Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་རླུང་ལངས་ན་བོད་ལ་གནོད་ངེས་རེད།

Posted on 2015-02-06 By ཁ་བརྡ 10 Comments on རྒྱ་རླུང་ལངས་ན་བོད་ལ་གནོད་ངེས་རེད།

བསྟན་འཛིན་བཀྲ་ཤིས།

ཁ་སང་ཨ་རིའི་གྲོས་ཚོགས་ཀྱི་ཞོགས་ཇའི་སྨོན་ལམ་སྐབས་སུ་༧གོང་ས་མཆོག་ཆིབས་བསྒྱུར་གནང་པ་དེ་ལ་བོད་མི་མང་པོས་རྒྱལ་ཁ་ཆེན་པོ་ཞིག་ཏུ་བརྩི་བཞིན་འདུག་ཅིང་།  དེ་ལྟར་དགའ་བསུ་ཡང་ཞུ་བཞིན་འདུག  ང་ནི་དེ་ལས་ལྡོག་སྟེ་ཡིད་སྐྱོ་བ་ཚད་མེད་པ་ཞིག་བྱུང་།  གཅིག་ནི་༧གོང་ས་ཆེན་པོའི་དགུང་ནའི་བབ་རེད།  དགུང་ན་མཐོན་པོ་འདི་ལྟ་བུ་ཞིག་ལ་ཕེབས་རུང་། སྨོན་ལམ་འདེབས་པའི་ཚོགས་བཅར་བ་ཞིག་གི་ཚུལ་དུ་ཕེབས་ཏེ་སྐུ་འོ་བརྒྱལ་བཟོས་སོང་དྲན་བསྡད་ཡོད།  དེ་ནས་ཨོ་བྷ་མས་ཁོང་ལ་ “གྲོགས་པོ་ཡག་པོ་”ཞེས་བོས་པ་དེ་རེད།  ཨོ་བྷ་མས་གྲོགས་པོ་ཡིན་གསུངས་པ་དེ་གྲོགས་པོ་ངོ་མ་ཞིག་ཡིན་པའི་ངེས་པ་མེད།  དེ་ནི་ཆབ་སྲིད་པའི་ཚིག་ཅིག་རེད།  ཚིག་དེ་བཤད་ས་དེ་༧གོང་ས་མཆོག་ཡིན་མོད་མཐར་གཏུགས་ན་དེ་ནི་རྒྱ་ནག་ལ་སྨྲས་པའི་ཚིག་ཅིག་རེད།  ད་རྒྱ་ནག་ལ་ཚིག་འདི་བཤད་སྐབས་དེ་བོད་ཀྱི་རྒྱལ་ཁ་ཞིག་ཡིན་ནམ་ཕམ་ཁ་ཞིག་ཡིན་མི་ཤེས་པ་རེད།  འོན་ཀྱང་ཨ་རིའི་ཁེ་ཕན་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།  ཨ་རིའི་ཁེ་ཕན་སྲུང་སྐྱོབ་ཀྱི་ཟློས་གར་དེའི་ནང་སླར་ཡང་༧གོང་ས་མཆོག་འཁྲབ་བཅུག་པ་ནི་སླར་ཡང་ཡིད་མི་སྐྱིད་པའི་དོན་ཞིག་རེད།  ༧གོང་ས་ཆེན་པོའི་སྐུའི་གཟི་བརྗིད་དང་ཆེ་མཐོང་། མཚན་མཐོང་སོགས་གང་ལ་བལྟས་ཀྱང་ཨ་རིའི་གྲོས་ཚོགས་ཀྱི་ཞོགས་ཇའི་སྨོན་ལམ་འདི་འདྲ་ཞིག་ལ་ཕེབས་འོས་པ་དང་དེ་ཡང་གསུང་བཤད་ཀྱི་གོ་སྐབས་ཀྱང་མེད་ནའང་ཕེབས་དགོས་པའི་དོན་ཞིག་ཁྱོན་ནས་མི་འདུག  འདི་དག་ལ་བསམས་ན་༧གོང་ས་མཆོག་འདི་ལྟར་ཕེབས་དགོས་པའི་སྐུ་ངལ་དང་དེའི་གྲུབ་དོན་རྣམས་མི་མཚུངས་པ་ཞིག་རེད་བསམས།  ད་རྒྱ་རླུང་ལངས་པ་དེས་བཙན་བྱོལ་བོད་མི་ལ་ཐད་ཀར་ཕན་གནོད་ཡོད་ཀྱི་མ་རེད།  འོན་ཀྱང་རྐྱེན་དེ་ལ་བརྟེན་ནས་བོད་ནང་གི་བོད་མི་ཚོར་བསུན་གཙེར་མནར་གཅོད་གཏོང་ངེས་རེད།  ད་རྒྱའི་འོག་ནས་དབུ་མའི་ལམ་འདེམས་རྒྱུ་ངོ་མ་ཡིན་ན་རྒྱ་རླུང་ལངས་པའི་ལས་ཀ་འདི་འདྲ་བྱེད་རྒྱུ་མི་འདུག  རྒྱ་རླུང་ལངས་ན་བོད་ལ་གནོད་ངེས་རེད།  དེ་ལས་རྒྱ་ལ་བསྟུན་ན་ཡག་གི་རེད།  ་་་་་

བསམ་ཚུལ།

Post navigation

Previous Post: རེ་སྒུག་གི་ལོ་ཟླའི་ཁྲོད་ནས་ལྷན་ཏུ་འཛོམས་ཤིང་། ཕྱིར་རེབ་གོང་དུ་ཕེབས་པ།
Next Post: ཟམ་གདོང་པཎ་ཆེན་ལ་དྲི་བ།

Comments (10) on “རྒྱ་རླུང་ལངས་ན་བོད་ལ་གནོད་ངེས་རེད།”

  1. ཇུས་ཏོག says:
    2015-02-06 at 11:21 pm

    ཨ་རིའི་ཆབ་སྲིད་ཟློས་གར་འཁྲབས་།
    བོད་མིའི་དེ་ལ་དགའ་བསུ་ཞུས་།
    བོད་འདི་རྒྱ་ཡི་ཁོང་དུ་བཞག་།
    མཁེ་བཟང་ཨ་རྒྱ་གཉིས་ཀྱི་བླངས་།
    ཧ་ཧ་ཧ

  2. ཀརྡོ་གཉེར་ཕྱག་པ་ says:
    2015-02-06 at 11:49 pm

    རྒྱ་རླུང་ལངས་བཅུག་པ་དང་། རྒྱ་ལ་ངོ་རྒོལ་བྱས་པ་དང་། རྒྱ་ཡི་སྐྱོན་རྣམས་ཐེར་འདོན་བྱས་པ་སོགས་ལ་རྟེལ་འབྲེལ་ལྟོས་གྲུབ་ཡོད་པ་བདེན་ན་ཡང་། ད་བར་རང་བཙན་ཕར་བཞག་ནས། དབུས་ལམ་ལ་གཉིས་མོས་གྲོས་མཐུན་མ་བྱུང་བར། རྒྱ་རླུང་ལངས་པ་མ་ཚད། རྒྱ་སྡུག་ཤི་བརྒྱབས་ན་ཁོ་རང་ཚོས་བཟོས་པ་རེད། རང་གིས་བཟོས་པ་ཆང་དེ་རང་གི་ཡང་མ་འཐུང་ན་སུས་འཐུང་ཞེས་པ་དང་མཚུངས་སོ།།

  3. བློ་བཟང་། says:
    2015-02-07 at 12:51 am

    རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རང་རེད། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཆེ་རྒུའི་དབུས་སུ་གོང་ས་མཆོག་ལ་ཆེ་བསྟོད་གུས་བརྩི་ག་འདྲ་ཞིག་ཞུས་སོང་། དེ་ནི་ང་ཚོའི་གཟི་བརྗིད་དང་རྒྱལ་ཁ་རེད།

  4. སྙིང་སྟོབས། says:
    2015-02-07 at 4:03 am

    རྒྱ་མ་དགའ་ནས་ཤི་སོང་ན་འདྲ། ཁྱོད་མ་སྐྱིད་ནས་སྨྱོ་སོང་ན་འདྲ། འདི་ཧ་ཅང་གི་དགའ་འོས་པའི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན་པ་ནི་གཞན་བརྗོད་མི་དགོས་པར་གསར་ལམ་གྲགས་ཅན་བྷི་བྷི་སི་སོགས་འུར་དིར་རི་བཟོས་པ་དེ་ལས་ཤེས་ཐུབ། ད་དྲ་འབུ་ཚོ་ཁ་ཟུངས།

  5. ཨ་ར་དཀར་པོ says:
    2015-02-07 at 5:45 am

    ཧཧཧཧ རྒྱ་རླུང་ལངས་རྒྱུར་སྐྲག་ནས་ནམ་ཡང་ཁུ་སིམ་མེ་འཇིག་རྟེན་འདིའི་སྒང་ལ་བོད་ཟེར་བ་ཞིག་ཡོད་མེད་ཡང་ཧ་མི་གོ་བ་བྱས་ནས་སྡོད་དགོས་པ་ཨེ་རེད། དྲ་འབུ་སྡར་མ།

  6. ཇུས་ཏོག says:
    2015-02-07 at 7:03 am

    རྒྱ་མགོ་མཐོ་དུས་རྒྱ་དང་།
    བོད་མགོ་མཐོ་དུས་བོད་།
    རྒྱ་ལ་སྐྲག་ན་བོད་པ་མིན་།
    མགོ་གཉིས་མང་པོ་འདུག་ག་།
    བོད་མི་ཚོ་ཟབ་ཟབ་བྱ་དགོས་།

  7. ཁྱུང་སེ། says:
    2015-02-07 at 9:00 am

    དབུ་ལམ་ལ་ཞུགས་ན་རྒྱ་རླུང་ལང་དུ་མ་བཅུག་ན་བཟང། དེ་མིན་རྟག་ཆད་གཉིས་ཀྱི་མཐའ་ལ་ལྷུང་ཉེན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བཙན་བྱོལ་སྒྲིག་འཛུགས་དང་དུས་རབས་འདི་ཡི་པཎ་ཌི་ཏ་ཟམ་གདོང་བླ་མས་ཀྱང་རྒྱ་རླུང་ལང་དུ་མ་འཇུག་ངོ་རྒོལ་མ་བྱེད་ཟེར་ནས་ག་ཚོད་བཤད་མེད་དམ།

  8. གནམ says:
    2015-02-07 at 10:01 am

    ལྐུག་པ་འདི་ཚོ་ལ་གཉིད་ཅིག་སད་རྒྱུ་མེད་ནོ་འདི་ཅི་རེད།
    རྒྱ་དགའ་བའི་ཆེད་དུ་བོད་དགོན་ཚང་མ་གཏོར་ཚར་བ་རེད། བླ་གྲྭ་མང་པོ་སྲོག་ཐོག་ལ་བཏང་བ་རེད། འབྱོར་ལྡན་ཚང་མ་འབྱོར་མེད་ལ་བཏང་བ་རེད། འབྱོར་མེད་ཚང་མ་མུག་ཤི་ལ་ཐེབས་པ་རེད། དཔའ་བོ་ཚང་མ་ཕྱི་མ་ལ་བསྐྱལ་བ་རེད། མ་ཚང་མ་ཡུག་སར་བཏང་བ་རེད། བུ་ཚང་མའི་ཀླད་པ་བསྒྱུར་བ་རེད། ཤིང་བཅད་ནས་དགྱ་ལ་ཁུར་བ་རེད། རྡོ་གཏུབ་ནས་དགྱ་ལ་དྲིད་པ་རེད། གསེར་བརྐོས་ནས་དགྱ་ལ་དྲང་བ་རེད།
    ད་དུང་དགྱ་ལ་དགའ་རྒྱུ་མེད་པར་སྡུག་རྒྱུ་ཞིག་ཡོད་ན། ད་བསྟན་འཛིན་བཀྲ་ཤིས་རང་གིས་མགོ་བཅད་ནས་རྒྱ་ལ་དཀར་འདོན་ཞུ་ཡ་ཡིན་ནམ།
    དགྱ་ནག་ཚང་གིས་བོད་པ་ལས་ངན་ཚང་གི་མགོ་གཅོད་མ་ཐུབ་པ་རེད། རྒྱུ་མཚན་འདི་ཁོ་ནས། དགྱ་བོད་གཉིས་ཀྱི་བར་ལ་སྐད་ཆ་ཞིག་བཤད་རྒྱུ་ལྷག་བསྡད་པ་རེད། འདི་འདྲ་ཞིག་བྱུང་མེད་རྒྱུ་ན། བོད་ཀྱི་རྒྱལ་དར་ཞིག་རིག་ཡོད་རྒྱུ་མ་རེད། བོད་ཀྱི་རྒྱལ་གླུ་ཞིག་གོ་ཡོད་རྒྱུ་མ་རེད། བོད་ཡིག་བོད་སྐད་ཀྱང་སྐྱོབས་མི་ཐུབ་པའི་གནས་ན་ཡོད་རྒྱུ་ཡིན་པ་མ་ཤེས་སམ།

    དགྱ་ནག་རླུང་ལངས་བས་མ་ཚད་སྨྱོས་སོང་ན་ཡང་། ང་ཚོ་བོད་པ་འདི། ཨ་རི་དང་ཡོ་རོབ་པའི་ཕྱོགས་ཁ་ལ་འབྱར་བ་དང་། ང་ཚོས་ང་ཚོ་འདི་དག་གི་མི་གྲལ་ལ་འཇོག་ཐུབ་པ་བྱེད་དགོས་བ་རེད། སྐད་གཏང་དུས་འགྲོ་དགོས་བ་རེད། རོགས་དགོས་དུས་སློང་དགོས་བ་རེད། ད་ལྟའི་དགྱ་ནག་འདི་འཐོར་དགོས་བ་རེད། འཐོར་མ་ཐུབ་པར་བསྡད་པ་ཡིན་ན། བོད་པོས་དགྱ་ནག་ལ་སྤྲེད་ལད་ག་ཚོད་འཁྲབ་པ་ཡིན་ན་ཡང་། ང་ཚོ་ལ་ཕན་ཐོག་འབྲུ་རྡོག་ཙམ་ཡང་ཡོད་རྒྱུ་མ་རེད།

    དགྱ་ནག་རྒྱལ་གྲལ་ལ་འགྲིམ་དགོས་ན། བོད་ཀྱི་གནད་དོན་འདི། ཇེ་ཡག་དང་ཇེ་བཟང་ལ་གཏོང་དགོས་བ་ལས། ལྐུག་པའི་ཁོང་ཁྲོ་འཕེར་ན། དགྱ་མི་འདི་ཚོ། འཛམ་གླིང་གི་མིག་ནང་ན། དུད་འགྲོ་ཞིག་གི་སྒང་ཙམ་ལས་མཐོང་རྒྱུ་མ་རེད། འདི་ལྟ་ཚུལ་སྐྱིད་པོ་རེད། འདིས་དགྱ་ནག་གི་མི་མང་གིས། རང་ཐོག་ལ་སྡུག་གི་ཁུར་བོ་ཞིག་ཁུར་བཞིན་པ་ཞུ་མ་དགོས་བ་རེད། འཛམ་གླིང་ལ་མིག་དཔེ་འཇོག་མི་ཐུབ་པས་སོ།

  9. འཇམ་གཅེས། says:
    2015-02-07 at 12:52 pm

    འབྲི་རྒྱུ་མ་རག་ནས་བྲིས་པ་འདྲ་འདུག་་

  10. ཇུས་ཏོག says:
    2015-02-07 at 11:29 pm

    རྒྱ་རླུང་ལང་མམ་བཅུག་ངོ་རྒོལ་མ་བྱེད་ཟེར་མཁན་ཡོད་ན་བོད་མི་དེ་ཚོ་ལ་རྒལ་ཚིག་མེད་པའི་རྟགས་རེད་ཁྲག་རྩ་མེད་པའི་རྟགས་རེད་། ས་ཡ་གཉིས་ཀྱི་སྲོག་ལན་མི་དགོས་སམ་། དགོན་པ་དྲུག་སྟོང་གཏོར་བའི་རིན་པ་མི་དགོས་སམ།
    རྒྱ་གར་དུ་ག་རེ་བྱེད་དུ་ཡོང་བ་རེད་། རྒྱ་དཀྲགས་ནས་བྲོས་ཡོང་བ་རེད་དམ་བོད་དོན་བརྩོད་དུ་འདིར་ཡོང་བ་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme