Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤྲཱིའི་རང་གཤིས་དྲང་སྲོང་ཉི་མའི་བདེན་ཚིག

Posted on 2015-02-032015-02-03 By ཁ་བརྡ་ 11 Comments on ཤྲཱིའི་རང་གཤིས་དྲང་སྲོང་ཉི་མའི་བདེན་ཚིག

ཨེ་མ་ཧོ།

 
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།།

དེ་ཡང་དེ་རིང་ང་ལ་མཚོན་ན་གོ་སྐབས་ཡག་པོ་དང་གང་དགོས་ཐོབ་པའི་ཉི་མ་ཞིག་ལགས་སོ། གང་ཡིན་ན་བདག་གིས་ལོ་མང་རིང་ནུབ་ཕྱོགས་པ་རྣམས་ལ་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ནས་ཡེ་ཤེས་བླ་མའི་བར་མཐོང་བ་བརྒྱུད་པའི་ཕྱག་བཞེས་བཞིན་བཤད་ཁྲིད་ཅི་ནུས་དག་ཆོས་པ་ཡག་དག་རྣམས་ལ་བྱས་ནས་སྐྱེས་བུ་གང་ཟག་ཁྱད་པར་ཅན་འགའ་ལ་ཕན་ཐོག་ཆེན་པོ་བྱུང་ནས་ལས་སྨོན་གྱི་བླ་སློབ་ཀྱི་རྟེན་འབྲེལ་འཛོམས་པས་བདེ་འཚམས་བྱུང་ངོ་།།
དམིགས་བསལ་གྱི་རྒྱལ་ཟླའི་ཡར་ཚེས་བཅོ་ལྔ་འདི་ལ་ཆོས་གྲོགས་འགའ་ཞིག་མཉམ་དུ་ཚོགས་འཁོར་མདོར་བསྡུས་ཞིག་ཛྙྰ་ན་གུ་རུའི་ལྷ་ཁང་དུ་འཚོགས་པ་ཡིན། ལྷ་ཁང་འདི་ནི་རང་གིས་ཨ་མའི་སྒོམ་ཁང་དུ་ང་རང་གིས་དཀའ་ལས་རྒྱབ་ནས་བཞེངས་པ་ཞིག་ཡིན། དེའི་ནང་དུ་མི་བཅུ་དྲུག་གི་ལྷག་འཚོགས་ས་མེད་པས་དེ་རིང་ང་ཚོས་མགྲོན་པོ་གལ་ཆེན་པོ་ལོ་ལྔའི་བར་ཆོས་ལམ་ལ་བརྩོན་པའི་སློབ་མ་བཅུ་དང་། ཐག་རིང་པོ་ནས་ཕེབས་པའི་མགྲོན་པོ་གལ་ཆེན་གསུམ་རྒྱལ་ཁབ་གཞན་དག་ནས་ཕེབས་པ་དང་། ངེད་མ་བུ་གཉིས་བཅས་མི་བཅོ་ལྔས་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཚིག་བདུན་གསོལ་འདེབས་དང་འགྲེལ་བའི་ཚོགས་འཁོར་བསྐོར་བ་དང་ཁང་ཆུང་དེ་འོད་ཀྱིས་ཁྱབ་པ་དང་། དྲི་བཟང་ཐུལ་ཞིང་ཕྱི་རོལ་ན་ཁ་བ་བབས་ཞིང་འཇའ་གུར་ཤར་བ་སོགས་བྱུང་།

དད་གུས་ཅན་གྱི་སློབ་མ་འགའ་རེས་སྤྱན་མཆི་མས་གང་ནས་གསོལ་འདེབས་སྨོན་ལམ་དང་། གཞན་ཡང་དད་འདུན་ཚད་མེད་ཅན་རྣམས་པས་སྔ་འགྱུར་ཀུན་མཁྱེན་བརྒྱུད་པའི་བླ་མས་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པའི་སྨོན་ལམ་འདེབས་པ་དང་ཚོགས་བསགས་ལ་འབད། འགའ་རེས་སོ་སོས་རྟོགས་འབུལ་སོགས་བགྲོ་གླེང་དགའ་སྤྲོའི་ངང་ལེགས་མཛད་གནང་ངོ་། དོ་སྣང་དགོས་པ་ཞིག་ལ་ཨ་རི་ནས་ཕེབས་པའི་དཔལ་ཏྲིཀ་ཅེས་པས་བདག་ལ་དགོན་པ་བཞེང་འཆར་ཡོད་གསུང་པ་དང་། རྗེ་ནེ་ཧྥེར་ཞེས་པས་ལུས་སྲོག་ལ་མི་ལྟོས་པར་བོད་དོན་སྒྲུབ་ཆོག་གསུངས་པ་དང་། རྗོན་ཧོང་གིས་ཡེ་ཤེས་བླ་མ་དུས་འཁོར་གཏེར་གསར་ཉམས་སུ་བླངས་ནས་ཚེ་འདིར་རྣམ་པར་གྲོལ་ཨེ་ཐུབ་ལྟ་རྒྱུ་ཡིན་གསུངས་པ་དེ་དག་རེད།

དང་པོ་དཔལ་ཏྲིག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཡིན་ན་ཡང་ང་ལ་དགོན་པ་བཞེང་མི་དགོས། དངུལ་འབོལ་ཆེན་དེ་འདྲ་གནང་རྒྱུ་ཡོད་ན་ངས་དགེ་བཤེས་ཤེས་ཡོན་ཅན་ལ་གཏོང་སྒོའི་རོགས་རམ་དང་། ཤེས་ཡོན་ཅན་ལ་སློབ་ཡོན་གསོ་སྐྱོང་། ངའི་དྭ་ཕྲུག་དང་རྒན་གསོའི་འཐེབ་རྩ། ཁྱད་པར་ཤེས་ཡོན་ཅན་མང་པོ་ཞིག་འཚོ་བས་འཕོང་ཤིང་དུས་ཚོད་འཕྲོག་བརླག་ཏུ་འགྲོ་བ་དག་ལ་གནང་རོགས། ང་ལ་དགོན་པ་མི་དགོས་ཞུས་པ་དེ་ཡིན་ནོ།།

གཉིས་པ་རྗེ་ནི་ཧྥེར་ལ་བོད་དོན་ལ་ལུས་སྲོག་གཏོང་གསུང་པ་དགའ་སོང་ཡང་། བོད་དོན་ཟེར་བ་དེ་སྐད་འབོད་ཙམ་དང་རྔམ་སྟོན་ཁྲོམ་སྐོར་གྱིས་ནུས་པ་གང་ཡང་མི་ཐོན་པ་རེད། ལྷག་བསམ་རྣམ་དག་ཡོད་ན་མཆོག་གིས་བོད་ཀྱི་སྐད་ཡིག་བྱང་ཆུབ་པ་གནང་རོགས། དེས་དབྱིན་ཇིའི་སློབ་ཆེན་ཁག་ཏུ་བོད་ཀྱི་སྐད་ཡིག་གི་སློབ་གྲྭའི་འཛིན་གྲྭ་ཡོད་པ་གནང་ཐུབ་ན་ཤིན་ཏུ་བཟང་བོད་དོན་ངོ་མ་དེ་ཡིན་ནོ། དབྱིན་ཇི་ལོ་ཙྰ་བ་ཤེས་རབ་བཟང་པོ་ནང་བཞིན་གནང་ན་དེ་བོད་དོན་ཡིན། དེ་མིན་རྒྱུ་མཚན་མི་ཤེས་པར་འུར་སྒྲོག་བྱེད་པ་རང་བསྲེག་བྱེད་པ་དག་ལ་ང་དགའ་བོ་གཏན་ནས་མེད་པས་བོད་དོན་ཆོས་བཞིན་སྤྱོད་ན་ཡི་རང་ལས་གཞན་དགག་སྒྲུབ་གང་ཡང་མེད་པར་སོ་སོའི་འདོད་མོས་ལས་ངའི་ཆེད་དུ་དེ་འདྲ་དག་གཏན་ནས་གནང་མི་དགོས་ཞུས་པ་ཡིན།

གསུམ་པ་རྗོན་ཧོང་ཁྱེད་ལ་རེ་བ་ཡོད་ལ་ངའི་བསམ་པ་དང་ང་ལ་དགོས་པའི་ཆོས་པ་ཞིག་གི་སྐད་ཆ་ཡིན་པས་སྙིང་ནས་བཀའ་དྲིན་ཆེ་ཞུ། ང་ལ་ཡང་བླ་མ་བརྒྱུད་པའི་བྱིན་རླབས་དང་། ཁྲིད་རྒྱུན་ནི་བརྒྱུད་པ་གསུམ་ལྡན་གྱི་སྨིན་གྲོལ་ཐོབ་པའི་ཆོས་རྒྱུད་འདི་ལ་ཐར་བ་ཐོབ་པ་ཡང་གྲངས་ཀྱི་མི་ཆོད་པ་བྱུང་མྱོང་ལ་ཁྱེད་རྣམ་པས་ཆོས་རྣལ་མ་ཞིག་སྒྲུབ་གནང་ན་དགོས་པ་དང་། བླ་མ་ལ་སྒྲུབ་པའི་མཆོད་པ་དེ་ཡིན་པས་འདི་ལས་ལྷག་ཅིག་ཆོས་བྱ་བ་གཞན་སྒྲུབ་ཐབས་མེད། ཁྱད་པར་དཔལ་གླིང་དུས་འཁོར་གཏེར་གསར་འདི་གཞན་དང་མ་འདྲིས་པའི་ཁྱད་ཆོས་བདུན་ཡོད་པས་དེ་ལུགས་ཐུགས་ལ་བཟུང་ནས་ཉམས་ལེན་གནང་རོགས། བཀའ་དྲིན་ཆེ། ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་བཅས་སོ་སོའི་གནས་སུ་གཤེགས་སོ།།

ངས་གསར་འགྱུར་འདི་བཀོད་དགོས་པ་ནི་འུ་ཅག་བོད་པ་ཚང་འདི་ཤེས་ཡོན་ཅན་དག ཕྱུག་བདག་གཞན་གྱིས་བེད་སྤྱོད་ཙམ་དུ་བལྟ་བ་དང་དཀའ་སྤྱོད་ཅན་ལ་དོ་སྣང་མི་དགོས་པར་ཁྲི་དང་གདུགས་ལ་རེ་བའི་ལས་མེད་དག་གིས་རྒྱལ་རབས་ལོ་རྒྱུས་ནག་བསུབས་གཏོང་མཁན་ཉུང་ཉུང་མིན་པ་དང་། མུ་འཐུད་ནས་གྲུབ་མཐའ་དང་ཆོས་ལུགས་དག་གིས་དཔལ་འབྱོར་འདུ་འགོད་དང་བརྙན་འཕྲུལ་གྱི་མིག་འཕྲུལ་ངན་པ་ལས་ཕྱོགས་ཞེན་སྡུག་པའི་ཁྲབ་སྟོན་ཙམ་ལས་བསྟན་པ་བཤད་སྒྲུབ་ཕྲིན་ལས་མཛད་པ་བོད་ནང་གི་བླ་རུང་ཆོས་སྒར་ལྟ་བུ་དང་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ལས་བོད་ཕྱི་ནང་གི་མཁན་སྤྲུལ་དགེ་བཤེས་སྐྱབས་རྗེ་སྐྱབས་མགོན་ཟེར་བ་ཕལ་ཆེ་བས་སོ་སོའི་སྒེར་དོན་དུ་དགོན་པ་བཞེང་པ་དང་། བོད་དོན་ཁ་ལ་ཁྱེར་ནས་རང་དོན་སྒྲུབ་པ་ཉུང་ཉུང་མིན་པ་ལ་བསམ་ནས་སྙིང་ཁམས་སུན་པ་སྐྱེས་ནས་རང་གི་རང་བཞིན་བདེན་གཏམ་དུ་བྱས་པ་ཡིན། རང་ངོས་ནས་འདི་དག་བྱས་ཡོད་ཅེས་པའི་ངོམ་ཆོས་དང་རོགས་དན་བྱེད་ས་དག་གི་མིང་དང་ས་གནས་དག་འདི་ནས་སྤྲོས་པ་མིན་པས་དགོངས་འགལ་མེད་པར་མཁྱེན་ནོ།།

ང་ཚོའི་བོད་རང་གི་ལག་ཤེས་བཟོ་རིག་དང་སྨན་རྩིས་སོགས་ལ་དོ་སྣང་ཆུང་དུ་སོང་ནས ནམ་རྒྱུན་དུ་གཞན་ཞིག་གི་ཡོང་སྒོ་ལ་ཁ་ལག་བཟེད་བསྡད་ན་ཡར་རྒྱས་མེད་པ་མ་ཟད། གང་ཟག་སྒེར་པ་ཚོས་ཐོབ་དང་གོ་ས་བཟུང་ནས་བོད་ཡུལ་བརླགས་པ་ནི་རྒྱལ་རབས་ལོ་རྒྱུས་དང་། ད་ཡོད་ཀྱི་བདེན་པའི་སྒྲུང་གཏམ། ལྟ་གྲུབ་ཆོས་ལུགས་སོགས་ལ་གཟིགས་ལ་ཤིན་ཏུ་གསལ། དེ་དག་གི་དམིགས་ཡུལ་གང་རེད་ཟེར་ན་སོ་སོར་དཔོན་པོ་བྱེད་རྒྱུད་དང་རང་དོན་རྐུབ་སྟེགས་སྟེང་ནས་བསྡད་རྒྱུ་ཙམ་གྱིས་སོ་སོའི་རང་གཅེས་འཛིན་སྒྲུབ་པ་ལས་སོ་སོ་དངོས་སུ་ལས་ཀ་ལ་ཞུགས་པ་དང་། གཞན་ཕན་ཕྱོགས་ལ་དངོས་སུ་བྱ་བ་བྱེད་པ་དག་ནི་བོད་ལ་དཀོན་པོ་དང་། ཁྱད་པར་ཁྲི་གདུགས་ཆེན་པོ་དང་མཐོན་པོའི་སྒང་ནས་ཧམ་སེམས་དང་། ལོག་བཤད་མང་བ་དག་གིས་མཐུན་སྒྲིལ་ལ་གནོད་པ་ལས། དམ་པའི་ཆོས་བཞིན་སྤྱོད་པས་བོད་ལ་ཕན་བདེ་འབྱུང་བ་ལས་གནོད་པ་སོང་བ་ཞིག་གཏན་ནས་མེད་དོ།

ཆོས་པ་རྣམ་དག་གིས་བསྟན་སྲིད་ལ་ཕན་པ་ནི། དཔེར་ན་གུ་རུའི་བྱིན་རླབས་ཀྱི་སྒྲུབ་ཕུག་དང་མི་ལའི་བྲག་ཕུག ཙོང་ཁ་པའི་ཕྱག་གདན་བཀའ་གདམས་པའི་དགེ་བཤེས་མཚན་ཉིད་པའི་རྣམ་ཐར་ལ་གཟིགས་ན་ཤིན་ཏུ་གསལ། དེས་ན་མཐོ་ས་ནས་མར་བབས་ཏེ་ལས་ཀ་བྱེད་རྒྱུའི་རྟུལ་ཕོད་མེད་པ་དང་། དེ་དག་ལ་དགའ་མོས་ཀྱང་མེད་པར་སོ་སོ་ཆེན་པོ་མཐོན་པོ་ཞིག་གི་སྒང་ནས་འདུག་འདོད་ཡོད་མཁན་གྱི་ཧམ་སེམས་ཅན་དག་ཡིན་པས་བཟང་ངན་ཤེས་པ་དག་གིས་ངེས་པར་གཟབ་དགོས་སོ།།

མཐར་དོན་ངས་བཤད་ན་འདོད་པ་ནི་ང་ཚོ་བོད་སྤྱི་ཚོགས་ཀྱིས་ཤེས་ཡོན་ཅན་དག་ལ་བདག་སྐྱོང་ཡག་པོ་ཞིག་ངེས་པར་རྒྱབ་དགོས་པ་དང་བརྩི་ཐང་གནང་ནས་བཟང་ངན་ཤེས་དགོས། མི་གཞན་ལ་ཡང་རྣམ་དཔྱོད་ལྡན་པས་ཕན་འདོགས་གནང་དགོས་པ་བོད་མི་ལས་འགན་ངོ་མ་རེད། བོད་པའི་གཞོན་སྐྱེས་ཚོས་ཀྱང་སྲིད་སྐྱོང་སེངྒེས་བཀའ་དགོངས་བཞིན་དུ་འབད་བརྩོན་བྱེད། ཁྱད་པར་དགེ་རྒན་རྣམ་པ་དང་སྤྱི་ཚོགས་ནང་གི་བཙན་བྱོལ་བོད་གཞུང་དང་ཆབ་སྲིད་མི་སྣ་དག་གིས་ཀྱང་སྔོན་མ་ནས་ལམ་ཁ་ནོར་བ་ཞིག་ལ་བསྐྱོད་བཞིན་པ་ནི་ཆེ་མཐོའི་འགྲན་བསྡུར་གྱིས་བོད་ནང་འཁོར་དུ་ཆོས་ལུགས་ཆོལ་ཁ་ཕྱོགས་འཐེན་གྱི་སྤྱི་ཚོགས་འདི་དྲང་ལམ་ཞིག་སྟོན་རྒྱུ་ཧ་ཅང་གི་གལ་ཆེན་པའི་དོན་དག་ཏུ་མཐོང་ངོ་།
རང་ངོས་ནས་དྲིན་ཆེན་ཨ་མའི་ཕྱག་གཡོག་དང་གྲོགས་ཀྱི་རིགས་ལ་ཕན་ཐོག་ཅི་ནུས་ལས་གནོད་པ་སྣ་གཅིག་སྐྱལ་མྱོང་མེད་པ་དང་། ལོག་འཚོ་མེད་པའི་ཆོས་སྦྱིན་དུ་རང་གིས་ཅི་ནུས་ཀྱིས་རྒྱུ་འབྲས་མན་ངག་བདུན་ལྡན་རང་རྩ་ནས་སྒྲུབ་བཞིན་པ་དེས་དེ་རིང་གི་གསར་འགྱུར་འདི་བརྒྱུད་ནས་སྐད་ཆ་དེ་བོད་རིགས་ཕྱུག་པོ་དང་མགོ་གཙོ་དང་བླ་ཆེན་དག་རང་དོན་ཁོ་ནའི་གཞན་དབང་དུ་སོང་བ་དག་ལ་བརྡ་སྐད་ཙམ་དུ་ངས་རང་གཤིས་དྲང་སྲོང་ཉི་མའི་བདེན་ཚིག་ཉིད་འཕྲིན་ཕྲིན་དུ་སྤྲིངས་པ་ལགས་སོ།།

མཁྱེན་པའི་ལྷ་ལམ་མི་ཟད་གཏེར་ལ་དབང་།།
བྱམས་བརྩེའི་དུང་ཟླ་ཡར་ངོའི་དཔལ་དུ་ཤར།།
ཐབས་ཤེས་ཀུན་ཕན་མེས་པོའི་རྒྱུད་འཛིན་ཞིང་།།
ཕན་བདེའི་ཕྲིན་ལས་འགྲོ་ཀུན་འདྲེན་ནུས་ཤོག།

ཅེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་ཉ་ལ་དཔལ་ལྡན་མཁས་གྲུབ་ཀྱི་འདོད་པ་བཞིན་དུ་དབྱིན་་ཡུལ་ཛྙྰ་ན་གུ་རུའི་ལྷ་ཁང་ནས་ཨེ་མ་ཧོས་ཉིན་ཐོའི་བོད་ཡིག་ཟིན་བྲིས་སུ་བཀོད་པ་དོན་དང་ལྡན་པ་གྱུར་ཅིག་གུ།། །།

སྣ་ཚོགས།

Post navigation

Previous Post: ཐར་བར་སྙེག་པ།
Next Post: མང་ཡུལ་བདེ་སྐྱིད་ལབ་བསྟོད་དུས་ཆེན་གྱི་ལེ་ཚན་གཅེས་བསྡུས།

Comments (11) on “ཤྲཱིའི་རང་གཤིས་དྲང་སྲོང་ཉི་མའི་བདེན་ཚིག”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-02-04 at 12:30 am

    ་་་་་ངེད་མ་བུ་གཉིས་བཅས་མི་བཅོ་ལྔས་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ཚིག་བདུན་གསོལ་འདེབས་དང་འགྲེལ་བའི་ཚོགས་འཁོར་བསྐོར་བ་དང་ཁང་ཆུང་དེ་འོད་ཀྱིས་ཁྱབ་པ་དང་། དྲི་བཟང་ཐུལ་ཞིང་ཕྱི་རོལ་ན་ཁ་བ་བབས་ཞིང་འཇའ་གུར་ཤར་བ་སོགས་བྱུང་། ་་་་བ་ལ་མངོན་པར་བསྟོད།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-02-04 at 12:37 am

    ཨེ་མ་ཧོས་ཀྱང་སྲིད་སྐྱོང་བློ་སེང་ལ་རྒྱབ་སྐྱོར་བྱས་པ་བཟང་ངོ་།།

  3. ཇུས་ཏོག says:
    2015-02-04 at 12:39 am

    དགབ་བ་སྒོམ་རྗེས་སུ་ཡིད་རང་ཡོད་།

  4. སྤོབས་པ་མཐའ་ཡས། says:
    2015-02-04 at 1:02 am

    རིན་པོ་ཆེ་ལགས། ཁྱེད་ཀྱིས་སློབ་མ་ལ་དགོན་པ་བཞེངས་མི་དགོས་གསུངས་པ་དེ་ཡག་འདུག དེང་སང་དགོན་པ་བཞེངས་མཁན་མང་མ་དྲགས་ན་ཡང་ཉུང་མ་དྲགས་པ་རེད་འདུག ཡིན་ན་ཡང་། དགེ་བཤེས་གཏོང་སྒོ་ལ་འབུལ་དགོས་གསུངས་པ་དེ་འགྲིགས་མི་འདུག དགེ་བཤེས་ཟེར་བ་དེ་བསླབ་པ་གསུམ་གྱི་ཡོན་ཏན་ལྡན་མིན་གྱིས་ཚད་འཛིན་དགོས་པ་མ་གཏོགས་རྒྱུ་ནོར་ཕོན་ཆེན་གྱིས་གཏོང་སྒོ་བྱེད་དགོས་པ་དེ་དགོན་པ་ཚོའི་ཟ་འདོད་འཆའ་འདོད་ཧ་ཅང་སྡུག་པོ་ཞིག་རེད། གཞན་རྣམས་ལ་ནི་བསམ་ཚུལ་མདིགས་བསལ་བ་ཞུ་རྒྱུ་མེད།

  5. ཇུས་ཏོག says:
    2015-02-04 at 1:11 am

    སྤོབས་པ་མཐའ་ཡས་ཀྱ་ི་ག་རེ་བཤད་ཀྱི་་ཡོད་རེད་ཤེས་ཀྱི་མེད་ན་དྲ་རྒྒའི་ནང་
    ཚང་ག་མ་རྒྱག་།

  6. ཇུས་ཏོག says:
    2015-02-04 at 4:13 am

    ཆོས་ལུགས་ཀྱི་སེངྒ་ལས་ཆོལ་ཁའི་སེངྒ་ག་པར་་ཕྱིན་རེད་།
    སེངྒ་མེད་པའི་སེངྒ་།
    དམྱལ་ཁམས་སླེབས་དུས་སེངྒ་།
    རྒྱ་མི་ཐུག་དུས་སེངྒ་།
    སེངྒ་རེད་དམ་རྩི་རྩི་རེད་།

    མགོ་ལ་འབར་བ་ཀབ་ནས་བྲོས་།

  7. དུད་འགྲོ་ says:
    2015-02-04 at 5:03 am

    བདེན་བདེན་་ཨེ་མ་ཧོ་་བདེན་་་བོད་དོན་འདི་་རྒྱུན་རིང་གནས་དགོས་ན་་ཤེས་བྱ་ཡོན་ཏན་ཐོག་ཤུགས་རྒྱག་ཡ་དེ་གལ་ཆེ་

  8. ཇུས་ཏོག says:
    2015-02-04 at 6:08 am

    ཤེས་བྱ་ཡོན་ཏན་མེད་ནས་བོད་ཤོར་བ་མ་རེད་།
    ཏ་ཡང་དང་ཌོ་ལར་ཡུ་རོ་དང་མཛེས་མ་་།
    རྒྱ་མོ་དང་དབྱིན་མོ་འབྲུག་མོ་སོགས་ལ་མགོ་འཁོར་ནས་བོད་ཤོར་བ་རེད་ད་།
    བོད་སྐྱལ་བ་རེད་།
    རིག་གཞུང་རྩོང་པ་རེད་།
    རང་གི་ཁང་པ་རྒྱ་མི་ལ་བཙོང་།
    རིན་པ་ཏ་ཡང་ཨ་རི་ལ་བཏང་།
    ས་ཆ་ཉོས་ཁང་་པ་རྒྱབ་།
    ག་རེ་ཤེས་བྱ་ཡོན་ཏན་།
    ལྷག་བསམ་དགོས་རེད་།
    དྲང་བདེན་དགོས་རེད་།

  9. ཁྱུང་སེ། says:
    2015-02-04 at 6:30 am

    འབྲི་གུང་དང་དྷ་སའི་ཀརྨ་གཉིས་ལ་འཕྲག་དོག་ཟ་ན་སྡུག་གྱོང་རེད། ལོ་ད་ངུ་མ་འདུག་དག་སྣང་སྦྱོང་

  10. གནམ says:
    2015-02-04 at 7:55 am

    ༼ཚོགས་འཁོར་བསྐོར་བ་དང་ཁང་ཆུང་དེ་(འོད་ཀྱིས་ཁྱབ་)པ་དང་། (དྲི་བཟང་ཐུལ)་ཞིང་ཕྱི་རོལ་ན་ཁ་བ་བབས་ཞིང་(འཇའ་གུར་ཤར་བ)་སོགས་བྱུང་།༽
    ཁྱི་རྫུན་བཤད་པ་མིན་ན། གཟུགས་བརྙན་ལ་བཀོད་དགོས་ཞིག་ཡིན་པས། ད་ལྟའི་དུས་ལ་མི་སུ་ཞིག་ཡིན་ན་ཡང་། དེ་འདྲ་དཔར་ལ་འདེབས་ཐུབ་པའི་མཐུན་སྤྱད་ཡོད་པས། གང་མྱུར་གྱིས་གཟུགས་ཐོག་ལ་འགོད་རྒྱུ་མེད་ན། དུད་ནག་གིས་འཕྲུལ་དུ་བཅུག་པའི་རྣམ་རྟོག་རྫུན་མ་ནི་མི་བཤད་པའི་རེ་བ་ཡོད།
    Physics of nuture ལ་དེ་འདྲ་ཞིག་ཡོང་མི་ཤེས་བ་ཡིན་པས། དུས་རབས་འདི་འདྲ་ལ་དེ་འདྲ་འདྲ་མ་རིག་པར་བསྡད་ཡོད།

  11. གནམ says:
    2015-02-06 at 10:28 am

    བོད་ལ་ས་འབྲེས་ཡོད་པའི་རྒྱལ་ཁབ་དག་ན། ཁ་ཆེ་ལ་བཙན་དུ་བསྒྱུར་བཞག་པའི་ནང་བའི་རིགས་རྒྱུད་ཅི་ཙམ་ཡོད་མེད་མ་ཤེས་ན། ཁ་ཆེ་ཚང་མ་ནི་སྟོན་པ་གཏོར་མཁན་འདྲ་མཐོང་ཡང་། ཚང་མ་དེ་འདྲ་ཞིག་རྩ་བ་ནས་ཡོད་བ་མ་རེད། པདྨ་ལགས།
    ཁ་ཆེ་བའི་གཏུམ་སྤྱོད་སྔར་ཡང་དར་བ་རེད་ལ་ད་ལྟ་ཡང་དེ་འདྲ་རེད། དེ་རིང་གི་ཁ་ཆེ་བ་མང་པོ་བཙན་གྱིས་ཆོས་བསྒྱུར་བྱས་བ་མ་གཏོགས་གནའ་སྔ་མོ་སྔ་མོ་ཁ་ཆེ་མིན་པ་དེ་འདྲ་མིག་མཐོང་ལག་ཟིན་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme