Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་སང་གི་ཉིན་ཐོ་ཐར་ཐོར་མ།

Posted on 2015-03-012015-03-01 By ཁ་བརྡ་ 11 Comments on ཁ་སང་གི་ཉིན་ཐོ་ཐར་ཐོར་མ།

ཝཱཎ་རང་འཚོལ།

 
ངོ་མ་དེ་རིང་གི་ཉིན་མོ་དེ་ཇི་ལྟར་འདས་པ་ཡང་མ་ཤེས། ཞོགས་པ་འཛིན་གྲྭ་ཚོགས་ཐུན་གཉིས་པ་གྲོལ་རྗེས་། ཐུན་གསུམ་པ་དང་བཞི་པ་གཉིས་མི་འདུག་པས་ལས་ཕྲན་ཞིག་གི་ཆེད་གྲོགས་པོ་ཁ་ཅིག་མཉམ་རྒྱལ་སྒོ་ཕྱི་རོལ་དུ་བསྐྱོད། ཆུ་ཚོད་༡༡ ཡས་མས་སུ་སློབ་གླིང་ནང་དུ་འཛུལ་སྐབས། སྒོ་ཆེན་ཉེ་འགྲམ་གྱི་ནེཧ་རུ་མགྲོན་ཁང་རྩར་གཅེར་བུ་བའི་ཚངས་སྤྱོད་དང་མི་སྐྱ་ཕོ་མོ་མང་པོ་སླེབས་ཡོད་པ་མཐོང་། ཁོང་ཚོའི་ཚངས་སྤྱོད་པ་རྣམས་ནི་གོས་དཀར་དང་ཁ་རས་གོན་ཞིང་ལག་ན་དབྱུག་ཕྱགས་ཐོགས་པ་དེ་འདྲ་རྐྱང་འདུག

སྐབས་དེར་ཁོང་ཚོའི་ལྟ་སྤྱོད་སྐོར་ལ་དོགས་འདྲི་བྱེད་འདོད་ཀྱི་ཤེས་འདོད་ཆོས་ཅན་ཞིག་གིས་བདག་ཁོང་ཚོའི་གམ་ན་དབང་མེད་དུ་བདས། ཁོང་ཚོའི་ཁྲོད་ནས་ཟུར་དེར་བགྲེས་པོ་ལོ་ན་དྲུག་ཅུ་ཡས་མས་དང་ལྟད་ཚོད་ལ་བབ་ཆགས་ལ་ཤེས་ལྡན་དུ་སྣང་བ་ཞིག་འདུག་པས། ཁོ་བོ་དེའི་རྩར་བཅར་ཞིང་འཚམས་འདྲི་ཞུས་ནས་ཕན་ཚུན་ངོ་སྤྲད་རྗེས། ངས་འཕྲལ་མར་ཁོང་ལ་གཅེར་བུ་བའི་ལྟ་སྤྱོད་སྐོར་དོགས་འདྲི་བྱེད་འགོ་བརྩམས། བགྲེས་པོ་བསམ་ཡོད་དེས་ཁོ་བོའི་དྲི་བ་རྣམས་ལ་ལན་གང་ལེགས་གནང་རྗེས། དེའི་སྐོར་ཞིབ་ཆ་ཤེས་འདོད་ན་ཚངས་སྤྱོད་པ་དེ་དག་ལ་འདྲི་ཆོག ཁྱེད་ཀྱིས་འཚེར་དོགས་མེད་པར་དྲིས་དང་ཅི་ཡང་སྐྱོན་གྱི་མ་རེད་ཟེར། དེ་ནས་ངེད་གཉིས་སློབ་གྲྭའི་ཟ་ཁང་ནང་དངས་ཆུ་ཞིག་བཏུང་རྗེས་གྱེས་བཀུར་དང་བཅས་སོ་སོར་ཕྱིན། ཁོང་གིས་ངའི་སེམས་ངོགས་སུ་ཤེས་འདོད་ཀྱི་ཟ་འཕྲུག་དེ་སྔར་བས་མང་དུ་ལངས་བཅུག་བྱུང་།

ཕྱི་དྲོ་ཆུ་ཚོད་ལྔ་པ་ཡས་མས་སུ་སླར་ཁོམ་པ་བྱུང་བས་སློབ་གྲོགས་གཉིས་དང་མཉམ་ཁོང་ཚོའི་རྩར་དོགས་འདྲི་བྱ་རུ་སོང་། ནེཧ་རུ་མགྲོན་ཁང་རྩར་སླེབས་དུས་ཁོང་ཚོ་མང་པོ་ཞིག་དེར་ཚང་ཚིང་དུ་འདུག དེའི་ཁྲོད་ཚངས་སྤྱོད་པ་སྐུ་ཤ་ནག་ཅིང་རྒྱགས་པ་ཞིག་འདུག་པས། ངས་དེར་འཚམས་འདྲི་དང་སྦྲགས་དོགས་འདྲི་འགའ་ཞུ་ཆོག་པའི་གནང་བ་ཞུས་པས་ཁོང་གིས་སྤྲོ་འཛུམ་དང་སེམས་འཁོལ་གྱི་ངང་ནས་དང་ལེན་ཞུས། དེ་ནས་མགྲོན་ཁང་གི་ཐོག་བརྩེགས་གཉིས་པའི་བར་འཁྱམ་དུ་བསྡད་དེ་དོགས་འདྲི་བྱེད་འགོ་བརྩམས། ངེས་གསུམ་གྱིས་ཁོང་ལ་ཁོང་ཚོས་ཁ་རས་གོན་དོན་དང་དབྱུག་ཕྱགས་ཐོགས་དོན། ལས་འབྲས་དང་སྐྱེ་བ་སྔ་ཕྱི་དང་བདག་འདོད་ཚུལ་སོགས་ཀྱི་སྐོར་ལ་དྲི་བ་མང་དུ་དྲིས་པས་གནད་དོན་མང་པོ་ཞིག་གསལ་ཆ་བྱུང་།

དེ་ཡང་ཤེས་གསལ་ལ། ཁོང་ཚོས་ཁ་རས་གོན་པའི་རྒྱུ་མཚན་ནི་མཁའ་རླུང་ཁྲོད་ན་ང་ཚོའི་མིག་གིས་མི་མཐོང་བའི་ཕྲ་འབུ་གྲངས་འདས་ཡོད་པས། ཁ་མ་བཀབ་ན་སྐད་ཆ་ཤོད་དུས་དང་དབུགས་འབྱིན་རྔུལ་བྱེད་སྐབས་ང་ཚོའི་ཁ་དབུགས་ཚ་བོ་ཡོད་པས། དེའི་རྐྱེན་པས་ཕྲ་འབུ་དེ་དག་གསོད་པ་དང་གནད་འཚེ་བྱེད་པའི་རྐྱེན་དང་སྡིག་པ་ཡོད་པས་ཡིན་པར་གསུངས། ལག་ན་དབྱུག་ཕྱགས་སྟེ་དབྱུག་པའི་ཕྱགས་མ་དེ་ཐོགས་དོན་ནི། འགྲོ་སྐྱོད་སྐབས་ལམ་དུ་འབའ་འབུ་མང་པོ་ཡོད་པས་དེ་དག་མཐོང་དུས་རྡོག་བརྗི་དང་གནོད་འཚེ་མ་ཐེབས་པར། ལམ་ཟུར་དུ་ཕར་ཕྱག་པའི་ཆེད་དུ་ཡིན་གསུངས། མ་ཚད་ངེད་ཚོས་ཐོག་མ་ཁོང་ལ་སློབ་གླིང་སྤངས་ལྔོངས་སྟེང་དུ་གླེང་མོལ་བྱས་ན་མི་ལེགས་སམ་ཞུ་སྐབས། ཁོང་ཚོ་སྤངས་ལྗང་སྟེང་དུ་འགྲོ་སྡོད་མི་ཆོག དེས་རང་བྱུང་དང་འབུ་སྲིན་ལ་གནོད་འཚེ་ཆགས་ཀྱི་རེད་གསུངས།

སྐྱེ་བ་སྔ་ཕྱི་དང་ལས་འབྲས་ནི་ནང་པ་དང་འདོད་སྟངས་འདྲ་བར་སྣང་། བདག་གི་འདོད་ཚུལ་ཇི་ལྟར་ཡིན་པ་དང་བདག་རྟག་པར་ཨེ་འདོད་ཅེས་དྲི་བ་ཞུས་པས། བདག་འདོད་ཀྱི་ཡོད་སྐོར་དང་བདག་ལ་རྟག་པ་ཡིན་མིན་གཉིས་ཡོད་པ་སྟེ། བདག་གཙོ་བོ་དང་ཕལ་པའམ་ཡན་ལག་གཉིས་སུ་ཕྱེ་གི་འདུག་ལ། བདག་གཙོ་བོ་དེ་ནི་ནམ་ཡང་འགྱུར་བ་མེད་པ་ཞིག་ཡིན་པ་དང་། བདག་ཕལ་པ་དེ་ནི་ནམ་རྒྱུན་ང་ཚོ་མཚམས་རེར་ཁོང་ཁྲོ་བ་དང་། ཡང་དགའ་བ་དང་ཆགས་པ་སོགས་ཚོར་བ་འདྲ་མིན་དུ་འགྱུར་བའི་བློ་དེ་ཡིན་པས་དེ་མི་རྟག་པ་རེད་གསུངས།
ད་དུང་འཆི་མེད་ཀྱི་བདག་ཅེས་པ་ཞིག་འདོད། དེ་ནི་ང་ཚོ་སོ་སྐྱེའི་རྒྱུད་ཀྱི་བདག་དེ་མིན་པར་ཐར་པ་ཐོབ་པའི་གང་ཟག་གི་རྒྱུད་ལ་ཡོད་པར་གསུངས།

དེ་འཆི་མེད་ཡིན་དོན་དྲིས་པས། ཁོང་གིས་དེ་འཆི་མེད་ཀྱི་བདག་ཡིན་དོན་ནི། ཐར་པ་ཐོབ་རྗེས་ཀྱི་གང་ཟག་གི་རྒྱུད་ཀྱི་བདག་དེ་ནམ་ཡང་ཕྱིར་འཁོར་བར་སྐྱེ་བ་ལེན་མི་དགོས་པས་ཡིན་པ་དང་། བརྟན་པའི་རང་བཞིན་ཞིག་ཡིན་པར་འདོད་ཀྱི་འདུག ཡང་ཉིན་རེའི་བྱ་སྤྱོད་ཀྱི་སྐོར་དྲིས་པས། ཁོང་ཚོའི་ཚངས་སྤྱོད་པ་རྣམས་ཀྱིས་རྒྱུན་དུ་མཁོ་ཆས་ཉུང་ངུ་ལས་ཁ་པར་དང་དངུལ་སོགས་གཏན་ནས་ཉར་ཚགས་བྱེད་མི་ཆོག་པ་དང་། ཉིན་རེར་ཁ་ཟས་རན་ཚད་ཐུན་གསུམ་ལས་ཟ་མི་ཆོག དེ་ཡང་དུས་ཐོག་དང་ཉི་མ་ནུབ་རྗེས་ཁ་ཟས་མ་ཟད་ཆུ་ཡང་འཐུང་མི་ཆོག་གསུངས། ཁོང་ཚོའི་ཉིན་རེའི་ཁ་ཟས་ནི་སོ་སོས་བཟོ་མི་ཆོག་པར་ཁྱིམ་པ་དེ་དག་གིས་བཟོས་ནས་བསོད་སྙོམས་ཀྱི་ཚུལ་དུ་ཕུལ་གྱི་ཡོད་འདུག ཉིན་མོར་སྡོད་དུས་དང་མཚན་མོ་ཉལ་སྐབས་གདན་ཡང་འདིང་ཆོག་གི་མེད་འདུག

དེའི་རྒྱུ་མཚན་དྲིས་པས། གདན་བཏིང་ན་ལུས་བདེ་སྣང་ཆེ་དྲགས་པས་གཉིད་ཤོར་བ་སོགས་ལངས་ཤོར་བས། སྡོད་དང་ཉལ་བའི་སྐབས་སུ་ཤོག་ལྷེབ་དང་རས་ལྷབ་དེ་འདྲ་བཏིང་པ་ལས་གདན་སྤྱོད་མི་ཆོག་གསུངས། མ་ཟད་ཚངས་པར་སྤྱོད་ཟིན་པའི་ཉིན་ནས་བཟུང་ཚེ་གང་ཆགས་སྤྱོད་མི་ཆོག་པ་དང་། ཁྱིམ་དང་བྲལ་ནས་བླ་མའི་དྲུང་དུ་སྡོད་དགོས་པ་ལས་གང་སར་འགྲོ་སྡོད་མི་ཆོག་གསུངས། དེའི་ཁར་སྐབས་རེར་ནང་མི་་ཐུག་འཕྲད་དུ་འགྲོ་ཆོག་ཀྱང་དུས་ཚོད་རན་འཚམས་ལས་ཞག་སྡོད་མི་ཆོག་ཅིང་། སྲང་ལམ་སོགས་སུ་འགྲོ་སྡོད་སྐབས་ཚངས་སྤྱོད་པ་གཞན་དང་འགྲོགས་པ་ལས་གང་བྱུང་ཁེར་རྐྱང་དུ་འགྲོ་སྡོད་མི་ཆོག་པ་དང་། ཚུར་དྲིས་ན་མ་གཏོགས་བུད་མེད་སོགས་ལམ་འགྲུལ་བ་གང་བྱུང་ལ་སྐད་ཆ་བཤད་མི་ཆོག་གསུངས།

ཡང་ནང་པའི་དགེ་སློང་རྣམས་སྔོན་དུས་སུ་སྡེ་པ་བཞི་དང་བཅོ་བརྒྱད་སོགས་སུ་གྱེས་པ་ལྟར། གཅེར་བུ་བ་རྣམས་ཀྱང་སྡེ་པ་མི་འདྲ་བ་བཞི་ལྔ་ལྷག་ཏུ་གྱེས་ཡོད་པར་གསུངས། དེ་ཡང་ཁག་ཅིག་ལུས་ལ་གོན་པ་གང་ཡང་མི་གོན་པར་གཅེར་བུར་སྡོད་མཁན་རིགས་གཅིག་སྟེ་གཅེར་བུ་བ་དང་། དེ་བཞིན་ད་ལྟ་ཁོང་ཚོའི་རིགས་དེ་ནི་གོས་དཀར་པོ་གོན་པས་གོས་དཀར་བ་ཡིན་ཞིང་ད་དུང་སྡེ་པ་གཞན་ཁག་ཅིག་ཡོད་པར་གསུངས།
དེ་ལྟར་དྲིས་དྲིས་པས། ངེད་ཚོའི་སེམས་ཁོང་ན་དོགས་དྲི་ཆུ་ཁོལ་ཁོལ་ལྟར་གྱུར་ཀྱང་ཁོང་ཚོའི་འབོད་བརྡ་བཏང་ནས་ཁོང་ཕེབས་དགོས་བྱུང་བས། ངེད་ཚོས་མཚམས་འཇོག་དགོས་བྱུང་ལ། ཆུ་ཚོད་ཀྱང་དྲུག་དང་ཕྱེད་ཟིན་ལ་ཉེ་བས་སྡོད་ཁང་དུ་ཕྱིར་ལོག་པ་ཡིན། དེ་རིང་གི་ཉིན་མོ་དེ་དེ་ལྟར་ཤེས་རིག་བརྗེ་ལེན་ལྟ་བུའི་ཚུལ་གྱིས་རྫོགས་སོང་། དོགས་འདྲི་ཁ་བརྡ་དེ་ནི་ངོ་མ་དཀའ་ཚེགས་མེད་ལ་ཤེས་བདེ་བ་དང་མང་དུ་ཤེས་ཐུབ་པ་སོགས་ཀྱི་བློ་སྐྱེད་ཆེ་བ་ཞིག་འདུག་པས། ངེད་ཅག་གི་སེམས་སུ་ད་གཟོད་འདི་ལྟའི་ཁ་བརྡ་ཇེ་མང་དང་ཇེ་རིང་བྱ་འདོད་ཀྱི་ཟ་འཕྲུག་ཆེས་ཆེར་ལངས་སོ།

གོང་བཀོད་འདི་ནི་ཁ་སང་གི་ཉིན་ཐོའི་ཟུར་འགོད་ཙམ་གྱི་ཚུལ་དུ་གང་ཤར་བྲིས།
༢༠༡༥ ། ༢ ། ༢༧ ཉིན།

སྣ་ཚོགས།

Post navigation

Previous Post: ཨེ་ཤི་ཡ་རང་དབང་རླུང་འཕྲིན་ལ་ཉན་པའི་རྗེས་སུ།
Next Post: ཐུགས་རྗེ་ཆེ། རྒན་བློ་བཟང་འཇམ་དཔལ་ལགས།

Comments (11) on “ཁ་སང་གི་ཉིན་ཐོ་ཐར་ཐོར་མ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-03-01 at 8:36 am

    གཅེར་བུ་པ་དང་། ནམ་མཁའི་གོ་ཅན་གཉིས་དོན་གཅིག ཡིན་ནམ་མིན། ལགས།

  2. ཁྱུང་སེ། says:
    2015-03-01 at 12:14 pm

    ངོ་མ་གཞན་གྱི་ཡོན་ཏན་དང་ལེགས་ཆ་གནས་ཚུལ་སོགས་ལ་རྒྱུས་མངའ་བྱེད་ཐུབ་པ་འདི་བློ་སྒོ་ཕྱེ་བའི་རྟགས་རེད། དེ་མིན་ཆོས་རྒྱུད་གཅིག་ཡིན་ནའང་གྲྭ་ཚང་སོ་སོའི་ཡིག་ཆ་གཅིག་པོར་བལྟ་བ་ལས་གྲྭ་ཚང་གཞན་པའི་ཡིག་ཆ་བལྟ་མི་ཆོག་དེ་ལྟར་ལྟས་ན་རིག་པ་འཆལ་འགྲོ་རབས་བཤད། ཆོས་ལུགས་གཞན་པ་ཞིག་གི་ལྟ་གྲུབ་ལ་ཉན་པ་དང་དཔེ་ཆར་བལྟ་བ་ནི་ཆེས་མ་རུང་བར་བརྩི་བ་ཡིན་འདུག རྒྱུ་མཚན་དེ་ལ་བརྟེན་ནས་བོད་མི་ཚོས་ཆོས་རྒྱུད་ཆོས་ལུགས་དབར་ལ་དམག་འཁྲུགས་དང་་རང་ལྟར་ཆགས་ཤིང་གཞན་ལྟར་སྡང་བའི་ཕྱོགས་ཞེན་གྱིས་ལོ་རྒྱུས་ཀྱི་དེབ་ལས་སོགས་བརྒྱ་ཕྲག་མང་པོར་ཡོད་འདུག དེ་ཡང་རང་གི་རྩ་བའི་བླ་མའམ་དགེ་རྒན་གྱིས་གང་ཁྲིད་པ་དེ་དང་རང་གི་མདུན་ལྕོག་གི་སྟེང་དུ་དཔེ་གང་ཡོད་པ་དེ་རད་ལ་གཞི་བཅོལ་ནས་ལོ་རྒྱུས་རྣམ་ཐར་བྲིས་པ་ཤ་སྟག་བཟོ་འདྲ་བོ་ཡོད། དེ་ཚོ་ནི་ཕྱོགས་སུ་ལྷུང་བའི་གཏམ་ཁོ་ནར་ཟད་དོ།

  3. དཔལ་གློ་བོ་རྒྱལ says:
    2015-03-01 at 9:00 pm

    ཁོ་བོས་བསམ་ན་གཅེར་བུ་བ་དང་།ནམ་མཁའི་གོས་ཅན་གཅིག་པ་ཡིན་པར་འདོད།
    དེ་ཡང་ཚད་མ་རིགས་གཏེར་རྩ་ཚིག་ལས།”མཁའ་གོས་ཅན་དང་ཚུལ་རོལ་མཛེས་པའི་གཞུང་འཛིན་པ་།།”ཞེས་པའི་རྩ་ཚིག་ལས་དངོས་སུ་བསྟན་པ་འདི་འགྲེལ་བྱེད་མཁས་པ་རྣམས་ཀྱིས་གཅེར་བུ་བ་ལ་ངོས་འཛིན་གྱིས་འདུག

  4. རང་འཚོལ། says:
    2015-03-01 at 9:47 pm

    དུས་ཚོད་ཡུན་རིང་མ་རག་པས། དྲི་བ་མང་པོ་ཞིག་ད་དུང་འདྲི་རྒྱུ་ལྷག་སོང་། རྗེས་སུ་གོ་སྐབས་ཤིག་བཙལ་ནས་འདྲི་དགོས་སེམས་ཀྱི་ཡོད།

  5. རང་འཚོལ། says:
    2015-03-01 at 9:59 pm

    ཉིན་ཐོར་འདི་ཐོལ་བྱུང་དུ་བྲིས་པས་སྐད་ཆ་གནད་ཆེ་འགའ་ཤས་ཆད་ཤག ངས་ཚངས་སྤྱོད་པ་དེར་ལྗོན་ཤིང་ལ་སྲོག་འདོད་ཚུལ་སྐོར་དྲི་བ་ཞིབ་ཕྲ་འདྲི་ལོང་མ་བྱུང་། མི་སྐྱ་བགྲེས་པོ་དེར་དྲིས་པས་ཁོང་གིས་གཅེར་བུ་བས་
    རྩི་ཤིང་གི་རིགས་ཐམས་ཅད་དང་། མདོར་ན་ས་ཆུ་མེ་རླུང་སོགས་འབྱུང་བ་ཚང་མར་སྲོག་ཡོད་པར་
    འདོད་ཟེར། ངས་ལྗོན་ཤིང་ལ་mind(སེམས )ཨེ་ཡོད་དྲིས་པས། སྲོག་ཡོད་ཀྱང་སེམས་ཡོད་མ་རེད་ཟེར། ང་ཚོ་ནང་པའི་གཞུང་དུ་ལྗོན་ཤིང་ཆོས་ཅན་སེམས་ལྡན་ཡིན་ཏེ། མཚན་མོར་ལོ་མ་འཁུམས་ནས་ཉལ་བའི་ཕྱིར། ཞེས་གཅེར་བུ་བས་ལྗོན་ཤིང་སེམས་ལྡན་དུ་འདོད་པ་གསུངས་ཡོད་ཀྱང་། བགྲེས་པོ་དེའི་བཤད་སྟངས་ལ་གཞིགས་
    ན་ཁོང་ཚོས་སྲོག་ལས་སེམས་འདོད་ཀྱི་མེད་འདུག རྩི་ཤིང་གི་རིགས་ལ་སྲོག་ཡོད་པ་ནི་ཚན་རིག་པས་ཀྱང་འདོད་པ་ཡོངས་གྲགས་རེད་པས། དེ་དང་བཤད་ཚུལ་མཐུན་པར་སྣང་།

  6. རྟ་དབྱངས། says:
    2015-03-02 at 1:03 am

    ཝཱཎ་རང་འཚོལ་ལགས། གཞན་གྱི་རིགས་གཞུང་ནང་ནས་ལེགས་ཆ་མང་བོ་བླངས་འདུག དེར་རྗེས་སུ་ཡི་རང་ཡོད། ད་ཐེངས་མུ་མཐུད་དུ་གཅེར་བུ་བ་དེའི་རྩར་སོང་ནས་སྐད་ཆ་གང་མང་མང་འདྲི་ཐུབ་ན་ངོ་མ་བཟང་གི

  7. རང་འཚོལ། says:
    2015-03-06 at 7:47 am

    ལགས་སོ། འདིའི་སྐོར་ད་དུང་གང་མང་འདྲི་ཐུབ་པའི་གོ་སྐབས་ལེན་ངེས་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-03-06 at 9:33 am

    སེམས་ལྡན་དང་། སྲོག་ལྡན་གཉིས་གཅེར་བུ་པ་དང། ཚན་རིག་པས་སོ་སོར་ཕྱེས་ན་ཡང་། ནང་པས་དེ་གཉིས་སོ་སོར་འབྱེད་མི་ཐུབ་སྟེ། ལྗོན་ཤིང་བཅད་ན་སྲོག་བཅད་པའི་ཉེས་པ་མི་གོས་པ་བཞིན་ནོ།།

  9. རང་འཚོལ། says:
    2015-03-08 at 12:51 am

    སྲོག་ཙམ་ལས་སེམས་མི་ལྡན་པའི་ལྗོན་ཤིང་དང་། རྟེན་སྲོག་དང་བརྟེན་པ་ སེམས་སམ་རྣམ་ཤེས་གཉིས་ཀ་ལྡན་པའི་སེམས་ཅན་གྱི་སྲོག་གཅོད་པའི་བར་ནི་ཁྱད་ཆེན་པོ་ཡོད་ལ། སྡིག་པ་ཆེ་ཆུང་་ཡོད་པ་སུས་ཀྱང་ཁས་ལེན་དགོས་པའི་མངོན་གསལ་ཞིག་རེད་སྙམ། གང་ལགས་ཞེ་ན། ལྗོན་ཤིང་བཅད་ན་སྲོག་གཅོད་ཙམ་དང་། སེམས་ཅན་སྲོག་བཅད་ན་སྲོག་དེར་བརྟེན་པའི་སེམས་དེ་ཡང་གནས་མི་ཐུབ་པ་བྱེད་པས། སེམས་ཅན་བསད་ན་སྡིག་པ་ཆེ་བ་སྨོས་མེད་ལོས་ཡིན།

  10. ཨ་ར་དཀར་པོ says:
    2015-03-13 at 10:37 am

    གཅེར་བུ་པ་ལ་ནམ་མཁའི་གོས་ཅན་དང་ཕྱོགས་ཀྱི་གོས་ཅན་ཞེས་ནང་གསེས་གཉིས་ཡོད་པར་གྲགས། བོད་སྐད་དུ་རྒྱལ་བ་པར་གྲགས། ཆོས་ལུགས་ལྟ་གྲུབ་ཐད་ནས་ནང་ཆོས་དང་ཧ་ཅང་ཐག་ཉེ་བར་གྲགས།

  11. རང་འཚོལ། says:
    2015-03-17 at 10:17 am

    ལགས་ལོ། ཁྱེད་ཀྱིས་དེ་ལྟར་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme