Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།

Posted on 2015-02-172015-02-17 By ཁ་བརྡ 5 Comments on བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།

གྲུ་ཁེམ།

 

མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་རིག་གནས་དང་། ཆོས་ལུགས། ཡུལ་སྲོལ། འཚོ་བ་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་བྱུང་བ་དཔེར་ན། རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་།

དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་དེ་ནི་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་དེ་ཡིན། ཕྱོགས་མཚུངས་སྐབས་དེར་བོན་ཆོས་དར་ཁྱབ་ཆེ་བས་རིམ་བཞིན་ཕ་མེས་ཀྱི་དུར་ལྷ་གསོལ་བ་དང་། ཕོ་ལྷ། མོ་ལྷ། སྐྱེས་ལྷ། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ་སོགས་གསོལ་བ། དར་ལྕོག་འཛུགས་པ། ལྷ་མཆོད་ཀླུ་མཆོད་བྱེད་པ། དེ་སྔོན་ས་གནས་སྲིད་གཞུང་གི་སྟོན་ཆེན་གཏོང་བའི་སྐབས་ནང་འཛུགས་ཞེས་ར་ལུག་དང་། འབྲི་གཡག་གི་ཤ་བུབས་སྒྲིག་གཤོམ་བྱེད་སྲོལ་ཡོད་པ་དང་། ཁྱིམ་ཚང་སོ་སོས་ལོ་གསར་གཏོང་སྐབས་ལུག་མགོ་སྒྲིག་གཤོམ་བྱེད་པ་སོགས་བོན་གྱི་ལམ་སྲོལ་རྒྱ་ཆེར་དར། དེ་རྗེས་ལོ་གསར་གྱི་དུས་གང་ལ་འཛིན་པའི་གནད་དོན་ནི་འབྱུང་རྩིས་ཀྱི་གཙུག་ལག་ནས་བྱུང་བའི་དཔྱིད་ཟླ་ར་བའི་ཟླ་བར་ལོ་འགོ་འཛིན་པའི་ཚེས་གཅིག

བོད་ཟླ་དང་པོའི་ཚེས་གཅིག་བཅས་གང་རུང་ལ་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད་པ་དེའང་སྔར་བོད་རྗེ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོའི་རྒྱ་རྩིས་རྙིང་མའི་ལུགས་ལ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལོ་འགོ་འཛིན་པ་དང་། དེ་རྗེས་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་གསར་འགོ་འཛིན་པ་ནི་རྒྱ་ནག་གི་སོ་ནམ་ལོ་གསར་དང་དུས་མཉམ།

དེ་ནས་མེ་ཕག་ལོ་སྟེ་སྤྱི་ལོ་༡༢༢༧ལོར་ཧོར་ཇིང་གེར་རྒྱལ་པོས་མི་ཉག་གི་ལག་ནས་རྒྱལ་ས་ཐོབ་པའི་ཟླ་བར་བཀྲ་ཤིས་པའི་དགའ་སྟོན་བྱས་རྗེས་རྒྱ་ནག་གི་ཧོང་ལི་དང་། བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ལུགས་ལྟར་བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས། སྐབས་དེར་ས་སྐྱའི་ལོ་ཐོ་ལྟར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་ཞེས་པའི་སྲོལ་དར་བ་དེ་དག་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པ་ཚང་མས་ལོ་གསར་གཏོང་སྲོལ་ཡོད་པ་སོགས་ཀྱི་འཕེལ་རིམ་བྱུང་ཡོད།

གངས་ལྗོངས་སུ་ལོ་འཁོར་མོ་གཅིག་གི་ནང་དུ་དུས་སྟོན་སྣ་ཚོགས་གཏོང་སྲོལ་ཡོད་པ་ལས་དེ་དག་གི་ནང་ནས་གནམ་ལོ་གསར་དུ་བཞད་པའི་བོད་ཀྱི་ལོ་གསར་ནི་ཆེས་རྒྱས་ཤོས་དང་ཆེས་སྔ་ཤོས་ཤིག་ཡིན་པར་མངོན། ཡིན་ནའང་རྗེས་སུ་ཡུལ་གྲུ་སོ་སོའི་གནམ་གཤིས་དང་ས་བབས་ཆོས་ལུགས། གོམས་སྲོལ་མི་འདྲ་བའི་དབང་གིས་ལོ་གསར་གཏོང་སྲོལ་ཐད་ལ་དུས་སྔ་ཕྱི་རིམ་པ་གསུམ་བཞི་ཙམ་བྱུང་ནས་ཡུལ་ལུང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པ་རེད།

རང་རེའི་ལྗོངས་ཀྱི་ཀོང་པོ་སོགས་ས་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་གསར་གཏོང་བ་དང་། སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་བོད་ཟླ་བཅུ་གཅིག་ལ་ལོ་གསར་གཏོང་བ། དུས་གཙང་གཉིས་ན་ས་གཙང་ཁུལ་གྱི་ས་ཆ་མང་ཆེ་བར་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་སོ་ནམ་ལོ་གསར་གཏོང་བ། དབུས་ཁུལ་ས་ཆ་ཕལ་མོ་ཆེར་བོད་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་པོ་ལོ་གསར་གཏོང་གི་ཡོད་པ་བཅས་ཡིན།

ངོ་སྤྲོད།

Post navigation

Previous Post: སྐུ་རྒྱལ་བོད་ཀྱི་ལོ་གསར།
Next Post: གནས་དབེན་པར་གནས་ལ་དོ་ཟླ་མེད།

Comments (5) on “བོད་ཀྱི་ལོ་གསར་བྱུང་རིམ་ངོ་སྤྲོད།”

  1. རྨུ་ཐག་གི་བུ་རྒྱུད། says:
    2015-02-17 at 11:56 pm

    གྲུ་ཁེམ། ཡུལ་སྲོལ་དང་ཆོས་ལུགས་གཉིས་མ་འདྲེས་པ་ཞིག་དང་། བཤད་ཡམས་ཕྱོགས་རེ་བའི་ནད་ཀྱིས་མ་ཟིན་པ་ཞིག་བྱུང་ན་ཤིན་ཏུ་ལེགས། དེ་མིན་ཁྱི་བརྒྱག་གནམ་ཟུག་ལས་མ་འདས་སོ།

  2. ཁྱུང་སེ། says:
    2015-02-18 at 1:45 am

    ལོ་གསར་ལ་ལུག་མགོ་བཤམ་པ་དེ་ཆོས་ལུགས་ཀྱི་ཡིན་རབས་ཅིག་བཤད་འདུག་དེ་ཡིན་ཚུལ་ཇི་ལྟར་ཡིན་མིན་གྱི་གནའ་རབས་ཀྱི་ལོ་རྒྱུས་ཁུངས་འཕེར་པ་ཡོད་པའི་སྐད་ཆ་ཡིན་ནམ་ཡང་ན་གཞན་ཟེར་གཡམ་རྒྱུགས་ཡིན་མིན་གྱི་རྩོམ་པ་པོས་གསལ་བཤད་ཞིག་ཡོད་ན་བཀའ་དྲིན་ཆེ་དེ་མིན་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཡིན་ཟེར་མཁན་ཚོས་ཁུངས་སྐྱེལ་གང་ཡང་མེད་པར་གཞན་ཟེར་གཡམ་རྒྱུགས་ཀྱིས་བསྐྱར་བཟློས་ཡང་བཟློས་ལས་བཤད་རྒྱུ་མེད་པ་འདི་ཞིབ་འཇུག་པའི་གནས་ཚད་མ་ལོངས་པའི་སྐད་ཆ་ལས་གཞན་གང་ཡང་མ་མཐོང།

  3. ཇུས་ཏོག says:
    2015-02-18 at 2:26 am

    རྩོམ་དེ་ཆ་ཚང་ཀློག་དུས་མ་རག་།
    གདོན་མའི་སྤྱི་ཚོགས་ཀྱི་ལམ་ལུགས་ དོར་མ་ཐབ་པའི་མི་འབོར་མང་པོ་འཛམ་གླིང་འདིའི་ནང་ཡོད་པ་དེ་ཚོ་ལ་
    བསམ་བློ་གཏོང་དགོས་

  4. Lobsang199 says:
    2015-02-19 at 7:22 am

    གནམ་ལོ་གསར་ཚེས། འདིའི་གནམ་ལོ་ཞེས་གོ་དོན་གང་རེད།

  5. ཇུས་ཏོག says:
    2015-02-19 at 7:51 am

    དུད་འགྲོ་ལུག་ལ་གཡང་དཀར་ལུག་ཟེར་བ་ལྟར་གཡང་འགུག་བྱེད་སྐབས་
    མར་གྱི་ལུག་མགོ་བཟོ་བཞིན་པ་ལྟར་ལོ་གསར་ལ་ལུག་མགོ་ཕུད་ལ་བཤམས་
    པ་དེ་དག་གཡང་གི་ཆེད་དུ་ཡིན་སྲིད་།
    གནམ་ནི་ནམ་མཁའ་སྟོང་པ་ལ་གནམ་ཟེར་བ་དང་གནམ་ལོ་གསར་ཚེས་ཟེར་
    དུས་ཉི་ཟླ་གཉིས་དང་གཟའ་བདུན་རྒྱུ་སྐར་ཡོངས་རྫོགས་་གནམ་ནས་ཤར་བ་
    ནས་གནམ་ལོ་གསར་ཚེས་ཟེར་བ་མིན་ནམ་སྙམ་མོ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme