རྫབ༽ཡིན་པར་མངོན་

  3. དཔལ་གློ་བོ་རྒྱལ says:
    2015-03-04 at 11:09 am

    ་གསུང་ལ་བསྐྱེད་རིམ་༼ཟབ༽བཟླས་ཡིན་ས་རེད། ཛབ་བྲིས་པ་ལ་བསམ་ན་ཤུགས་བསྟན་༼ཟབ་༽ཡིན་པ་ཐེ་ཚོམ་མི་འདུག་གོ།

  4. པདྨ says:
    2015-03-04 at 12:12 pm

    ཡིག་ནོར་མང་པོ་འདུག་པས་བཅོས་ཁོམས་མེད་མོད། རྩ་བའི་ཆ་ནས་ཡག་པོ་བྲིས་འདུག བཀའ་དྲིན་ཆེ། འདོད་ཡོན་ལྔ་ལྡན་ཡིན་མིན་འགྲོ་སྙམ། ཟབ་བཟླས་བསྙེན་པ་འམ་ཛབ་བཟླས་ནི་གང་བྱས་ཀྱང་རྩ་གསུམ་ཆོས་སྐྱོང་གི་སྲོག་སྔགས་ལ་ཛབ་དབྱངས་ཞེས་པ་འདུག་པས་གང་ལྟར་ཆོག སྲོག་སྡོམ་གཟེར་བཞིའི་གནད་ལས། བཟླས་པ་སྔགས་ཀྱི་གནད་ལ་ཛབ་དབྱངས་ཟབ་ཅེས་གསུངས་སོ།། རབ་བྱུང་ཡོངས་ལ་བསྟོད་པ་ཞིག་འབྲི་བསྐུལ་ཞུ་བ་ཡིན། བསྐུལ་ཡོན་ལ་་སྲོག་བླུ་འབུམ་གཅིག་ཡོད། སྐུ་ཚེ་བརྟན།

  5. ས་མཐའི་མིག་ཆུ། says:
    2015-03-04 at 12:58 pm

    འབྲུག་མོ་རིག་མར་བཞེས་པའི་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་གསུང་ན་པཎ་ཆེན་རིན་པོ་ཆེ་ཁྲིའི་སྟེང་ནས་ཆོས་གསུང་ཞིང་ནང་མི་གསོ་ཆོག་ས་ལ་ངས་བྱ་མི་ཆོག་པ་ཅི་ཡོད་གསུངས་སོང་། དེ རྗེས་ངོ་དེབ་ནས་གུས་པའི་མིང་དང་འབྲེལ་བ་ཚང་མ་སུབ་སོང་། བགྲོ་གླེང་བྱ་འདོད་མེད་ན་ཁ་བདེ་བོ་བྱ་རྒྱུ་བཞག་དགོས་རེད་བདེན་པ་ཡོད་ན་ལྐོག་བྲོས་བྱ་དོན་ཅི་ཡིན།

  6. ས་མཐའི་མིག་ཆུ། says:
    2015-03-04 at 1:01 pm

    ཁྱེད་རང་སྐྱེ་དམན་བརྒྱ་རྒྱོ་ན་ཡང་ཁྱེད་རང་གི་རང་དབང་རེད་ཡིན་ན་ཁྱེད་རང་གི་བྱ་ངན་དེ་ཀུན་གཟིགས་མཆོག་ལ་གཡོག་པ་དེ་བློ་ཕམ་ཡོད།

  7. གངས་ཕྲུག། says:
    2015-03-04 at 4:14 pm

    སྔགས་འཆང་ལ་དགོས་རྒྱུ་ནི་ནག་ཆང་དངུལ་གསུམ་རེད། སྔགས་འཆང་གི་བཤད་རྒྱུ་ནི་མི་ཆོས་བླ་མིའི་རྫུན་རེད། སྔགས་འཆང་གི་ལས་རྒྱུ་ནི་ཉིན་མོར་ཚུལ་ཆོས་དང་མཚན་མོར་ནག་རྒྱོ་རེད།

  8. སྤུ་གྲི་རེག་གཅོད། says:
    2015-03-04 at 6:14 pm

    བུ་མོ་རྒྱོ་ན་ག་རེ་ཡོད། འདོད་པའི་མི་ལ་འདོད་པ་སྦྱིན་པ་ལས། དགེ་བ་མེད་ན་སྡིག་པ་ག་ན་ཡོད། ཞེས་དགེ་ཆོས་ཀྱི་གསུང།
    སྔགས་འཆང་རྣམས་ཀྱི་ལུགས་མཐུན་ཕོ་མོ་སྦྱོར། གྲ་བཙུན་རྣམས་ཀྱི་ཚུལ་མིན་ཕོ་རྒྱོ་བྱེད། ལུགས་མཐུན་སྦྱོར་བ་དེ་ལ་མི་
    བསྟོད་བར། ཟློག་ཟླའི་བཤང་རྒྱོ་དེ་ཡིད་རངས་ཀྱི།

  9. སྤུ་གྲི་རེག་གཅོད། says:
    2015-03-04 at 6:20 pm

    སྔགས་འཆང་རྣམས་ཀྱི་ཕོ་མོ་སྦྱོར་བ་བྱེད། གྲ་བཙུན་རྣམས་ཀྱི་ཕོ་རྒྱོ་བྱེད་པར་དགའ།
    ལུགས་མཐུན་སྔགས་འཆང་དག་ལ་མི་བསྟོད་བར། ཚུལ་མིན་བཤང་ལམ་སྦྱོར་ལ་ཡིད་རངས་ཀྱི།
    དགེ་ཆོས་ཀྱི་ཞལ་ནས། འདོད་པའི་མི་ལ་འདོད་པ་སྦྱིན་པ་ལ། དགེ་བ་མེད་ཡང་སྡིག་པ་ག་ནས་ཡོང་ཞེས་གསུང།
    ཕོ་མོ་སྦྱོར་བ་དེ་འབུ་ཕྲ་ཡན་གྱི་བྱེད་ཀྱི་ཡོད་རེད། དེ་ལ་ཧ་ལས་དགོས་པ་གང་ཡོད།

  10. སྤུ་གྲི་རེག་གཅོད། says:
    2015-03-04 at 6:27 pm

    ད་ངས་ཧ་གོ་སོང་ཁྱེད་ཚོའི་བཤད་ན་དེང་དུས་ནུབ་ཕྱོགས་པ་ལྟར་ཕོ་དང་ཕོ་རྒྱོ། མོ་དང་མོ་རྒྱོ་དགོས་རེད་ལབ་ཀྱི་ཡོད་པ་འདྲ།
    དེ་མི་རུངས་ང་ཚོ་བོད་གྲང་ཉུང་མི་རིགས་རེད། དེ་བྱས་གཏོང་ན་མི་རིགས་ཉུང་བའི་ཐོག་ཉུང་རུ་འགྲོ་ཡི་རེད། ཚང་མས་
    ཡིད་གཟབ་མཛོད་ཡ།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 12:14 am

    དགོན་གྲོང་སྤེལ་མའི་འདོད་ཡོན་ལྡན་གླིང་།།
    འདི།
    དགོན་གྲོང་སྤེལ་མའི་འདོད་ཡོན་༼ལྔ་༽ལྡན་གླིང་།།
    མིན་ནམ། ལགས། ཨེ་མ་ཧོ་ལགས།

  12. ཇུས་ཏོག says:
    2015-03-05 at 12:30 am

    ཨེ་མ་ཧོ་བཀྲིན་ཆེ་།
    མཆོག་གསུམ་རྒྱལ་བའི་བསྟན་ལས་དགེ་བ་འཕེལ་།

    སྐུ་ལ་གསང་ཆེན་གོས་བཟང་གཟན་དཀར་མཛེས་།

    གསུང་ལ་བསྐྱེད་རིམ་བཟུང་བཟླས་བསྙེན་པས་བདེ་།

    དགོན་གྲོང་སྤེལ་མའི་འདོད་ཡོན་ལྔ་ལྡན་གླིང་

  13. BONPO says:
    2015-03-05 at 12:39 am

    དགེ་འདུན་སྡེ་གཉིས་ཟེར་ནས་དབྱེ་བ་ཕྱེ་སྟངས་འདི་ལ། ལུང་རིགས་གཉིས་ཀྱི་རྒྱབ་རྟེན་གང་ཡོད་དམ། །

  14. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 12:57 am

    སྔགས་འཆང་གཟན་དཀར་གྱོན་མཁན་དཀོན་པོ་འདུག །
    སྔགས་འཆང་དཀར་ཟས་སྐྱོང་མཁན་དེ་བས་དཀོན། །
    སྔགས་འཆང་དཔེ་ཆ་ལྟ་མཁན་ཉུང་སྐྱོན་འདུག །
    སྔགས་འཆང་དམ་ཚིག་སྲུང་མཁན་འཕེལ་འགྱུར་ཅིག །

  15. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 12:59 am

    སྔགས་འཆང་གྲྭ་ཆས་གྱོན་ན་ང་མི་དགའ། །
    སྔགས་འཆང་ཚོད་མེད་འཐུང་ན་ང་མི་དགའ། །
    སྔགས་འཆང་དམ་ཚིག་མེད་ན་ང་མི་དགའ། །
    སྔགས་འཆང་རིག་མ་མེད་ན་ང་མི་དགའ། །

  16. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 1:02 am

    སྔགས་འཆང་གཟན་དཀར་འཆང་ལ་ང་དད་དོ། །
    སྔགས་འཆང་རྡོར་དྲིལ་བཟུང་ལ་ང་དད་དོ། །
    སྔགས་འཆང་མཚམས་སྡོད་པ་ལ་ང་དད་དོ། །
    སྔགས་འཆང་རིག་མ་མང་ལ་ང་དད་དོ། །

  17. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 1:05 am

    སྔགས་འཆང་དབུ་ལ་ཐོར་ལྕོག་དགོས། །
    སྔགས་འཆང་སྐུ་ལ་གཟན་དཀར་དགོས། །
    སྔགས་འཆང་གསུང་དྲག་སྔགས་དགོས། །
    སྔགས་འཆང་ཐུགས་ལ་དམ་ཚིག་དགོས། །

  18. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 1:08 am

    སྔགས་འཆང་གོ་རིལ་མིན་ན་བདེ། །
    སྔགས་འཆང་གཟན་བཤམ་མེད་ན་བདེ། །
    སྔགས་འཆང་རིག་མ་ཡོད་ན་བདེ། །
    སྔགས་འཆང་དྲག་སྔགས་ཡོད་ན་བདེ། །

  19. པདྨ says:
    2015-03-05 at 1:08 am

    ནག་མོ་ཞེས་སྨད་རུང་མ་སྨད་རུང་དོན་གྱི་སོ་སོའི་མ་དྲིན་གྱི་མོ་ཆེ་ནས་བཟུང་བུད་མེད་སྤྱི་ལ་སྨོད་པ་རེད། གསང་སྔགས་གྱི་རྩ་ལྟུང་བཅུ་བཞི་པ་རེད། སྨོད་སྲོལ་ངན་པ་དེ་དགེ་རླུག་པ་ནས་དར་བ་རེད་ཟེར། བོན་པོ་ལ་སྔགས་པ་ལས་རབ་བྱུང་སྔོན་ཡོད་ས་མ་རེད། ཕྱིས་སུ་རྙིང་མའི་མཁན་ཆེན་ཞི་འཚོ་ལས་བརྒྱུད་པ་ཞིག་དེང་དུས་ཡོད་སྐད། སྔོན་ནས་བོན་གྱི་ཐུ་ཆེན་དང་དེང་དུས་ཇོ་ནང་སྐྱབས་མགོན་དང་།རྙིང་མའི་བསོ་རྒྱལ་རིན་པོ་ཆེ་དང་། བོན་པོ་སྨན་རི། ས་སྐྱ་གོང་མ་དང་།དགེ་བླུག་པའི་པན་ཆེན་བཅུ་བ་དང་། ཀྃ་ཚང་གི་རྡོ་རྗེ་འཆང་ཆེན་སྐུ་ཕྲེང་གསུམ་པ་སོགས་བན་བོན་ལ་སྔགས་བསྟན་ཡག་རབ་དར་ཡོད་པར་སྣང་ཡང་། ཕ་རྒྱོ་དང་གྲྭ་རྟ་གཞོན་པའི་ཕོ་ཧྲང་ཁ་ཅིག་གིས་རྟག་ཏུ་ངོ་རྒོལ་ཕྱེད་པ་སོ་སོའི་འདོད་པ་དང་མ་མཐུན་པས་ལན། གང་ལྟར་ངོས་ནི་གསང་སྔགས་དང་སྔགས་པ་ལ་གུས། གང་ཟག་མི་གཙོ་ཆོས་གཙོ་བོར་དད་གུས་དང་དག་སྣང་ཡོད། ལུགས་གཉིས་བསྟན་པའི་འབྱུང་གནས་ཆེ།།གསང་སྔགས་བསྟན་པ་དར་བར་ཤོག།

  20. ཁྱུང་སེ། says:
    2015-03-05 at 1:35 am

    རང་གིས་བརྩམ་འོག་ཏུ་རང་གིས་རང་ལ་བསྟོད་ཅིང་བསྐྱག་པའི་མཆན་བྲིས་པ་ངོ་མཚར་ཆེ། རྒྱོས་རྒྱོས་སྔགས་ཕྲུག་ཕག་ཕྲུག་འཁྲིད་འཁྲིད་བྱས་ནས་སོང་ནའང་འདོད་མོས་རེད། སུ་ལ་ཕོག་ན་དེ་ཡི་ལན་ཡིན།

  21. བདེན་པའི་ཕོ་ཉ་ says:
    2015-03-05 at 4:38 am

    མཆན་༡༩་པའི་(དགེ་རླུག་པ་)ཟེར་ན་སུ་རེད་
    སྤྱིར་བཏང་སྔགས་པ་ལ་དགོས་རྒྱུ་ནང་མོ་དང་ཆང་གཉིས་རེད་གཞན་གང་ཡང་མི་དགོས་

  22. ཁྱུང་སེ། says:
    2015-03-05 at 4:51 am

    བདེན་པས་བདེན་པ་འདྲ་ཞིག་བཤད་སོང་དེང་སང་གི་སྔགས་པ་ཚོས་སྔགས་མི་བགྲངས་བར་དབྱིན་སྐད་དང་རྒྱ་སྐད་བགྲང་གི་འདུག
    མ་གཞི་ནས་བོད་རྨོངས་པ་མགོ་འཐོམས་དེ་ཚོར་སྔགས་པ་བཟོ་འདྲ་བོ་འཆལ་ལེ་འཆོལ་ལེ་མོ་རྫུན་ལུང་རྫུན་རྨི་རྫུན་ཤོད་མཁན་དེ་ཚོར་གུས་གུས་ཞུམ་ཞུམ་བྱེད་བསྡད་མཁན་ཞིག་ཡིན་དུས། ཁོང་ཚོའི་གདུལ་བྱ་ཏག་ཏག་ཆགས་འདུག

  23. ཇུས་ཏོག says:
    2015-03-05 at 5:32 am

    ཆང་དང་བུད་མེད་སྔགས་པའི་འདུལ་བྱ་རེད་།

    དེ་གཉིས་མེད་ན་སྔགས་པས་འགྲོ་དོན་མེད་།

    ཤ་མར་ཐུད་གསུམ་འབྲོག་པའི་འཚོ་རྟེན་རེད་།
    དེ་གསུམ་མེད་ན་འབྲོག་པར་འཚོ་བ་མེད་།

    འབྲུ་དང་རྩམ་པ་ཞིང་པའི་འཚོ་རྟེན་རེད་།
    དེ་གཉིས་མེད་ན་ཞིང་པར་འཚོ་བ་མེད་།

    འབངས་མི་སེར་དཔོན་གྱི་བསོད་ནམས་རེད་།
    དེ་གཉིས་མེད་ན་དཔོན་ལ་བསོད་ནམས་མེད་།

  24. པདྨ says:
    2015-03-05 at 7:19 am

    xxx སྔགས་པ་དང་སྔགས་འཆང་ལ་ཁྱད་པར་ཆེན་པོ་ཡོད་ཀྱིན་རེད་དྲན། སྔགས་པ་ནི་བོད་མི་ཡོངས་རྫོགས་རེད། གང་ཡིན་ན་མ་ཎི་ཁ་འདོན་པ་དག་དག་རེད། སྔགས་འཆང་ནི་སྐྲ་ལྕང་ལོ། ངག་བསྙེན་སྒྲུབ། ཐུགས་བསྐྱེད་རྫོགས་འཆང་བ་ལ་གོ་བ་རེད། དེ་རྣམ་པས་ཤ་ཟ་ཆང་འཐུང་། རིགས་དང་ཆོས་རྒྱུད་གཉིས་ཀ་འཛིན་པ་དད་གུས་མེད་ན་སོ་སོའི་སྒེར་སྐྱོན་རེད། སྔགས་པ་ལ་སྨད་ན་སོ་སོས་རང་ལ་སྨད་པ་རེད། སྔགས་འཆང་ལ་སྨད་ན་བློ་ཆུང་དང་། རྒྱ་ནག་ཁག་ཚོགས་འགའ་རེས་དམིགས་བསལ་གྱིས་གསང་སྔགས་ལ་སྐྱོན་བརྗོད་པ་ནང་བཞིན་རྒྱུ་མཚན་མ་ཤེས་པ་པ་འམ་ཤེས་ཀྱང་ཕྱོགས་ཞེན་བོད་བརྒྱུད་ནང་བསྟན་ལ་ལོག་རྟོག་ཏུ་སོང་བ་ལས་གཞན་དུ་མ་མཐོང་། དྲ་ཐོག་འདི་ཚོ་ལ་ཡོད་པའི་མཆན་ཞབས་པ་པ་ཚང་མ་དུས་འཁོར་དབང་ཆེན་ཞུ་མྱོང་མེད་པ་ཧ་ཕམ་མེད་ཚོད་རེད། xxx

  25. དགེ་འདུན་རྒྱ་མཚོ། says:
    2015-03-05 at 10:46 am

    སྔགས་ཅེས་པ་ནི་རྒྱ་གར་སྐད་དུ་མཱན་ཏྲི་ཞེས་པ་སྟེ་ཡིད་སྐྱོབ་པ་ལ་འཇུག་པར་བཤད། 
    དོན་ནི་ཐ་མལ་གྱི་སྣང་ཞེན་ལས་ཟློག་པར་བྱེད་པའམ་སྐྱོབ་པས་ན་སྔགས་ཟེར་བ་འདྲ། 
    སྔགས་ལ་འཇུག་པ་ནི་དཀྱིལ་འཁོར་དུ་འཇུག་པ་དབང་ཐོབ་པ་ལ་བྱེད་པས་སྔགས་ལ་འཇུག་མིན་དེ་དབང་སྐུར་ཐོབ་མིན་ལ་བྱེད། དེས་ན་གཟུངས་སྔགས་དང་མཚན་སྔགས་བཟློས་པ་ཙམ་གྱིས་སྔགས་ལ་འཇུག་པ་དང་སྔགས་པ་ཡིན་པའི་ངེས་པ་མེད་ལ་སྔགས་འཆང་གི་དོན་མི་ཚང་སྙམ། 
    དེས་ཕྱིར་སྔགས་འཆང་ཟེར་བ་ནི་དོན་ལ་སྐུ་གསུམ་ལམ་ཁྱེར་སྒོམ་པའམ་སྒོམ་ཤེས་པ་ཞིག་ལ་ཟེར་དགོས། མ་ཎི་ཡིག་དྲུག་འདོན་ཤེས་ཙམ་གྱིས་སྐུ་གསུམ་ལམ་ཁྱེར་སྒོམ་ཤེས་པར་ཁས་ལེན་མི་རུང་སྙམ། གང་ཟག་གི་ཆ་ནས་བཤད་ན་རྣལ་འབྱོར་བ་ཞིག་དགོས་ངེས་ཡིན། གཙོ་བོར་སྔགས་འཆང་ཟེར་ན་རྡོ་རྗེ་འཛིན་པ་ཞིག་ལ་གོ་དགོས། 
    གོང་དུ་པདྨས་སྔགས་པ་ནི་བོད་མི་ཡོངས་རྫོགས་རེད། གང་ཡིན་ན་མ་ཎི་ཁ་འདོན་པ་དག་དག་རེད་ཟེར། དེས་ན་བོད་པ་ཡིན་ན་ནང་ལ་ཡིན་པའི་ཁྱབ་པ་ཁས་བླངས་པ་དང་ཁྱད་པར་མེད། བོད་པ་ཁ་ཆེ་དང་བོད་པ་ཆོས་ལ་མི་དད་པ་དེ་ཚོ་བོད་པ་མིན་པར་དོན་གྱིས་ཁས་མི་ལེན་ཐབས་མེད་རེད། 
    ཡང་པདྨས་སྔགས་འཆང་ནི་སྐྲ་ལྕང་ལོ་ཅན་ལ་འགྲེལ་འདུག་པས་རྙིང་མའི་ལུགས་ཁོ་ན་ལ་དགོས་ཤས་ཆེས་སྙམ། གསར་མའི་ལུགས་ལ་སྔགས་པ་ཡོད་ཀྱང་སྔགས་འཆང་ནི་སྐྲ་ལྕང་ལོ་ཟེར་བ་ཞིག་གཏན་ནས་མེད་པས་སོ།། 
    སྔགས་འཆང་ནི་སྐྲ་ལྕང་ལོ་ཅན་ལ་གོ་ན་དེ་བས་ཀྱང་མི་འགྲིག  སྔགས་འཆང་རྡོ་རྗེ་འཛིན་པ་ནི་གྲོང་པ་ཡོད་ལ། དགེ་སློང་ཡང་ཡོད། གྲོང་པ་ཐ་མ་དང་དགེ་ཚུལ་འབྲིང་། དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཏུ་སྔགས་པ་ཡིན་པས་མཁྱེན་པར་མཛོད་ཅིག  
    དུས་འཁོར་རྩ་བརྒྱུད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ།། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་།། དགེ་ཚུལ་ཞེས་བྱ་དེ་དག་ལས།། ཁྱིམ་ན་གནས་པ་ཐ་མའོ།། ཞེས་གསུངས་པ་ལྟར་རོ།། 
    གཞུང་ནས་བཤད་པ་ལྟར་བྲིས་ན་མང་ཞིང་གོ་དཀའ་བས་རེ་ཞིག་བཞག་གོ།

  26. པདྨ says:
    2015-03-05 at 11:28 am

    དགེ་འདུན་རྒྱ་མཚོས་ཡག་པོ་གསུངས་སོང་། དེ་ལ་དྲི་བ་གསུམ་ཡོད་པས་ལན་གནང་རོགས། སྔགས་ལ་འཇུག་པའི་དབང་ཐོབ་པ་ལ་རྒྱུ་བཞི་དང་རྐྱེན་གཉིས་འཛོམས་དགོས་པར་བཤད་འདུག་པས་གང་ཡིན་དག་ཡིན་ནམ། མ་ཎི་འབྲི་དྲུག་འདོན་པ་ལ་དབང་ཐོབ་དགོས་སམ། བོད་ཆོས་ལྡན་གྱི་ཞིང་ཞེས་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་པ་དང་ཁ་ཆེ་དང་ཡེ་ཤུ་ལ་ཞུགས་པ་དག་ཐུགས་རྗེ་ཆེན་པོའི་གདུལ་བྱ་ཡིན་ནམ། དུས་འཁོར་ལས་རབ་འབྲིང་ཐ་གསུམ་བཤད་པ་དགོངས་པ་ཅན་གྱི་གསུངས་ཡིན་པར་མངའ་རིས་པན་ཆེན་གྱིས། འོན་ཀྱང་ཡེ་ཤེས་ལྡན་པ་གཙོ་བོར་བཟུང་ཞེས་སྔགས་པ་མཆོག་ཏུ་བཤད་མི་འདུག་གམ།

  27. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 11:30 am

    འཆད་རྩོད་བཟང་། མུ་མཐུད་གྱིས།

  28. དགེ་འདུན་རྒྱ་མཚོ། says:
    2015-03-05 at 2:43 pm

    གོང་དུ་པདྨའི་དྲི་བའི་ལན་ལ།
    སྔགས་ལ་འཇུག་པའི་དབང་ཐོབ་པ་ལ་རྒྱུ་བཞི་དང་རྐྱེན་གཉིས་འཛོམས་དགོས་མིན་ངས་མི་ཤེས། 
    ལམ་མཐུན་མོང་བས་རྒྱུད་ལེགས་པར་སྦྱངས་པ་སྟེ་ངེས་འབྱུང་དང་བྱང་སེམས། ཡང་དག་པའི་ལྟ་བ་སོགས་སྔོན་དུ་སོང་བའི་གང་ཟག་གིས་བླ་མ་མཚད་ཉིད་ཚང་བ་ཞིག་བསྟེན་ནས་དབང་མནོས་དགོས་པར་གཞུང་མང་བོར་གསུངས་འདུག   རྟེན་ལ་སོ་ཐར་རིས་བདེན་གང་རུང་དང་མ་ཐ་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཀྱིས་གཞིར་བཟུང་བ་ཞིག་ངེས་པར་དུ་དགོས། དེ་མེད་ན་དབང་མི་ཐོབ་པར་གསུངས་སོ།། 
    མ་ཎི་འབྲི་དྲུག་འདོན་པ་ལ་དབང་ཐོབ་མི་དགོས། ལུང་ཙམ་གྱིས་འགྲིག་པའི་ཕྱིར། ལུང་གནང་བའི་དགོས་པའང་དེ་ཡིན་ནོ།། ལུང་ནི་ཚོགས་གཉིས་བསགས་ཆེད་དང་ཆོ་ག་དེ་འདོན་རུང་བའི་ཆེད་དུ་དང་། དབང་ནི་ཆོ་ག་དེ་ལ་བསྟེན་ནས་དངོས་གྲུབ་སྒྲུབ་པའི་ཆེད་དུ་ཡིན་པས་ན་ཁྱད་པར་ཆེན་པོ་ཡོད་སྙམ། 
    བོད་ཆོས་ལྡན་གྱི་ཞིང་ཞེས་འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་ཡིན་པར་གསུངས་པ་ནི་བསྐལ་བ་བཟང་བོའི་སྐབས་ཀྱི་སྐད་ཆ་རེད། དངོས་པོ་ཡིན་ཕྱིར་འགྱུར་བ་འགྲོ་ངེས་རེད། ཁྱབ་ཆེ་བ་དང་སྤྱི་ལ་དགོངས་ཅེས་ཞིབ་ཆ་དང་ལུང་དོན་གཞག་ན་ན་ཡང་མི་འགྲིག་པ་ཨེ་ཡོད་སྙམ། 
    དུས་འཁོར་ལས་རབ་འབྲིང་ཐ་གསུམ་བཤད་པ་དགོངས་པ་ཅན་གྱི་གསུངས་ཡིན་པར་མངའ་རིས་པན་ཆེན་གྱིས་གསུངས་པ་མ་མཐོང་བས་དགོངས་དག་ཞུ།  ཡེ་ཤེས་ལྡན་པ་གཙོ་བོར་བཟུང་ཞེས་སྔགས་པ་མཆོག་ཏུ་བཤད་ཆོག་གི་རེད། མཐར་ཐུག་སྔགས་ལ་བརྟེན་ནས་སངས་རྒྱས་དགོས་པས་དེ་ཉམས་སུ་ལེན་མཁན་གྱི་གང་ཟག་ལ་ཡང་རིན་པོ་ཆེ་ལྟ་བའི་གདུལ་བྱ་ཡོད་པས་སོ།།
    ཨ་མདོའི་ལུང་བ་ཁ་ཤས་ལ་སླེབས་ན་སྔགས་པ་ཟེར་ན་གཟན་དཀར་པོ་གོན་མཁན་ཞིག་དང་མགོ་ན་རལ་བ་བརྗིད་ཏིག་སེ་ཡོད་པ་ཞིག་ལ་གོ་བ་ལེན་མཁན་ཡོད། དེ་ནི་སྔགས་ལ་གོ་བ་མ་ཆགས་པའི་སྐྱོན་ཡིན་པ་ལས་གཞན་ཅི་ཡང་མིན། སྔགས་པའི་དོན་གོང་དུ་དྲངས་ཟིན་པ་ལྟར་ཡིན་པས་དགེ་ཚུལ་སློང་ལ་སྔགས་པ་ཡིན་པའི་གཞི་མཐུན་པ་ཡོད་རེད། གོང་མཐོ་ས་༧ རྒྱལ་བ་རིན་པོ་ཆེ་ནས་བཟུང་སྟེ་དམན་ས་ང་རང་བར་དུ་སྔགས་པ་ཡིན་པར་ངས་དམ་བཅའ་བརྟན་པོར་བཞག་ཆོག
    ལན་འགྲིག་མིན་གཟིགས་རོགས

  29. རྨུ་ཐག་གི་བུ་རྒྱུད། says:
    2015-03-05 at 11:46 pm

    ང་སྐྱེས་ནས་དེ་རིང་གི་བར་དུ་གསང་སྔགས་ཀྱི་དམ་ཚིག་ཚུལ་བཞིན་དུ་སྲུང་བའི་སྔགས་པ་ཞིག་མཐོང་མ་བྱུང་། ཡང་ན་ང་ལས་ངན་རེད། ཡང་ན་ཁྱོད་དམ་ཉམས་རེད། ཧ་ཧ་ཧ

  30. ཀརྡོ་གཉེར་ཕྱག་པ་ says:
    2015-03-05 at 11:55 pm

    གྲུབ་ཆེན་བརྒྱད་བཅུ་ཐམ་པ་ཀུན། །
    སྔོན་གྱི་དུས་ཀྱི་སྔགས་འཆང་རེད། །
    ས་དགེ་བཀའ་རྙིང་བོན་བཅས་པའི། །
    བླ་མ་ཡིན་ཚད་སྔགས་འཆང་རེད། །

  31. བདེན་པའི་ཕོ་ཉ་ says:
    2015-03-06 at 12:02 am

    ཁྱོད་དམ་ཉམ་མ་རེད་དེང་སངས་གི་སྔགས་པ་དེ་ཚོ་དགོན་པར་དམ་ཚིག་སྡོམ་པ་སྲུང་མི་ནུས་གྲོང་དུ་ལས་མི་ནུས་པ་དེ་ཚོ་སྔགས་མིང་འཁྱེར་ནས་འཚོ་བ་སྐྱེལ་གི་ཡོད་

  32. ཀརྡོ་གཉེར་ཕྱག་པ་ says:
    2015-03-06 at 12:21 am

    བོད་རིགས་སོ་བྱང་སྔགས་གསུམ་ནང་། །
    ་
    དགེ་སློང་བསོད་སྙོམས་སློང་དང་གཅིག །
    སྔགས་འཆང་གྲོང་ཆོག་རྒྱུགས་དང་གཉིས། །
    སྤྲུལ་སྐུར་བསྔོ་རྟེན་འབྱོར་དང་གསུམ། །
    བླ་མར་འབུལ་བར་ཕུལ་དང་བཞི། །
    ་
    བོད་ཀྱི་ནང་ཆོས་འགྲོ་སྟངས་རེད། །

  33. པདྨ says:
    2015-03-06 at 10:56 am

    དགེ་འདུན་རྒྱ་མཚོ་ལ་སླར་ཡང་སྐུ་དྲིན་ཆེ་ལན་ཡག་པོ་འདུག ཡིན་ན་ཡང་གསང་སྔགས་རྩ་བ་དབང་དང་བླ་མ་ལ་ཐུག་ཡོད། དེ་དམ་ཚིག་ལ་ཐུག དབང་སྲོག་རྒྱུད་ལ་འཛིན་པ་སྡོམ་པ་དང་དམ་ཚིག ཅེས་པ་དང་། གསང་འདུས་ལས་་་ལྟ་དགོངས་ལྡན་པ་སློབ་དཔོན་བདག་པོའི་རྐྱེན།།ནུས་པའི་ཆོ་ག་མཁྱེན་པ་དམིགས་པའི་རྐྱེན།། རྟེན་འབྱུང་འབྲེལ་འབྱུང་དེ་མ་ཐག་པའི་རྐྱེན།། ཞེས་པ་ཞིག་དྲན་ཀི གཞན་ཡང་བླ་སློབ་ངོས་ནས་རྒྱུ་བཞི་ལྡན་པས་དབང་བསྐུར་ཐོབ་པ་ལས་་་དེང་དུས་བཞིན་གསང་སྔགས་ཁྲོམ་བསྒྲགས་དང་རྐང་རྩེད་པོ་ལོའི་འགྲན་བསྡུར་གྱི་འདུ་འཛིའི་ཡོ་ལང་ཞིག་ཆབ་སྲིད་ཞིག་ལས་དབང་མཚན་ལྡན་ཞིག་ཡིན་པར་ཧ་གོ་མ་སོང་། དཔེར་ན་དུས་འཁོར་ལས་སློབ་མ་བདུན་དང་བཅུ་དྲུག ཉེར་གཅིག་ལས་ལྷག་ལས་མཉམ་པར་དབང་བསྐུར་ན་མི་རུང་བ་དང་། འདུལ་བ་ལས་དགེ་འདུན་པ་གསུམ་རེ་སྒྲུབ་དགོས་པ་ལས་སྡོམ་པ་མི་སྐྱེ་བཤད་པ་ནང་བཞིན་མིན་ནམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (48)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme