Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་ཡིག་གི་དཔྱད་ཕྲན།

Posted on 2015-02-232015-02-23 By ཁ་བརྡ་ 5 Comments on ན་ཡིག་གི་དཔྱད་ཕྲན།

བྱ་མདོ་སྐལ་རྒྱམ།

 
དེ་སྔོན་བདག་གིས་དཔེ་བཀླགས་ཟིན་ཐོ་ཞིག་ངོ་དེབ་ཏུ་བཀོད་པ་དེར་དཔྱོད་ལྡན་འགའ་རེས་དང་གླེང་མོལ་བྱུང་སྐབས་སླར་ཡང་གོ་བ་མི་འདྲ་བ་རེ་བསྐྱེད་པས་དེ་རིང་བསྐྱར་ཏུ་བསམ་བློ་གཏོང་དགོས་བྱུང་། དེ་ཡང་ཡོངས་འཛིན་གླིང་རིན་པོ་ཆེའི་རྣམ་ཐར་དུ། ཅོ་ནེ་བླ་མ་རྒྱ་མཚོ་སྤྲིན་གྱིས་པྲ་ཏིའི་སུམ་རྟགས་ཀྱི་ཁྲིད་གསུངས་སྐབས། བསམ་གཏན་དང་བོ་ན་ཐམས་ཅད།།ཅེས་པའི་ན་སྒྲ་དེ་ཉིད་ཡིན་པར་གསུངས་ཤིང་། འབྲས་སྤུངས་ཁྲི་ཆེན་མཆོག་གི་སུམ་རྟགས་དཀའ་གནད་ལས་ཀྱང་།།བསམ་གཏན་དང་བོ་ན་ཐམས་ཅད།།མི་ལྕོགས་མེད་ན་དགའ་མ་གཏོགས།།གཉིས་པ་ན་ནི་རྟོག་མ་གཏོགས།།གཉིས་ན་དེ་གཉིས་མ་གཏོགས་པ།། ཞེས་པའི་ན་སྒྲ་རྣམས་ནི་གཞུང་ཆེན་མོ་ནས་བྱུང་བའི་དེ་ཉིད་ཀྱི་ཕྲད་ཡིན་པར་གསུངས།

འདི་ལ་སྔོན་གྱི་འགྲེལ་མཛད་རྣམས་ཀྱང་མི་མཐུན་པར་སི་ཏུ་པཎ་ཆེན་ནི་སྨྲ་སྒོའི་རྗེས་སུ་འབྲངས་ནས་ན་ལ་གཉིས་དེ་ཉིད་ལ་མི་འཇུག་པར་བཤད་ཀྱང་། ཕྱིས་ཀྱི་འགྲེལ་བ་མང་བོར་དཔེར་བརྗོད་དང་བཅས་བཀོད་དེ་ན་ལ་གཉིས་དེ་ཉིད་ལ་འཇུག་པར་བཤད་པ་ནི་རྩ་བ་རང་གི་དགོངས་པ་ཡིན་ལ། འོ་ན་གོང་གི་མཛོད་རྩའི་ན་སྒྲ་དེ་རྣམས་དེ་ཉིད་ཡིན་ནམ་ཞེ་ན། རྣམ་འགྲེལ་ལས། བརྡ་ཡི་བྱེ་བྲག་རྟོགས་པ་པོའི།།འདོད་པའི་རྗེས་སུ་བྱེད་པའི་གཞི།། ཞེས་པ་ལྟར་རྗོད་བྱེད་ཀྱི་སྒྲ་རྣམས་དངོས་དབང་གིས་འཇུག་པ་མིན་པར་སྨྲ་བ་བོའི་བརྗོད་ཀྱི་དབང་གིས་དོན་དེ་དང་དེ་སྟོན་པར་གསུངས་པ་ལྟར། སྐབས་འགར་ཕྱོགས་གཉིས་ཀར་ཡང་གོ་བ་བླངས་ཆོག་པའི་གཞུང་གི་དོན་ནི་དུ་མ་ཞིག་ཡོད་ལ།
མཁས་པ་སོ་སོའི་རྣམ་དཔྱོད་ཀྱི་འཆར་སྒོ་མ་འདྲ་བའི་དབང་གིས་ཕྱོགས་སོ་སོར་བཀྲལ་ནས་འཐད་སྒྲུབ་ཀྱི་རིགས་ལམ་སྤྲོ་བ་ནི་རྒྱ་བོད་ཀྱི་མཁས་པ་རྣམས་ལ་སྔོན་ནས་དར་བའི་སྲོལ་དུ་ངེས་ཤིང་། མཛོད་རྩ་བར། བསམ་གཏན་དག་ནི་རྣམ་གཉིས་་་་་།། ཞེས་པའི་སྐབས་སུ་བསམ་གཏན་ལ་རྒྱུ་སྙོམས་འཇུག་དང་འབྲས་བུ་སྐྱེས་བའི་བསམ་གཏན་གཉིས་ཡོད་པས། དང་བོ་ནི་གཙོ་བོ་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ལ། གཉིས་པ་ནི། བསམ་གཏན་ས་ནི་གསུམ་པ་ཡིན།། བཞི་བ་ས་ནི་བརྒྱད་པ་ཡིན།། ཞེས་གཟུགས་ཁམས་གནས་རིགས་བཅུ་བདུན་གྱིས་ཕྱེས་པའི་གནས་ལ་བཤད་པ་ཡིན་པས།
ཕྱི་མ་འདི་ལྟར་ན། བསམ་གཏན་དང་བོའི་གནས་ན་བྱང་ཆུབ་ཡན་ལག་དུ་ཡོད་ཅེས་དྲི་བའི་མཚམས་སྦྱར་ནས།དེའི་ལན་སྟོན་པ་ལ། བསམ་གཏན་དང་བོ་ན་སོ་བདུན་པོ་ཐམས་ཅད་ཡོད་དོ།།ཞེས་སྦྱར་རྒྱུ་ཡིན་པས་རྣམ་དབྱེ་བདུན་པ་གནས་གཞི་ལས་འོས་མེད་ལ།

དཔེ་མཚོན་གཞན་ཡང་། འདོད་དང་བསམ་གཏན་དང་བོ་ན།།གཡོ་སྒྱུ་་།། ཞེས་དང་། རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན།། ཞེས་སོགས་ཀྱི་ན་ཡིག་ཀྱང་གནས་གཞི་ཁོ་ན་ཡིན་ནོ།། འོན་ཀྱང་འདི་སྔ་མ་དང་མི་འདྲ་ས་ནི། འདི་ནི་ཁམས་དེ་དང་དེའི་སས་བསྡུས་སུ་གྱུར་པ་ཡོད་མེད་ལ་བཤད་ཅིང་། སྔ་མ་ནི་བསམ་གཏན་དང་བོའི་ངོ་བོར་གྱུར་བའི་བྱང་ཕྱོགས་སོ་བདུན་ཡོད་པ་ལའང་གོ་ཆོག་པས་དེ་ཉིད་དུ་གོ་བ་ལེན་རུང་ཙམ་ཡོད་མོད། གཞུང་ཆེན་མོ་ལ་སྦྱངས་མ་མྱོང་བ་ཞིག་ཡིན་ན་དེ་ཉིད་དུ་འགྲོ་ཚུལ་བློ་ངོར་འཆར་དཀའ་བའི་ཚོད་ཡིན།
ཁང་ཐོག་ཏུ་རྩྭ་སྐྱེས་ཞེས་པའི་སྐྱེས་བྱ་ཚིག་ཡིན་ཡང་ཉན་པ་པོས་ཡོད་པ་ཙམ་གོ་བས་གནས་གཞི་ཡིན་པར་གསུངས་པ་ལྟར། ཐ་སྙད་རྒྱུགས་ཆེ་ཆུང་གི་དབང་གིས་ཁོ་བོས་གོང་གི་ན་སྒྲ་དེ་དག་ཀྱང་གནས་གཞིར་ཁས་ལེན་ནོ།།

དཔྱད་རྩོམ།

Post navigation

Previous Post: བོད་མིའི་ལས་འཆར་བདུན་ལ་རོགས་དངུལ་གནང་རྒྱུ།
Next Post: བགྲེས་པོའི་སྔོན་གླེང་གྱེར་བསྟན་གཡེར་པོ་ཆེ།

Comments (5) on “ན་ཡིག་གི་དཔྱད་ཕྲན།”

  1. གཅན བཟོད་རྒྱམ། says:
    2015-02-24 at 1:00 am

    མཁས་པའི་དབང་པོ་ཨ་ཁུ་དམུ་དགེ་ཚང་གིས་ཀྱང་དེ་ཉིད་སྐོར་དཔེ་ཁྲིད་གནང་སྐབས་དཔེར་བརྗོད་འདི་ལས་ན་ཡིག བསམ་གཏན་དང་བོ་ན་ཐམས་ཅད།།མི་ལྕོགས་མེད་ན་དགའ་མ་གཏོགས།། ན་དེ་དེ་ཉིད་ཡིན་པར་གཞུང་ཆེན་པོའི་དགོངས་པ་ལེན་སྟངས་དང་པྲ་ཏི་དགེ་བཤེས་ཁོང་ནི་གཞུང་ཆེན་མོའི་སྦྱངས་པ་མཐོན་པོར་སླེབས་པའི་མཁས་པ་ཞིག་ཡིན་རབས་སོགས་གསུངས་པ་རྣ་བར་གཤགས་འདུག

  2. ཨ་ར་དཀར་པོ says:
    2015-02-24 at 6:00 am

    འོ་ན་ཁྱོད་ཀྱིས་ན་ལ་གཉིས་མཐའ་གཅིག་ཏུ་དེ་ཉིད་ཀྱི་དོན་ལ་མི་འཇུག་པར་འདོད་པ་ཡིན་ནམ། དགའ་སྐྱིད་ལ་རོལ་བ་དང་བདེ་འཚམ་ངང་ན་རྒྱུ་བའི་ན་ལ་དག་ཀྱང་དེ་ཉིད་དུ་མི་འདོད་དམ། མི་འདོད་ན་མི་འདོད་པའི་རྒྱུ་མཚན་གོ་དོན་དང་སྦྱར་ནས་ཤོད།

  3. བྱ་མདོ་སྐལ་རྒྱམ། says:
    2015-02-24 at 6:08 am

    ངས་ན་ཡིག་དེ་ཉིད་ལ་མི་འཇུག་ཟེར་གི་མེད། གོང་དུ་བཀོད་པའི་དཔེར་བརྗོད་དེ་དག་ཐ་སྙད་གཙོ་རྒྱུགས་ཀྱི་དབང་དུ་བྱས་ན་དེ་ཉིད་ལས་གནས་གཞིར་ཉེ་ཟེར་བ་ཡིན། ཞིབ་ཏུ་ཀློགས།

  4. ཇུས་ཏོག says:
    2015-02-24 at 7:29 am

    ན་ནི་གར་དང་སྣན་པའི་སྒྔ་་།
    ཧ་ཧ་དུས་ཚོདའཕྲོ་ལྷག་མི་གཏོང་ངོ་།།

  5. ནོར་བུ་དབང་ཕྱུག says:
    2016-07-20 at 8:47 am

    རྒྱུ་སྙོམས་འཇུག་གི་བསམ་གཏན་ནི་གཙོ་བོ་ཏིང་ངེ་འཛིན་གྱི་རང་བཞིན་ཡིན། ཞེས་པའི་སྐབས་ གཙོ་བོ་ཞེས་པའི་ཚིག་སྦྱར་བའི་དགོས་པ་གང་ཡོད། བསམ་གཏན་ཐམས་ཅད་ཏིང་ངེ་འཛིན་གྱི་རང་བཞིན་ཡིན་ཟེར་ན་དོན་ལེགས་པར་རྟོགས་ཐུབ་ཀྱི་འདུག ལན་ཞིག་གསུང་གནང་བར་ཞུ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme