Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤེས་བྱ་རིག་པའི་གཏེར་མཛོད་པདྨ་དཀར་པོ།

Posted on 2015-02-112015-02-11 By ཁ་བརྡ 2 Comments on ཤེས་བྱ་རིག་པའི་གཏེར་མཛོད་པདྨ་དཀར་པོ།

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་ཀ་ར་ཡེ། ཕྱི་ཡུལ་གཟུགས་སོགས་སྣང་བ་ཀུན།། འཁྲུལ་བ་ཡིན་པའི་གནད་ཤེས་ནས།། བདེན་མེད་གཟུང་བའི་རང་བཞིན་ལ།། ཡིད་སྟོན་མེད་པ་ཤེས་པར་མཛོད།། ནང་སེམས་ཚོགས་དྲུག་ཤེས་པ་ཀུན།། སྟོང་བ་ཡིན་པའི་གནད་ཤེས་ནས།། བདེན་གྲུབ་འཛིན་པའི་རང་བཞིན་ལ།། བདག་གཉིས་མེད་པ་གོམས་པར་མཛོད།། ཕྱི་ནང་གཟུང་འཛིན་རྣམ་རྟོག་ཀུན།། སྐད་ཅིག་ཡིན་པའི་གནད་ཤེས་ནས།། གློ་བུར་འཇིག་པའི་རང་བཞིན་ལ།། མི་རྟག་ཡིན་པ་ཤེས་པར་མཛོད།། འབྱུང་འདུས་ལུས་ངག་འདུས་བྱས་ཀུན།། སེམས་ཙམ་ཡིན་པའི་གནད་ཤེས་ནས།། སེམས་ཅན་བདེ་སྡུག་རང་བཞིན་ལ།། ལས་འབྲས་བསླུ་མེད་ཤེས་པར་མཛོད།། སྡུག་བསྔལ་གསུམ་གྱི་ཚོར་བ་ཀུན།། ངེས་འབྱུང་བསྐུལ་མའི་གནད་ཤེས་ནས།། སོ་སོར་ཐར་པའི་རང་བཞིན་ལ།། རྒྱུ་རྐྱེན་འཛོམས་པ་ཤེས་པར་མཛོད།། རང་དོན་ཞེན་པའི་ཆགས་སྡང་ཀུན།། མ་རིག་ཡིན་པའི་གནད་ཤེས་ནས།། གཞན་ཕན་དོན་གཉེར་བྱ་བ་ལ།། སྙིང་པོ་ཡོད་པ་ཤེས་པར་མཛོད།། མ་དག་ལོག་ལྟའི་འཛིན་པ་ཀུན།། དག་སྣང་ཞན་པའི་གནད་ཤེས་ནས།། གསང་སྔགས་དག་པ་རབ་འབྱམས་ལ།། དག་རྫོགས་སྨིན་པ་ཤེས་པར་མཛོད།། བདེ་སྐྱིད་འཁོར་བའི་རྩ་བ་ཀུན།། ཞེན་ཆགས་བདུད་འདྲེའི་གནད་ཤེས་ནས།། བདེ་ཆེན་དོན་གྱི་ཡེ་ཤེས་ལ།། ཕྱག་རྒྱའི་སྦྱོར་བ་ཤེས་པར་མཛོད།། འདུ་འཛི་ཆོས་ཀྱི་འགལ་རྐྱེན་ཀུན།། ཀུན་བཟང་ཆོས་སྐུའི་གནད་ཤེས་ནས།། གང་ཤར་ཆོས་ཉིད་རང་གྲོལ་དུ།། མངོན་སངས་རྒྱས་པ་ཤེས་པར་མཛོད།། སྦྱོར་བ་སེམས་བསྐྱེད་དམ་པ་ཀུན།། དངོས་གཞིའི་བསྐྱེད་རྫོགས་གནད་ཤེས་ནས།། བསྟན་འགྲོར་ཕན་བདེའི་ཕྱིར་ཏུ་བསྔོ།། ཚེ་གཅིག་འཇའ་ལུས་ཐོབ་པར་མཛོད།།

ཅེས་པ་འདི་ཡང་རབ་རྒྱན་མེ་ལུག་ཆོ་འཕྲུལ་ཟླ་བའི་དབང་ཕྱོགས་དགེ་བའི་ཆར་འཕགས་ཡུལ་གཏན་བཞུགས་པའི་མཁྱེན་བརྩེ་ཆོས་སྒྲོན་གྱིས་སྐུལ་ངོར་གང་ཤར་དུ་གོ་བདེའི་ཉམས་ལེན་གྱི་གནད་འགག་རྣམས་ཚིགས་སུ་བཅད་པ་འདི་དག་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཤྲྰིཿཨེ་མ་ཧོས་བྲིས་པར་དགེའོ།། །། ཕྱི་ལོ་༢༠༡༥/ ༢/ ༡༡/་ལ།

སྣ་ཚོགས།

Post navigation

Previous Post: རྨ་ཁ་མེད་པའི་ན་ཟུག
Next Post: དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱི་གསུང་བཤད།

Comments (2) on “ཤེས་བྱ་རིག་པའི་གཏེར་མཛོད་པདྨ་དཀར་པོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-02-11 at 1:06 am

    མཁྱེན་བརྩེ་ཆོས་ཀྱི་སྒྲོན་མ་ལ། །
    དགྱེས་པ་རྡོ་རྗེས་འདི་ལྟར་གདམས། །
    ་
    འབྱུང་འདུས་ལུས་ངག་འདུས་བྱས་ཀུན།།
    སེམས་ཙམ་ཡིན་པའི་གནད་ཤེས་ནས།།
    སེམས་ཅན་བདེ་སྡུག་རང་བཞིན་ལ།།
    ལས་འབྲས་བསླུ་མེད་ཤེས་པར་མཛོད།།
    ་
    སེམས་ཙམ་ཡིན་ན་གཟུགས་ཤེས་གཉིས། །
    ཁྱད་པར་གང་གིས་འབྱེད་ཐུབ་བམ། །

  2. ཇུས་ཏོག says:
    2015-02-11 at 11:08 am

    ཨེ་མ་ཧོ་ངོ་མཚར་ཆེ་བྱུང་།
    རང་སེམས་གསལ་བའི་མེ་ལོང་དང་།
    མཐོང་མཐོང་མང་པོའི་དྲན་པ་གཉིས་།
    འདྲ་འདྲ་འདྲ་ལ་ནོར་ཉེན་ཡོད་།

    ཆོས་བཤད་ཁ་རྩལ་རིག་པ་དང་།
    ལག་ལེན་དོན་ལ་འཇུག་པ་གཉིས་།
    འདྲ་འདྲ་འདྲ་ལ་ནོར་ཉེན་ཡོད་།

    གནས་ལུགས་ངོ་སྤྲོད་བྱེད་མཁན་དང་།
    བྱང་སེམས་གཞན་ལ་ཕན་མཁན་གཉིས་།
    འདྲ་འདྲ་འདྲ་ལ་ནོར་ཉན་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme