Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱུ་སྐར་མིག་དམར་གྱི་ཐོག་ཏུ་གནས་སྤོ་བྱ་རྒྱུ་ཡིན་པ།

Posted on 2015-02-242015-02-24 By ཁ་བརྡ 22 Comments on རྒྱུ་སྐར་མིག་དམར་གྱི་ཐོག་ཏུ་གནས་སྤོ་བྱ་རྒྱུ་ཡིན་པ།

རྫ་ཚེ་རིང་བཀྲ་ཤིས་ཀྱིས་བོད་བསྒྱུར་བྱས།

 

སྤྱི་ལོ་2024 ནས་བཟུང་སའི་གོ་ལའི་མི་སྐོར་ཞིག་རྒྱུ་སྐར་མིག་དམར་གྱི་ཐོག་ཏུ་གནས་སྤོ་བྱ་རྒྱུ་ཡིན་པ།

དེ་ཡང་། ཧོ་ལན་གྱི་མིག་དམར་ཨང་དང་པོ་ཐེབས་རྩ་ཞེས་པའི་སྤྱི་གཉེར་ཁང་ཞིག་གིས་མིག་དམར་ཨང་དང་པོ་ཞེས་པའི་འཇིག་རྟེན་གནས་སྤོའི་སྐྱས་ཆེན་གྱི་འགྲུལ་བཞུད་ལས་འཆར་ཞིག་བཏོན་ཏེ་འཛམ་གླིང་གི་མི་མང་པོ་ཞིག་ལ་ཐོ་འགོད་ཀྱི་གོ་སྐབས་བསྐྲུན་ཡོད་པ་དང་། མི་མང་ཁྲི་ཚོ་ཉི་ཤུས་ཐོ་འགོད་བྱས་པའི་ནང་ནས་ཐ་མའི་འོས་ཁོངས་སུ་ཚུད་པའི་མི་བརྒྱའི་ཐོ་གཞུང་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་(༢༠༡༥/༡/༡༦)ཉིན་དངོས་སུ་ཕྱིར་བསྒྲགས་བྱས།

unnamed-16

ཐོ་ཁོངས་སུ་ཚུད་པའི་མི་དེ་དག་ལས་སླར་ཡང་བཞི་བཅུ་བདམས་ཏེ། ལོ་བཅུའི་རིང་གི་དམིགས་བསལ་གྱི་སྦྱོང་བརྡར་བརྒྱུད། ཉིས་སྟོང་ཉེར་བཞིའི་ལོ་ནས་ལོ་རེར་བུ་གཉིས་དང་བུ་མོ་གཉིས་རེ་གཏོང་རྒྱུ་ཡིན་ཟེར་ཞིང་། ཉིས་སྟོང་ཉེར་ལྔའི་ལོ་མཇུག་ཙམ་ལ་གཟའ་མིག་དམར་གྱི་ཐོག་ཏུ་སླེབས་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་ཡོད། ལས་འཆར་འདི་ནི་ཕར་འགྲོ་ཁོ་ནའི་འཛིན་བྱང་འཁོ་སྤྲོད་བྱེད་པའི་འགྲུལ་བཞུད་འཆར་གཞི་ཞིག་ཡིན་པས་བསྐྱོད་མགོ་བརྩམས་ནས་སའི་གོ་ལའི་ཐོག་ཕྱིར་ལོག་རྒྱུ་མིན་པ་རེད།
འོན་ཀྱང་གཙོ་སྒྲུབ་ལས་ཁུངས་ཀྱིས་བསྟན་དོན། མི་སུ་ཡིན་ཡང་དངོས་སུ་ལམ་ལ་མ་ཆས་པའི་སྔོན་ལ་འགྱོད་པ་སྐྱེས་པ་ཡིན་ན་ནམ་ཡང་འཕྱིས་དྲགས་རྒྱུ་མེད་ཅེས་ཟེར།

ཐོ་ཁོངས་སུ་ཚུད་པའི་མི་དེ་དག་ནི་ཨུ་རུ་སུ། ཁ་ན་ཊ། ཨ་རི། ཧྥི་ལི་ཕིན། ཏེན་མག ཝེད་ནམ། ཨི་རག ཡུག་རེན། པོ་ལི་ཝི་ཡ། འཇར་པན། རྒྱ་ནག་བཅས་ནས་ཡིན་ཞིང་། དེའི་ཁོངས་སུ་རྒྱ་རིགས་བཞི་ཡོད་པའི་ནང་ནས་གཉིས་ཕྱི་སྡོད་རྒྱ་རིགས་བུ་མོ་ཡིན་པ་དང་། གཞན་གཉིས་རྒྱ་ནག་ནས་རེད་འདུག འཛུགས་ཞུགས་མཁན་ལོ་ན་ཆུང་ཤོས་ལོ་བཅུ་དགུ་དང་། ཆེ་ཤོས་ལོ་དྲུག་བཅུའི་བར་ཏེ། ཐོ་གཞུང་དུ་ཚུད་པའི་འབུམ་རམས་པའི་སློབ་མ་རྒྱལ་ཁོངས་དབྱིན་ཇི་ཡིན་པའི་རྒྱ་རིགས་བུ་མོ劉梅姬(Maggie Lieu་ལིའུ་ལགས་ཀྱིས་བརྗོད་ན།

unnamed-14བུ་མོ་ལིའུ་ལགས།
ངའི་དམིགས་ཡུལ་ནི། ས་སྐྱེས་རྡོ་སྐྱེས་ཀྱི་སྐར་མ་མིག་དམར་གྱི་ཡུལ་མི་ཡིན་པའི་ཆེས་ཐོག་མའི་འགྲོ་བ་མིའི་རིགས་ཀྱི་ཕྲུ་གུ་ཞིག་སྐྱེས་ནས་རང་ཉིད་རྒྱུ་སྐར་མིག་དམར་ཐོག་གི་ཆེས་ཐོག་མའི་ཨ་མ་རུ་འགྱུར་བར་བྱ་རྒྱུ་དེ་ཡིན་ཟེར།
ཡང་མོས་བཤད་དོན། སའི་གོ་ལ་དང་མིག་དམར་གྱི་བར་ཐག་ནི་ལེ་དབར་དུང་ཕྱུར་གཉིས་དང་ས་ཡ་ཉི་ཤུ་རྩ་ལྔ་ཡོད་པས་སླར་ཡང་སའི་གོ་ལའི་ཐོག་ཏུ་ལོག་ཐབས་མེད་ན་ཡང་། ཐག་གཅོད་དེ་ནི་འོས་ཤིང་བྱེད་རིན་ཡོད་པ་ཞིག་ཡིན། ཞེས་དང་།
མིག་དམར་གྱི་དྲོད་ཚད་ནི་ཀླད་སྐོར་འོག་གི་ཏུའུ་དྲུག་ཅུ་རེ་ལྔར་ཡོད་པས་ས་འོག་ཏུ་འཚོ་སྡོད་བྱ་དགོས་སྲིད་པ་དང་། སྨན་བཅོས་དང་འཕྲུལ་ལས། ས་ཞིང་རྨོ་འདེབས། ཤིང་བཟོ་སོགས་ཚང་མ་རང་གིས་བྱེད་ཤེས་དགོས་པར་མ་ཟད། ཆུ་དང་འབྲུ་རིགས་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་པ་ཡོད་ན་ཡང་། མ་འོངས་པའི་ཉི་མ་གཅིག་ལ་མིའི་རིགས་དང་རྒྱུ་སྐར་མིག་དམར་བར་ཕན་ཚུན་འགྲོ་འོང་ཡོད་པ་ཞིག་ཆགས་རྒྱུའི་རེ་བ་ཡོད། ཅེས་ལབ་འདུག

unnamed-15

ཡང་གཙོ་སྒྲུབ་ལས་ཁུངས་ཀྱི་ངོས་ནས་མི་དངོས་སུ་གཏོང་བའི་བརྒྱུད་རིམ་འཛམ་གླིང་ལ་ཡོངས་ཁྱབ་ཐད་གཏོང་གི་ལམ་ནས་སའི་གོ་ལ་ཧྲིལ་པོ་མཉམ་ཞུགས་བྱ་ཐུབ་པ་བྱ་རྒྱུ་ཡིན་པ་དང་། བྱ་ཐབས་འདི་བརྒྱུད་ནས་ཀྱང་གཞི་རྒྱ་ཆེ་བའི་མ་དངུལ་གནད་དོན་ཐག་གཅོད་ཐུབ་པར་ཡང་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་བྱ་རྒྱུ་ཡིན་པ་རེད།
དེ་བཞིན། ་དེ་རིང་ཨུ་རུ་སུའི་གསར་འགྱུར་དྲ་བ་(RT)ཞེས་པས་བརྗོད་པ་ལྟར་ན། མིག་དམར་ཨང་དང་པོའི་འཆར་གཞི་དངོས་སུ་ལམ་ལྷོང་ཡོང་མིན་གྱི་གནད་དོན་ཆེ་ཤོས་དེ་མ་དངུལ་དང་མཁའ་དབྱིངས་གྲུ་གཟིངས་ཀྱི་གནད་དོན་ཡིན་པར་བརྗོད་ཡོད་ཅིང་། ཐེངས་འདིའི་ལས་འཆར་ལ་ཨ་སྒོར་དུང་ཕྱུར་དྲུག་ཅུ་ལྷག་གི་སྔོན་རྩིས་འཆར་གཞི་འགོད་བཞིན་ཡོད་འདུག

༼གནས་ཚུལ་ཡོང་ཁུངས་BBCརྒྱ་ཡིག་དྲ་བ་དང་yahoo奇摩新聞དྲ་བ། ཐའེ་ཝན་ཀུ་ཤུ་ཉིན་རེའི་ཚགས་པར་སོགས་ལས་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བཏུས་ཏེ་བསྒྱུར།༽

(2015/2/23)

གསར་འགྱུར།

Post navigation

Previous Post: བདག་གིས་སྤྲོ་ཚིགས་ཆོས་གྲགས་སྐྱེལ་སྟངས།
Next Post: གངས་རིའི་ཁྲོད་ཀྱི་རྨ་བྱ།

Comments (22) on “རྒྱུ་སྐར་མིག་དམར་གྱི་ཐོག་ཏུ་གནས་སྤོ་བྱ་རྒྱུ་ཡིན་པ།”

  1. ཇུས་ཏོག says:
    2015-02-24 at 10:47 am

    དེ་ཡག་རྟགས་མ་རེད་དོ་།

    རྒྒུ་སྐར་གང་ལ་མི་ནམ་ཡང་གནས་མི་ཐུབ་་་བོ་།

    འཇིག་རྟེན་བཀོད་པ་པོའི་ནམ་ཡང་བཀའ་འཁྲོལ་གནང་གི་མ་་རེད་དོ་།

    མི་བྱེད་དགུ་བྱས་ན་མི་ཡོང་དགུ་ཡོང་ངོ་།

    འཇིག་རྟེན་འདི་གནས་མི་གནས་མི་གི་བྱེད་ལས་ལ་ རག་ཡོད་པ་རེད་དོ་།

    ཤེས་སོང་ངམ་།

    ཧ་མི་གོ་བའི་གནས་ཚུལ་ངོ་སྤྲོད་མ་བྱས་ན་ཡག་ལི་རེད་དོ་།

  2. ཇ་མ་ says:
    2015-02-24 at 11:56 am

    ཐོ་འགོད་ཆ་རྐྱེན་གང་ཡིན་ཤེས་སོང་ངམ། ཤེས་མཁན་ཡོད་ན་གསལ་བཤད་གནང་རོགས་མཁྱེན་མཁྱེན།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-02-24 at 12:01 pm

    འདི་ནི་ཚན་རིག་པའི་རྨོངས་དད་ལས་བྱུང་བ་དང་། འཕྲུལ་རིག་བཟོ་པ་འགའ་ཞིག་གིས་དངུལ་དངོས་བཟོ་སྟངས་གསར་པ་ཞིག་དང་། བྱ་རོག་སོ་རྟོག་གི་གཏམ་རྒྱུད་དང་གཅིག་པ་ཆགས་རྒྱུ་ལས་མ་འདས་སོ།།

  4. ཀླུ་སྨྱོན། says:
    2015-02-24 at 2:42 pm

    ང་ཡང་དེ་ལ་འགྲོ་འདོད། དེ་ནས་བདེ་བ་ཅན་ལ་དགའ་རབ་ཐག་ཉེ་འདུག

  5. རྟེན་འབྱུང་། says:
    2015-02-24 at 3:12 pm

    དྲོད་ཚད་ཀླད་ཀོར་འོག་གི་ཏུའུ་དྲུག་ཅུ་རེ་ལྔ་ཡིན་ན་མི་གནས་ཐབས་ཡོད་མ་རེད་བསམ།

  6. ཆུ་ཐིགས་སྔོན་མོ says:
    2015-02-24 at 3:13 pm

    འོ་་་ད་ཡིན་ན་གོ་སྐབས་རེག་སོང་་་་ཐོ་འགོད་བྱ་ཁོ་ཐག་ཡིན་་་་་ཡིན་ནའང་ང་ཚོ་སྐྱབས་བཅོལ་བ་ཚོར་གོ་སྐབས་དེ་རེག་རྒྱུ་ཁག་པོ་མེད་འགྲོ་་་རེག་ན་འགྲོ་རྐྱང་ཡིན་་་་ས་འདི་ནས་ཁ་ཞིག་སོས་ཁག་གི་་་་ད་གང་ནས་ཤི་ཡང་འགྱོོད་པ་མེད

  7. ཆུ་ཐིགས་སྔོན་མོ says:
    2015-02-24 at 3:17 pm

    འོ་ཨ་ཁུ་ཀླུ་སྨྱོན་ལགས་་་དེ་ནས་བདེ་བ་ཅན་ལ་ད་དུང་ཐག་རིང་ས་རེད་ཀོ་་་་དེ་ལས་འདི་ནས་དགོན་པར་བསྡད་ནས་སྒྲུབ་སྦྱོང་བྱས་ཏེ་ཐད་ཀར་སོང་ན་ཞག་ཞེ་དགུ་ཙམ་གྱིས་ཐོན་ས་རེད་་་དེའི་མགྱོགས་ས་རེད་ད་་་

  8. དགུ་ཚིགས་ཕོ་ཉ says:
    2015-02-24 at 6:40 pm

    སྐར་མ་མིག་དམར་ནི་བདེ་བ་ཅན་གྱི་ཞིང་ཁམས་དང་ཐག་ཉེ་ཞིག་རེད་ཟེར། གོ་སྐབས་རེག་ན་འགྲོ་ཐུབ་ཀི་བལྟ་གི་ཡིན།

  9. དགུ་ཚིགས་ཕོ་ཉ says:
    2015-02-24 at 6:44 pm

    སའི་གོ་ལའི་ཐོག་ཤི་བ་ལས་སྐར་མ་མིག་དམར་ཐོག་ཤི་ན་དགའ་ས་རེད། གོ་ཐོས་ལྟར་ན་ས་དེ་ནས་ལོ་ཚད་ཀྱང་རིང་བོ་ཡོད་རབས་འདུག

  10. ཁྱུང་སེ། says:
    2015-02-24 at 10:24 pm

    ཀརྡོ་ལགས་ནི་རྨོངས་དད་ཆེ་དྲགས་འདུག ག་དུས་ཡིན་ནའང་ང་ཚོའི་དེ་མཆོག་དང་གཞན་དམན་པར་འཛིན་པའི་ལྟ་ཚུལ་འདི་ལ་ནུབ་ཕྱོགས་སུ་བཞུགས་ནས་སྔར་གྱི་ལྟ་བར་འགྱུར་བ་འགྲོ་མི་འདུག ཚན་རིག་པས་མིག་དམར་སྟེང་འགྲོ་ཐུབ་སྲིད་ཁོང་ཚོས་མཁའ་དབྱིངས་གོང་མ་ལས་སོགས་ལ་ཕྱིན་ནས་འཛམ་གླིང་ལ་ལྟས་མོ་ལྟས་ཏེ་པར་བརྒྱབ། ཁོང་ཚོས་ཟླ་བའི་སྒང་དུ་ཕྱིན་ནས་འཛམ་གླིང་ཧྲིལ་པོར་ཉུལ་ཞིབ་བྱས་ནས་ནང་ཆོས་པས་བླ་མ་དག་ལ་བརྟན་བཞུགས་འབུལ་རྒྱུའི་མཎྜལ་རྟོག་བཟོས་ལས་བཤད་པའི་རི་རྒྱལ་ལྷུན་པོ་ཟེར་བ་དེའི་རྫུན་རྐུབ་བརྡོལ། ད་ཁོང་ཚོས་རིམ་པས་ཆོས་ལུགས་པའི་རྟོག་བཟོས་ཀྱི་རྫུན་རྐུབ་དེ་ཚོ་རིམ་བཞིན་བརྟོལ་གི་ཡིན་ཟེར། ཀླུ་སྨྱོན་ལགས་མིག་དམར་ནས་ལྷ་ཡུལ་ཐག་རིང་པོ་རེད་མི་འདུག་མ་གཞི་ནས་མིག་དམར་ཁོ་རང་ལྷ་ཡུལ་རེད་འདུག་ནང་ཆོས་ནས་རྒྱུ་སྐར་ཉེར་བརྒྱད་དེ་ཚོ་ལྷ་ཡིན་རབས་ཞིག་གོ་བྱུང་དེས་ན་ལྷ་ཡུལ་དེ་ག་རང་རེད།

  11. ཨ་ར་དཀར་པོ says:
    2015-02-24 at 11:34 pm

    གོང་གི་པར་རིས་དང་པོ་དེ་སྐར་མ་མིག་དམར་སྟེང་དངོས་སུ་པར་བརྒྱབ་པའི་པར་རིས་ཡིན་ནམ། དེ་ཡིན་ན་མིག་དམར་སྟེང་མིས་བཟོས་པའི་ཁང་ཁྱིམ་ཡོད་དམ། མིན་ན་འབྲེལ་མེད་ཀྱི་པར་རིས་ཞིག་འགོད་དོན་ཅི་ཡོད། ཡང་ན་རྟོག་བཟོ་བྱས་ཏེ་སྐར་མ་མིག་དམར་སྟེང་མ་འོངས་པར་འདི་འདྲ་ཆགས་ཀྱི་རེད་ཟེར་ནས་སྟོན་པ་ཨེ་ཡིན།

  12. དྲི་མེད་ལྷག་བསམ། says:
    2015-02-25 at 12:33 am

    རྒྱུ་སྐར་ཟེར་བ་དེ་གཟའ་མིག་དམར་ལ་བཅོས་ན་ལེགས། སྤྱིར་རྒྱུ་སྐར་གཟའ་དང་སྐར་མ་གཉིས་ལ་འཇུག་པའི་སྐབས་ཡོད་མོད། ཡོངས་གྲགས་སུ་གཟའ་བརྒྱད། རྒྱུ་སྐར་ཉེར་བརྒྱད་དུ་དབྱེ་དུས་མིག་དམར་གཟའ་སྐར་ཡིན་པས། གཟའ་མིག་དམར་ཞེས་བརྗོད་དགོས། །

  13. ཀརྡོ་གཉེར་ཕྱག་པ་ says:
    2015-02-25 at 1:24 am

    ད་ནས་འབྱོར་མེད་ཚོ་ཟ་རྒྱུ་མེད་པར། འབྱོར་ལྡན་ཚོ་བར་སྣང་ལ་འཕུར་རྒྱུ་མང་བ་འདི་ཡང་སྡིག་པའི་ལས་ཡིན་པ་དེ་ཡང་། # 10 ཁྱུང་སེ།་ལགས་ཀྱིས་མཁྱེན་པར་མཛོད་ཅིགུ

  14. ཆུ་ཐིགས་སྔོན་མོ says:
    2015-02-25 at 2:52 am

    ཅི་ཞིག་བཤད་ན་ཤོད་་་་་གཙོ་བོ་གཞིས་ཆགས་ཚོ་གནས་སྤོར་བྱེད་ས་ཞིག་མ་རེག་པར་བསྡད་ཡོད་པ་རེད་་་ད་ཐེངས་བསྟན་འཛིན་སྒང་གི་གཞིས་ཆགས་ཚོ་སོང་ན་ཡག་ས་རེད་ཀོ

  15. ཇུས་ཏོག says:
    2015-02-25 at 9:03 am

    གཟའ་དང་རྒྱུ་སྐར་ནོར་མི་ཉན་།
    འཇིག་རྟེན་བཀོད་པོ་རྒྱང་བལྟ་བྱས་ནས་བསྡད་འདུག་གོ་།

    གཟའ་མིག་དམར་སྒང་མ་འབྱོར་སྔོན་དུ་འཇིག་རྟེན་བཀོད་པ་པའི་ཆད་པ་ཕོག་
    ཡོང་ངོ་ཨ་རོ་ཟབ་ཟབ་གྱིས་།ཧ་ཧ་ཧ་

  16. རང་བྱུང་རིག་པའི་རྡོ་རྗེ says:
    2015-02-25 at 11:51 am

    ངས་གཟའ་མིག་དམར་ཐོག་ཏུ་འགྲོ་རྒྱུ་ཐོ་བཀོད་བྱས་ཚར། འོན་ཀྱང་ཐོབ་རྒྱུ་ཡིན་མིན་མི་ཤེས། གལ་ཏེ་ཐོབ་ན་རྩོལ་བ་མེད་པར་བུ་མོ་ཞིག་ཀྱང་ཐོབ་ས་རེད། བུ་གཉིས་དང་བུ་མོ་གཉིས་མཉམ་དུ་འགྲོ་དགོས་པ་རེད་ཟེར། །

  17. ཁྱུང་སེ། says:
    2015-02-25 at 12:03 pm

    བུ་མོ་དེ་རྒྱ་མོ་ཡིན་ཙང་ངས་འགྲོ་རྒྱུར་ཕྱིར་འཐེན་བྱས་པ་ཡིན་་་་བུ་མོ་དེ་བོད་མོ་ཞིག་ཡིན་ན་འགྲོ་རྒྱུ་སེམས་ཐག་ཡིན།

  18. ཇུས་ཏོག says:
    2015-02-25 at 9:25 pm

    གཟའ་དང་རྒྱུ་སྐར་མི་གི་སྲུང་སྐརརེད་།
    སྲུངསྐར་སྟེང་དུ་མི་ཚེ་སྐྱེལ་འདོད་ན་།

    དེ་ཐོབ་ཡ་མེད་པའི་ཤོར་སྒོ་རེད་།
    མི་བསོད་ནམས་རྫོགས་པའི་སྔ་བལྟས་རེད་།

    ལས་དེ་ཚོ་་ཡག་རྟགས་མ་རེད་དོ་།
    ཚན་རྩལ་རིག་པའི་སྣང་བ་འཕྲུལ་བ་རེད་།
    ཚན་རྩལ་འདོད་བརྔམས་ཆེ་དྲག་རེད་།
    འཛམ་གླིང་ཕུང་ལ་སྦྱོར་འདོད་རེད་།

    ཧ་ཧ་ཧ་འགྲོ་མཁན་ཡོད་ན་ཕེབས་རོགས་གནང་།
    ཇ་དང་ཆང་གི་སྐྱེལ་འདྲེན་ཡོད་།
    ཆོས་སྐྱོང་སྲུང་མས་ལམ་སྟོན་ཡོད་།
    འཇིག་རྟེན་འབྱུང་བའི་སྐྱོར་རོགས་ཡོད་།

  19. སྤུ་གྲི་རེག་གཅོད། says:
    2015-02-25 at 11:11 pm

    ཆོ་མེད་པའི་སྐད་མ་བཤད་རོགས་དྲ་འབུ་ཚོ། སྐར་མ་མིག་དམར་ཐོག་ཆུ་དང་རླུང་དྲོད་གཞན་སྐྱེ་དངོས་གང་ཡོད་མེད་
    སྐོར་ཤེས་མཁན་ཡོད་ན་གསུང་རོགས་གནང། དེ་མེད་རྨོངས་བཤད་ཁོ་ན་མ་བྱས་ན་བཟང།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-02-25 at 11:40 pm

    སྐར་མ་མིག་དམར་ཐོག་ཆུ་དང་རླུང་དྲོད་གང་ཡང་ཡོད་མ་རེད།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-02-25 at 11:44 pm

    ད་དུང་ཟླ་བ་ལྟར་མ་ཡིན་པར། གོ་ལ་དང་བར་ཐག་ཤིནད་ཏུ་རིང་པོ་རེད། དོན་མེད་དང་། མིང་སྐམ་ལ་རེ་མཁན་ཚོའི་སྨྱོ་ལབ་ཙམ་རེད། མི་ཡི་སྲོག་དང་། ཛམ་གླིང་མི་རེར་གྱི་དངུལ་རྫས་འཕྲོ་བརླག་གཏོང་ཙམ་འཆར་རེད་དོ། ཧཧཧཧཧ།། །།

  22. སྤུ་གྲི་རེག་གཅོད། says:
    2015-02-26 at 7:44 am

    ཆུ་རླུང་མེད་པའི་ས་གཞི་ཐོག་ཏུ་སྲོག་ལྡན་ཞིག་གནས་ཐུབ་ཐབས་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme