Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གནས་དབེན་པར་གནས་ལ་དོ་ཟླ་མེད།

Posted on 2015-02-182015-02-18 By ཁ་བརྡ 2 Comments on གནས་དབེན་པར་གནས་ལ་དོ་ཟླ་མེད།

དཔལ་གློ་བོ་རྒྱལ།

 
གནས་དབེན་པ་ཆོས་ཀྱི་འབྱུང་ཁུངས་ན།།
མི་བཟང་པོའི་གཤིས་ཀ་ཐུལ་ནས་ནི།།
གྲོགས་མེད་པའི་ཁྱེར་ཀྱང་བསམ་པ་བཞིན།།
སྒྲུབ་ཐུབ་པའི་ནུས་པ་ཇེ་མང་རེད།།

ཁྱེད་དྲན་པ་ཉུང་བའི་སྤྱི་ཚོགས་ན།།
སྙན་གཏམ་ལ་མོས་པའི་རྐང་གཉིས་ཚོགས།།
དབང་ནུས་པ་ཡོད་ཀྱང་ཚེ་འདི་ཕྱིར།།
འགྲན་ནུས་པའི་སྙིང་སྟོབས་དོ་ཟླ་མེད།།

གཞན་ཕན་པའི་བློ་གྲོས་མེད་པས་ན།།
མཁས་རློམ་པའི་གཏམ་སྙན་སོགས་ཀྱིས་ཀྱང་།།
ངལ་ཁྱད་བསད་དམངས་དོན་སྒྲུབ་ན་ཡང་།།
ཁྱེད་དབེན་གནས་བཞུགས་ལ་འགྲན་པར་དཀའ།།

དུས་དེང་སང་ཟང་ཟིང་སྤྱི་ཚོགས་ན།།
ཡིད་འཕྲོག་པའི་དངོས་པོ་མང་མོད་ཀྱང་།།
གཞན་དབང་འདོད་ནུས་མེད་སྡུག་བསྔལ་མནར།།
དབེན་རང་དབང་སྐྱིད་ཉལ་དཔེ་ཟླ་མེད།།

གཞན་བདེ་སྐྱིད་ཐོབ་ཕྱིར་བརྩོན་ན་ཡང་།།
རྒྱུ་འབྱུང་ཁུངས་བརྩད་ནས་མ་འཚོལ་ཞིང་།།
མི་དགོས་པའི་སྡུག་བསྔལ་རྒྱུ་དག་གིས།།
ལུས་སེམས་ཉིད་དཀྲུག་དུས་བདེ་རློམ་དང་།།

གནས་དབེན་པར་ས་རྡོའི་ཁང་ཁྱིམ་ན།།
རང་འཚམས་པའི་འཚོ་བ་ངན་ངོན་གྱིས།།
ལུས་འཚོ་ཞིང་བག་ཡོད་ཉམས་ལེན་ལ།།
བརྩོན་བཞིན་པའི་བདེ་ལ་དོ་ཟླ་མེད།།

གཡོ་ཆེ་བའི་དགྲ་དང་གྲོགས་སྣང་གིས།།
རྐྱེན་བར་ཆད་མང་བའི་སྤྱི་ཚོགས་ན།།
སང་ནངས་ཀྱི་བདེ་སྡུག་རིམ་བརྩེགས་ནི།།
དཔྲལ་གཉེར་མ་བཞིན་དུ་ཇེ་མང་དང་།།

གནས་དབེན་པར་དགྲ་གྲོགས་འདུ་ཤེས་མེད།།
ཆོས་བྱེད་ལ་མཐུན་རྐྱེན་རང་ཤུགས་དང་།།
གཏན་བྱང་ཆུབ་ཆེན་པོར་ཐག་ཉེ་དང་།།
སེམས་འགྲོ་ལ་ཕྱོགས་པར་དོ་ཟླ་མེད།།

དེ་ལྟར་བསམ་ནས་སྐད་ཅིག་ཙམ།།
ཆུད་ཟོས་མ་བྱས་ཆོས་ལ་གཞོལ།།
ཕ་མའི་དྲིན་ལས་དེ་ལས་མེད།།
བློ་ཐག་ཆོད་ནས་ཉིན་མཚན་ཉལ།།

སྙན་ངག

Post navigation

Previous Post: བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།
Next Post: གཡང་མོ་ལུག་གི་ལོ་སར་བཟང་།

Comments (2) on “གནས་དབེན་པར་གནས་ལ་དོ་ཟླ་མེད།”

  1. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-02-18 at 3:03 am

    སྔོན་མཁའ་འགྲོ་གསང་ཕུག་སོགས་སུ་མཚམས་དམ་པར་བཞུགས་པའི་སྟ་གོན་མཛད།
    དགེ་སློང་རྣམས་བོས་ཐོས་ཙམ་ཀྱི་ཕུག་པ་རེར་བཞུགས་པའི་དུས་དེ་ལ།
    དེའི་ནུབ་མོར་ཕུའི་གངས་རི་འུར་གནམ་ས་བརྡབས་པ་ལྟར་སྒྲ་སྒྲོགས་ཤིང་།
    གཞན་ལྟ་ཅི་དགེ་སློང་བཞི་པོ་ཡང་མཇལ་ཕྲད་མེད་པར་ཐུགས་དམ་འཕེལ།།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-02-19 at 11:37 pm

    ལུས་དབེན་ངག་དབེན་སེམས་དབེན་གསུམ། །
    ལུས་དབེན་རི་འཁྲོད་ལ་པ་ལ་མཛེས། །
    ངག་དབེན་གཅིག་པུར་འཁྱམས་ལ་ཡོད། །
    སེམས་དབེན་མི་བདེ་ཀུན་ལ་དགོས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme