Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མཁན་ཆེན་བསོད་ནམས་དོན་གྲུབ་དང་བཀའ་མོལ་ཡིད་ཀྱི་མུན་སེལ།

Posted on 2015-02-072015-02-07 By ཁ་བརྡ 1 Comment on མཁན་ཆེན་བསོད་ནམས་དོན་གྲུབ་དང་བཀའ་མོལ་ཡིད་ཀྱི་མུན་སེལ།

ཨེ་མ་ཧོ།

དེ་རིང་སྔ་མོ་ཡར་ལངས་ནས་ནམ་རྒྱུན་བཞིན་དུ་སྙིང་ཐིག་སྔོན་འགྲོ་དང་བསྟན་བུ་དང་བཟང་སྤྱོད་སོགས་ཁ་ཏོན་བྱས། སྟབས་བདེའི་གློག་ཐབ་ལས་འོ་ཇ་བཀོལ་ཞིང་ཨ་མ་ལ་གསོལ་ཇ་དང་རྩམ་པ་དང་ཤིང་ཐོག་རིགས་རྣམས་ཕུལ་ཞིང་། ཁྱད་པར་དེ་རིང་ནི་བོད་ཟླ་༡༢པའི་ཚེས་༡༨སྟེ། སྔ་འགྱུར་པ་སྡེ་གསུམ་ཀློང་དགུའི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་རབ་འབྱམས་དཔལ་བཟང་པོ་མཆོག་ཉིད་གཟུགས་སྐུའི་དགོངས་པ་ཆོས་དབྱིངས་སུ་གཟིམས་པའི་དུས་ཚེས་ཁྱད་པར་ཅན་ཡིན་པའི་ཕྱིར། དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཀྱི་བཀོད་བསྒྲིག་བཞིན་ཚོགས་གྲལ་དུ་ཞུགས། བླ་སྒྲུབ་དང་ཚོགས་མཆོད་དུ་ཆོས་མཆེད་དམ་པ་གསེར་མདོག་ལྕང་ལོ་འཛིན་པའི་རྣལ་འབྱོར་དང་རྣལ་འབྱོར་མས་བོད་རང་གི་སྐད་ཐོག་ནས་ཀུན་མཁྱེན་བླ་མའི་སྒྲུབ་ཐབས་ཀྱི་དབུ་མཛོད་བྱས། བསྙེན་སྒྲུབ་ཡན་ལག་བཞི་པའི་ཚོགས་སྒྲུབ་མཛད། ཐུན་མཚམས་རྣམས་སུ་ཚང་མས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསོལ་འདེབས་དཔལ་སྤྲུལ་རིན་པོ་ཆེས་གསུངས་པའི་ཚིགས་བཅད།
ཆོས་ཟད་ཀློང་དུ་ཆོས་སྐུའི་དགོངས་པ་བརྙེས།།
འོད་གསལ་དབྱིངས་སུ་ལོངས་སྐུའི་ཞིང་སྣང་གཟིགས།།
གདུལ་བྱའི་སྣང་ངོར་སྤྲུལ་སྐུའི་འགྲོ་དོན་མཛད།།
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་གསོལ་བ་འདེབས།།   ཞེས་དང་།
ཆོས་ཀུན་མཉམ་པ་ཉིད་ཀྱི་གཞི་དབྱིངས་སུ།།
རང་སྣང་སྐུ་གསུམ་རོལ་པའི་རྩལ་རྫོགས་པས།།
སྒྲིབ་བྲལ་གདོད་མའི་མགོན་པོ་ཀློང་ཆེན་པ།།
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།
འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་།།
ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་།།
ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས།།
འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ།།
དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས།།    ཞེས་པ་སོགས་སྨིན་གྲོལ་གླིང་གི་འདོན་སྟངས་ལྟར་ཚོགས་དབྱངས་སུ་གདུང་བས་གྱེར་ཞིང་སྙིང་ནས་གསོལ་བ་འདེབས་ཞིང་ཀུན་མཁྱེན་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་སྒོམ། མཚམས་སུ་བདག་གིས་ཀུན་མཁྱེན་བརྒྱུད་པའི་ཆོས་རྒྱུད་ལ་འཕྲད་པའི་ཕན་ཡོན་དང་སྐལ་བ་བཟང་ཚུལ་བཤད། དབྱིན་རིགས་ཀྱི་དྲི་བ་ཐུང་ཐུང་དག་ལ་ལན་ཅི་ནུས་རེ་བཏབས། དེ་ཡོད་ཀུན་ཀྱིས་དགེ་སྒྲུབ་སྡིག་སྤོང་དང་མོས་གུས་གསོལ་འདེབས་ལ་བརྩོན་ནས་ཚོགས་འཁོར་ལེགས་གྲུབ་བྱུང་། སླར་ཡང་རང་ཤག་ཏུ་འོང་སྟེ་གློག་ཀླད་ཀྱི་དྲ་ཐག་འཐུད་ནས་གནམ་ཀླད་སྒོ་ཕྱེས་པ་དང་བོད་ནང་གི་ཁ་པར་རྒྱུད་ནས་གྲོགས་པོ་རྙིང་བ་ཨ་རིག་རྫ་བའི་བློ་གྲོས་རབ་གསལ་དང་མཁན་པོ་འོད་གསལ་མཐའ་ཡས་ལ་རྨ་ཡུལ་གངས་རིའི་གནས་སྐོར་མཛད་པའི་རྣམ་གླེང་ཙམ་བྱེད་སྐབས་སུ་གློ་བུར་དུ་རྒྱ་ནག་ཏུ་དྲ་ཐག་ཆད་སོང་། བལ་ཡུལ་ནས་གནམ་ཀླད་རྒྱུད་ནས་ཞལ་པར་གནང་སོང་། དེ་ནི་སྒྲུབ་བརྒྱུད་རྒྱལ་བ་འབྲི་གུང་པའི་བསྟན་ལ་བཀའ་དྲིན་འགྲན་ཟླ་དང་བྲལ་བའི་དཔལ་འབྲི་གུང་དཔལ་རིའི་མཁན་ཆེན་དམ་པ་ལ་དྭགས་བསོད་ནམས་དོན་གྲུབ་རེད། ཁོང་ནི་བདག་གི་གྲོགས་པོ་རྙིང་པ་ཡིན་པས་དགའ་དད་དམ་ཚིག་གཙང་མ་ཡིན་པས་བཀའ་མོས་ཞུས།ཁོང་ནི་མདོ་སྔགས་རིག་གནས་བཅས་པར་མཁས་ཤིང་འབྲི་གུང་བཀའ་བརྒྱུད་ཀྱི་མཁན་ཆེན་དང་དཔལ་རིའི་བཤད་གྲྭ་དང་། དཔལ་འབྲི་གུང་དྷརྨྰ་ར་ཛ་སོགས་ཀྱི་སློབ་སྤྱི་ཆེན་མོ་ཡིན་ནའང་སྤྱིར་སྟངས་གྲྭ་རྐྱང་དཀྱུས་མ་ཞིག་གིས་རྣམ་པས་གཞན་ཕན་ཁོ་ན་གཉེར་བ་ལས་ཁ་བཏགས་དང་སྒྲོ་ལོས་བཟོས་པའི་མཁན་སྤྲུལ་དག་དང་གཏན་ནས་མི་འདྲའོ།། ཁྱད་པར་ཤིན་ཏུ་བཙུན་པ་ཆེན་པོ་མཐོ་ལ་སྤྲེལ་ལད་དང་དམའ་ལ་མཐོང་ཆུང་གཏན་ནས་མེད་པར་བཤད་སྒྲུབ་ཁོ་ན་ཐུགས་ལ་འཛིན་ཅིང་གཞན་ལ་སྤེལ་བ་དང་ཁྱད་པར་རྒྱ་གར་ལྷོ་ཕྱོགས་རྣམ་གྲོལ་གླིང་ནས་སློབ་དཔོན་ཆེན་པོ་གདན་འདྲེན་ནས་སློབ་ཁྲིད་འོག་སློབ་གླིང་དེ་ཡང་དཔེ་མི་སྲིད་པའི་ཡག་པོ་ཆགས་འདུག རྒྱ་མཚོ་ཆུ་ཡིས་མི་ངོམས། ཆོས་པ་སྦྱོང་པས་མི་ངོམས། ཞེས་པ་བཞིན། བདག་གིས་བྲིས་པའི་ཤེས་རབ་སྙིང་པོའི་འགྲེལ་བ་དང་།ཐེག་ཆེན་བསྟན་པའི་སྙིང་པོ་དང་།དགོངས་གཅིག་རྩ་བའི་ཐོག་འགྲེལ་བཤད་དགོས་ཚུལ་གསུངས་པ་དེ་རེད་འདུགདམིགས་བསལ་དུ་སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་རིན་པོ་ཆེས་བདག་ལ་ཐུགས་དགྱེས་བརྩེ་ཆེན་པོས་ཕྱག་དཔེ་ཁྲིད་དགོས་ཚུལ་གསུངས་འདུག ལགས་སོ་ངས་ང་འོང་ཆོག་ཞུས། བདག་ལ་མཚོན་ན་སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་དང་བསམ་གཏན་གཉིས་ནི་འབྲི་གུང་༧གྲུབ་དབང་དཔལ་ཆུང་རྣམ་གཉིས་ལས་བརྒྱུད་པའི་བླ་མ་མཚན་ཉིད་དང་ལྡན་པ་ཆོས་པ་ཡང་དག་རེད།རྒྱས་པ་ནི་སྒྲུབ་དཔོན་རིན་པོ་ཆེའི་རྣམ་ཐར་བདག་གིས་བྲིས་པ་དང་དེ་དབྱིན་ཡིག་ཐོག་ལ་ཡོད་པ་དེ་ལ་གཟིགས་རོགས།། ངས་ཟིན་བྲིས་འདི་འབྲི་མཚམས་འདི་ནས་བཞག་གི་ཡིན། ཕྲན་གྱིས་འདིར་འགོད་དགོས་དོན་ནི་ དྲ་ཐོག་ནས་དད་གུས་མེད་པ། གནས་ལུགས་མེད་པ། རྒྱུ་འབྲས་མེད་པ། བརྩི་བཀུར་མེད་པ། མི་གཤིས་མེད་པ། ངོ་ཚ་མེད་པ། ཁྲེལ་གཞུང་མེད་པ། ཕྱི་ཐག་མེད་པ། ཧམ་སེམས་དང་། ཕྲག་དྭོགས་ཆེ་བ་དག་གིས་གནོད་སེམས་འཆང་ནས་བཤད་པ་རྣམས་ལ་རེ་རེ་བཞིན་དུ་རྔོ་མི་ཐོགས་ཀྱང་དྲྭ་ཐོག་ནས་ཁྱབ་སྲིད་ཀྱི་ཉམས་ཚད། གྲུབ་མཐའ་དང་སྒེར་གྱི་ཉམས་ཚད་བླངས་ཏེ་གཡས་ཕྱོགས་ནས་གཡོན་ཕྱོགས་དང། གཡོན་ཕྱོགས་ནས་གཡས་ཕྱོགས་སུ་བསྡུས་ཏེ་ཉམས་ཚད་མང་པོ་ལེན་གྱི་ཡོད་འདུག་པས། ལྷག་བསམ་དང་རྣམ་དཔྱོད་ལྡན་པ་ཚོས་གཟབ་རོགས། ཧ་ཅང་གལ་ཆེ་བས་ཅིས་ཀྱང་གཟབ་གཟབ་རོགས། མཐར་དོན་བསྟན་འཛིན་དམ་པ་དག་གིས་ཐུགས་ཀྱི་བཞེད་དོན་ཡིད་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག་གུ །།

ཅེས་པ་རབ་རྒྱན་མེ་ལུག་ཆོ་འཕྲུལ་ཟླ་བའི་དབང་ཚེས་རྒྱལ་བ་གསུམ་པ་འམ། ཕྱི་ལོ་༢༠༡༥ / ༢ / ༦ ལ་ཤྲྰི་ཨེ་མ་ཧོས།།

སྣ་ཚོགས།

Post navigation

Previous Post: ཏེ་ལོ་རིན་པོ་ཆེ་མཆོག་ལ་བཅར་འདྲི།
Next Post: སྲིད་པའི་དུར་བྱང་ལ་འཁོར་བའི་སྙན་ངག་གི་གདོན་འདྲེ།

Comment (1) on “མཁན་ཆེན་བསོད་ནམས་དོན་གྲུབ་དང་བཀའ་མོལ་ཡིད་ཀྱི་མུན་སེལ།”

  1. ཀླུ་སྨྱོན། says:
    2015-02-08 at 11:59 am

    ཨ་མ་འཁྲིས་སུ་བཞག་ནས་བསྙེན་བཀུར་ཞུ་རྒྱུ་ཡོད་པ་འདི་ཁྱེད་བསྐལ་པ་རེ་བཟང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme