Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

Posted on 2015-03-032015-03-04 By ཁ་བརྡ་ 1 Comment on བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

གནས་ཚུལ་གཏོང་མཁན། བསྟན་འཛིན་དགེ་ལེགས།

ཀུན་ཕན་ཐེབས་རྩ་ཚོགས་པའི་བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།

སྒྱུ་རྩལ་བ་སུམ་ཅུས་དེང་གི་བོད་མིའི་ངོ་བོ་ལ་འཚོལ་ཞིབ་བྱེད་པ།

ཟླ་བ་༣ ཚེས་༡༤ ནས་བཞི་པའི་ཚེས་༡༢ བར།

འཛམ་གླིང་སྤྱི་དང་བོད་མཐོ་སྒང་ནས་ཕེབས་པའི་ད་ལྟ་མཚན་སྙན་གོང་འཕེལ་དུ་འགྲོ་བཞིན་པ་དང་། དེ་བཞིན་སྔར་ནས་མཚན་སྙན་ཡོངས་གྲགས་སུ་གྱུར་བའི་སྒྱུ་རྩལ་བ་སུམ་ཅུས་གྲུབ་པའི་ “ཐོད་རྒལ་གྱི་བོད།” ཅེས་པའི་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་གོ་སྒྲིག་བྱས་ཡོད།

unnamed-1

འགྲེམས་སྟོན་འདིར་བོད་དང་འཛམ་གླིང་སྤྱི་ཡོངས་ཀྱི་སྣང་བརྙན་དང་རྒྱུ་ཆའི་ལོ་རྒྱུས་བཀོལ་ནས། ཆུ་ཚོན་དང་སྣུམ་ཚོན་ལ་སོགས་པའི་རྒྱུ་ཆ་སྣ་ཚོགས་བརྟེན་ནས། འཛེམ་ཟོན་དང་བཀག་རྒྱ་ཅི་ཡང་མེད་པར་སྒྱུ་རྩལ་བ་ཚོས་ད་ལྟའི་བོད་ཀྱི་ངོ་བོ་དང་རིག་གཞུང་ལ་འགྲེལ་བཤད་སྣ་ཚོགས་བརྒྱབ་ཡོད།

 

འགྲེམ་སྟོན་གྱི་དུས་ཚོད་ནི།

༢༠༡༥ཟླ་བ་༣ ཚེས་༡༤ནས། ཟླ་བ་བཞི་པའི་ཚེས་༡༢ བར།

རེས་གཟའ་ཟླ་བ་དང་། མིག་དམར། ལྷག་པ། པ་སངས། སྤེན་པ་བཅས་ལ་ཡིན། ཞོགས་པ་ཆུ་ཚོད་༡༡ ནས་དགོང་དྲོ་ཆུ་ཚོད་༦ བར་ལ་སྒོ་འབྱེད་ཀྱི་རེད། ད་དུང་སྔོན་ལ་དུས་ཆད་བཟོས་ན་དམིགས་བསལ་སྣེ་ལེན་ཞུ་རྒྱུ་ཡིན།

འགྲེམས་སྟོན་འདི་དང་འབྲེལ་ཡོད་ཀྱི་ལས་རིམ་དང་པོ་ནི། ངེད་ཚོར་སྙིང་སྟོབས་སྤྲོད་མཁན་དང་འགོ་ཁྲིད་མཁན་གྱི་བུད་མེད་སྒྱུ་རྩལ་བ་རྣམས་ལ་དྲན་གསོ་ཞུ་ཆེད། རྒྱལ་སྤྱིའི་བུད་མེད་ཉིན་མོ་སྟེ། ཟླ་བ་༣ ཚེས་༨ ཉིན་གསོལ་ཇ་དང་ཞལ་ཏོག་དྲངས་ཏེ། བོད་ཀྱི་བུད་མེད་སྒྱུ་རྩལ་བ་བསོད་ནམས་སྒྲོལ་མ་ལགས་དང་། དེ་བཞིན་བོད་ཀྱི་སྒྱུ་རྩལ་བཀོལ་མཁན་མི་ཆེལ་ལ་མར་ཊེ་ལོ། མི་རེ་ལ་བྷར་ཇི་ལི། ལི་བྷི་ལི་བྷར་རན་ནི་བཅས་མཉམ་ཞུགས་ཐོག་ “བོད་ཀྱི་བུད་མེད་དང་དེང་རབས་ཀྱི་སྒྱུ་རྩལ་དང་འབྲེལ་ཡོད་ཀྱི་དཀའ་ངལ་ལ་གདོང་ལེན།” ཞེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་གནང་རྒྱུ་དང་། ཀུན་ཕན་ཐེབས་རྩ་ཚོགས་པའི་གཙོ་འཛིན་ཨན་ཌི་ཡ་སོ་རོ་སི་ནས་བགྲོ་གླེང་གཙོ་སྐྱོང་གནང་རྒྱུ་ཡིན།

 

འགྲེམས་སྟོན་བྱེད་ཡུལ་ས་གནས་ཀྱི་ཁ་བྱང་ནི། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་་་

Rogue Space Chelsea
508 W 26th Street, 9E-F
New York, NY 10001

འགྲེམས་སྟོན་དབུ་འབྱེད་ཀྱི་མཛད་སྒོ་དེ་༢༠༡༥ ཟླ་བ་གསུམ་པའི་ཚེས་༡༤ ཕྱི་དྲོའི་ཆུ་ཚོད་༣ ནས་༨ དང་ཕྱེད་ཀ་བར་ཡིན། འགྲེམས་སྟོན་དང་གསུང་བཤད་ཀྱི་ལས་རིམ་ཁག་རིན་མེད་ཡིན། ཟླ་བ་བཞི་པའི་ཚེས་༩ ཕྱི་དྲོའི་ཆུ་ཚོད་༦ དང་ཕྱེད་ཀར་རི་མོ་རྣམས་བམ་བཙོང་ངམ་ཧབ་འཚོང་༼auction༽བརྒྱུད་བཙོང་རྒྱུ་ཡིན། བམ་བཙོང་ངམ་ཧབ་འཚོང་ལ་ཕེབས་ཏེ་འཛིན་བྱང་ཉོ་དགོས། ཞིབ་ཕྲའི་གནས་ཚུལ་དེ་ངེད་ཚོའི་ཚོགས་པའི་དྲ་རྒྱའི་ཐོག་ལ་ཕེབས་རོགས། http://gaton.trace.org/

འགྲེམས་སྟོན་འདི་དང་འབྲེལ་ཡོད་ཀྱི་འབྲེལ་བ་ཞུ་ཡུལ་ནི། events@trace.org ཡང་ན་ཁ་པར་ཨང་གྲངས་2123677380 x38. ཐོག་ལ་འབྲེལ་བ་གནང་རོགས་ཞུ།

གསལ་བསྒྲགས།

Post navigation

Previous Post: ཡོངས་ཁྱབ་གསལ་བསྒྲགས།
Next Post: རྩེད་མཚར་ནག་རིལ་མ།

Comment (1) on “བོད་ཀྱི་དེང་རབས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་གསལ་བསྒྲགས།”

  1. ཅོག་མྱི། says:
    2015-03-04 at 10:15 am

    བག་ལ་ཉལ་བའི་བོད་རིགས་ཀྱི།
    འཛེམ་ཟོན་མེད་པའི་སྒྱུ་རྩལ་ཞིག
    བཀག་རྒྱ་མེད་པའི་ཉིའུ་ཡོག་ནས།
    བཤམས་སྟོན་བྱས་ན་ངོ་མཚར་ཆེ།

    སྔོན་གྱི་དུས་སུ་མི་ལ་ཡིས།
    སྐུ་ལུས་རྗེན་པར་རྒྱུ་བ་དེ།
    སྤྱོད་པའི་སྒྱུ་རྩལ་ལ་མཐོང་ནས།
    སྦ་གསང་མེད་པ་དེ་ནས་དར།

    འོན་ཏང་གྲོང་ཁྱེར་ཉིའུ་ཡོག་ནི།
    ཨར་འདམ་གོས་ཀྱིས་སྒྱུ་རྩལ་གཡོགས།
    སྒོར་དང་བཙན་གྱིས་མཛེས་པ་སྒྲིབ།
    སྒྱུ་རྩལ་ཞེས་པ་དེ་ན་དབེན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme