Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལོ་རྒྱུས་རྫུན་སྒྲིག་མ་བྱེད།

Posted on 2015-01-312015-01-31 By ཁ་བརྡ་ 3 Comments on ལོ་རྒྱུས་རྫུན་སྒྲིག་མ་བྱེད།

འཛུམ་གྲོལ།
—-ལྷོ་བསྟན་འཛིན་ཉི་མས་བྲིས་པའི་《དེབ་ཐེར་ལྕི་ཟླའི་ཟེགས་མ》ལ་བལྟས་རྗེས།

 
ལྷ་སྒྲུང་དང་ཆོས་འབྱུང་གི་ཧྲག་བར་ནས་མགོ་ནག་མི་བུའི་སྐྱིད་སྡུག་དར་འཕེལ་གྱི་བྱུང་བ་བརྗོད་པའི་ལོ་རྒྱུས་ཉག་ཕྲ་བར་གྱུར་པའི་སྒང་པ་བོད་མའི་ངོས་ནས་བཤད་ན། འཆད་རྩོད་རྩོམ་པས་ལོ་རྒྱུས་རིག་པའི་རྨང་གཞི་འདིང་བ་ནི་དྲིན་ཆེ་ལ་ཡི་རང་དང་གུས་བཀུར་ཞུ་འོས་པའི་གནས་སུ་སྣང་མོད། འོལ་ཚོད་དང་ཤེས་རློམ་གྱིས་ཟེར་སྒྲོས་བསགས་ཏེ་ལོ་རྒྱུས་འཁྱོག་བརྗོད་རྫུན་སྒྲིག་བྱེད་པ་དང་། ལྷ་སྒྲུང་དང་སྒྲོ་བཏགས་ཅི་རིགས་བཏུས་ཏེ་རང་ཕྱོགས་ཆེ་སར་འདོན་ཅིང་རང་ཉིད་མཐོ་སར་བཀྱག་པ་ནི་མཚང་ཆེ་ལ། འགྲོ་བ་མིའི་ལོ་རྒྱུས་རྩ་བརླག་བྱེད་པའི་ངན་སྤྱོད་མ་རུང་བ་ཞིག་རེད་ཅེས་ཁོ་བོའི་སྨྲ།

བོད་ཀྱི་འདས་པའི་ལོ་རྒྱུས་ཕལ་ཆེ་བ་ལྷ་སྒྲུང་དང་ཆོས་འབྱུང་ཤས་ཆེ་ལ་དེང་སང་ཡང་ཕྱོགས་ཞེན་འཐེན་ཁྱེར་དང་། རུས་རྒྱུད་ཚོ་ཁག་གི་འཁྱོག་བརྗོད་ལོ་རྒྱུས་རྫུན་སྒྲིག་བྱས་པ་མང་པོ་ཞིག་ཤ་མོ་བཞིན་གཅིག་ཐོན་གཉིས་འབུད་བྱེད་ཡོང་གི་འདུག་ལ། ལྷག་པར་དུ་རང་ཡུལ་ཕྱོགས་ནས་ཀྱང་ལྷོ་སྤྲུལ་བསྟན་འཛིན་ཉི་མ་ཞེས་པས་མ་ཤེས་ཤེས་ཁུལ་གྱིས་ལྷ་སྒྲུང་དང་ཆོས་འབྱུང་རྒྱལ་རབས་ངག་རྒྱུན་སོགས་ཉ་ཉུང་མཉམ་སྲེས་ཀྱིས་མཐོང་ཚད་ཐོས་ཚད་བསགས་ཏེ་ལོ་རྒྱུས་ལག་ཡས་ལོན་ཙམ་བྲིས་འདུག་ལ། དེ་ལས་འདས་པའི་ལོ་རྒྱུས་ཡིག་རྙིང་དང་བདེན་པའི་དངོས་ཚུལ་མང་པོ་ཞིག་དང་འགལ་བའི་རྫུན་གཏམ་ཅི་རིགས་སྨྲས་འདུག་ཀྱང་དེ་དག་རེ་རེ་ནས་བཤད་ན་དུས་ཚོད་དང་སྣག་ཤོག་གྲོན་པའི་རྒྱུ་ཙམ་ལས་མ་འདས་མོད། འདིར་དགོས་དབང་གིས་སུན་འབྱིན་ཅུང་ཙམ་བྱེད་རྒྱུ་ཞིག་ལ་

《ནང་ཆེན་དགེ་འབྲོང་ཡུལ་གྱི་སྣོད་བཅུད་ལུགས་གཉིས་ཀྱི་བྱུང་བ་བརྗོད་པ་དེབ་ཐེར་ལྕི་ཟླའི་ཟེགས་མ》ཞེས་པའི་ཤོག་གྲངས་༤༢ པའི་ཡིག་ཕྲེང་བཅུ་གསུམ་པར་གསལ། _____མཆན།

ནང་ཆེན་རྒྱལ་རབས་བཞི་བཅུ་ཞེ་བདུན་པ་ཏྲེ་བོ་ཨ་ཀླུ་དང་གུང་སྒོམ་ཨའུ་གཉིས་མི་གཅིག་མིང་གི་རྣམ་གྲངས་ཡིན་པར་བཤད་འདུག་པ་དང་། གུ་གུང་ཞེས་པ་ནི་གོ་གནས་ཤིག་གི་མིང་རེད་ཅེས་སོགས་ཚད་ལྡན་ཁུངས་ཐུབ་ཀྱི་ལོ་རྒྱུས་ཡིག་རྙིང་ཁག་ཡར་བར་དོར་ཞིང་། རྫུན་བཤད་དང་འཁྱོག་བཤད་ཅི་རིགས་བྱས་འདུག་སྟེ། དེ་ཡང་ཉེ་རབས་སུ་རྒྱ་ཡིག་འབྲི་མཁན་ཞིག་གིས་བྲིས་པའི་《ཡུལ་ཤུལ་བོད་རིག་རང་སྐྱོང་ཁུལ་གྱི་ལོ་རྒྱུས་རག་བསྡུས》玉树藏族自治州概况ཞེས་པའི་རྫུན་མའི་ལོ་རྒྱུས་ཞིག་ཡོད་འདུག་པ་དེ་ལ་ཁུངས་གཏུགས་ཤིང་དེའི་རྗེས་སུ་འབྲང་བ་ཡིན་འདུག་ལ། དེ་ཡང་རྒྱ་ཡིག་གིས་བྲིས་པའི་《བོད་ཀྱི་ལོ་རྒྱུས་གནད་བསྡུས》ཞེས་པ་དེ་དག་ལ་གཞི་བྱས་པ་སྟེ་ཁུངས་མེད་རྫུན་སྒྲིག་བྱས་པ་ཁོ་ནའོ།།

ཚད་ལྡན་ཡིག་རྙིང་ཤོར་ཕུ་ཀརྨ་རབ་གསལ་གྱིས་བརྩམས་པའི་《ནང་ཡ་གཉིས་རི་ཁག་བཅོ་བརྒྱད་ཀྱི་བྱུང་བ་གསལ་བར་བྱེད་པ་སྔོན་མེད་གསལ་བའི་གཏམ་སྙན་མེ་ན་ཀའི་ཟུར་སྟེགས་གཟུགས་འཛིན་དབང་པོའི་ལྕགས་ཀྱུ》ཤོར་ཕུ་ཀརྨ་རབ་གསལ་གྱི་བརྩམས། ད་བར་མི་ལོ་༣༦༠ལྷག་འདས།

འདི་ལ་འབྲོང་དཔོན་རྒྱལ་པོའི་《དེབ་ཐེར་སྨུག་པོར》《འབའ་རོམ་གསེར་ཕྲེང་སྟག་གི་གཟུགས་དབང་》 ཞེས་འབྱུང་བ་ནི་ཁུངས་ལྡན་གྱི་ལོ་རྒྱུས་དངོས་མ་གསན་པའི་ཡིག་ནོར་རོ།།_____མཆན།

ཞེས་པར་“ཧོར་སེ་ཆེན་རྒྱལ་པོའི་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་ཟླ་རྒྱུད་དུ་དམག་དྲངས་ནས་མདོ་སྨད་དུ་བྱོན། རས་པ་དཀར་པོ་དཔོན་སློབ་དང་གུང་པ་ཨའུ་སོགས་མཇལ་དུ་ཕེབས་ནས། སྐུ་འབུམ་ཆེན་མོའི་དོན་དུ་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས་རས་པ་དཀར་པོ་ལྷ་ཆོས་ཀྱི་བླ་མ་དང་། གུང་པ་ཨའུ་མི་ཆོས་ཀྱི་དཔོན་དུ་བསྐོས། གནས་དྲུག་ཁྲི་སྐོར་ཆབ་འབངས་སུ་ཕུལ”ཞེས་གསུངས་པ་ལས་གུང་སྒོམ་ཨའུ་ལ་ཏྲེ་བོ་ཨ་ཀླུ་སོགས་ཀྱི་ཚིག་ཟུང་ཙམ་ཡང་མ་བྱུང་། ཡང་སོ་རག་བྱ་བྲལ་གྱིས་མཛད་པའི་《འབའ་རོམ་གསེར་ཕྲེང་རིན་ཆེན་རྒྱན་ཕྲེང་》

སོ་རག་བྱ་བྲལ་གྱིས་བརྩམས། ད་བར་མི་ལོ་430 ལྷག་འདས།

ཞེས་པའི་ཡིག་རྙིང་ལས་ཀྱང་། “དེ་ནས་སེ་ཆེན་རྒྱལ་པོའི་རྒྱལ་བུ་གོ་བེ་ལར་གྲགས་པའི་དུས་སུ་མདོ་སྨད་དུ་ཕེབས་པ་ལ། རས་པ་དཀར་པོ་དང་གུང་སྒོམ་ཨའུ་ལ་སོགས་དཔོན་སློབ་རྣམས་མཇལ་དུ་བྱོན་ཞིང་། སྐུ་འབུམ་ཆེན་མོ་བཞེངས་པའི་དོན་དུ་གཙུགས་ལག་ཁང་བཞེངས་པའི་བཀའ་ལུང་ཞུས་པས། གུང་སྒོམ་ཨའུ་གནས་དྲུག་ཁྲི་སྐོར་གྱི་དཔོན་དུ་བསྐོས་ཞིང་གཙུག་ལག་ཁང་བཞེངས་པའི་བཀའ་ལུང་གནང་”ཞེས་དང་། “གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་།རས་པ་དཀར་པོའི་སྐུ་ཚེའི་སྨད་ལ་ཧོར་ཁྲིམས་བོད་ལ་འཇགས་པའི་དུས་སུ་སྐུ་འབུམ་རྩ་ཡི་སྒོམ་པ་མཛད། དེ་ནས་གནས་དྲུག་ཁྲི་བསྐོར་ཡང་ཞབས་སུ་བཅུགས་ཅིང་ཁྲི་དཔོན་གྱི་ལས་ཀ་བཟུང་ནས་བསྟན་པའི་ཞབས་ཏོག་མཛད”ཅེས་སོགས་ཞིབ་པར་གསལ་བས་འདི་དག་མ་གསན་པར་ཁུངས་གང་ཞིག་ལ་གཏུགས་པ་ཡིན།
ཀླད་ཆེན་དུ་བཀའ་ལ་བབས་སམ། སྨྱུག་རྩེ་ནས་ཐོལ་གྱིས་འབུས་སོང་། ཡང་ན་རྒྱ་ཡིག་གི་ལོ་རྒྱུས་རྫུན་མ་དེར་གཞི་བྱས་པ་ཡིན་ཟེར་ན་ནི། ཁྱེད་རང་དྲང་པོའི་སྤྱན་གྱིས་མ་གཟིགས་པ་སྟེ་གོང་ནས་བརྗོད་པ་བཞིན་ལོ་རྒྱུས་དེ་ནི་རྫུན་ཡིག་རྣར་མི་འགྲོ་བ་ཞིག་སྟེ། དེའི་དོན《ཁམས་སྟོད་ལོ་རྒྱུས་ཐོར་བསྡུས》སུ་ལྡན་མས་ཀྱང་མཛུབ་མོ་རི་སྟོན་གྱིས་རྫུན་རྐུབ་བརྟོལ་ཡོད་པས་འདིར་མང་པོ་བརྗོད་པའི་དགོས་པ་ཆུང་།

གུང་སྒོམ་ཨའུ་ནི་སྐྱོ་བྲག་ཏུ་ཆགས་པའི་བ་ཡན་གྱི་མི་རྒྱུད་གྲགས་ཅན་ཞིག་ཡིན་ཚུལ་ལོ་རྒྱུས་ཁག་གཞན་དུའང་གསལ། སྐུ་འབུམ་སྐབས་ཀྱི་ནང་ཆེན་པའི་རྒྱལ་རབས་བགྲངས་སྐབས་གདན་རབས་དང་རྒྱལ་རབས་གཉིས་སོ་སོར་བགྲང་ཁུལ་བྱེད་ཀྱང་དོན་དུ་་གདན་རབས་ཟེར་ཡང་འདྲ་གདུང་རབས་ཟེར་ཡང་འདྲ་སིལ་བུའི་དུས་སྐབས་ཀྱི་ཁམས་སྒོམ་སྡེ་ནང་ཆེན་པའི་ཆོས་སྲིད་ཀྱི་མཛད་སྒོ་ཐོག་མར་ཕོ་བྲང་ནང་ཆེ་མོ་བརྩེགས་ཤིང་། རས་པ་དཀར་པོ་དང་། གུང་སྒོམ་ཨའུ་གཉིས་ཀྱིས་ཆོས་སྲིད་ལུགས་གཉིས་ལ་མངའ་དབང་སྒྱུར་བ་ནས་བཟུང་སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོར་རྒྱལ་རབས་ལྔ་བྱུང་བའི་རྗེས་སུ་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་སོ་ཆེན་མོའི་ཁྲིར་ཕེབས་པ་ཡིན་པས་དེ་ནས་གཟོད་ནང་ཆེན་པའི་རྒྱལ་རབས་ཕྱི་མ་རྣམས་བགྲངས་དགོས་ལ། དེ་ཡང་ཐོག་མར་རས་དཀར་དང་། གུང་པ་ཨའུ་གཉིས་ནས་ཆོས་སྲིད་སོ་སོ་ལྟ་བུའི་མཛད་བཟང་བསྐྱངས་ཀྱང་དེ་རྗེས་ཆོས་སྲིད་ཟུང་འབྲེལ་ལྟ་བུའི་མི་གཅིག་གིས་མཛད་པ་སྟེ། དེ་དུས་ས་སྐྱ་ཆོས་རྒྱལ་འཕགས་པས་བོད་ཁམས་ཡོངས་ལ་དབང་སྒྱུར་ནས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་འགོ་ཚུགས་པའི་དུས་སྐབས་ལགས་པས། ཆོས་རྒྱལ་འཕགས་པས་ལུས་མེད་རྡོ་རྗེ་མདོ་སྟོད་མི་ཡི་ཆོལ་ཁའི་རྗེ་བོར་བསྐོས་ཤིང་ཆོས་སྲིད་ལུགས་གཉིས་ལ་དབང་བསྒྱུར་བ་རེད།

ཁྲི་འཛིན་གཉིས་པ་ལུས་མེད་རྡོ་རྗེ་ནས་རིམ་པར་བྱང་ཆུབ་གཞོན་ནུ། བྱང་ཆུབ་མགོན་པོ། ཡོན་ཏན་དཔལ། དེ་ནས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་བར་དུ་ཆོས་སྲིད་ཀྱི་ལས་ཀ་ཚར་དུ་མངར་ཡོད་ལ། ཏྲེ་བོའི་རྒྱལ་རྒྱུད་ཀྱིས་ཁམས་སྒོམ་སྡེ་ནང་ཆེན་པར་དབང་སྒྱུར་བའི་རྒྱལ་པོ་ཐོག་མའང་འདི་ནས་ཡིན་དགོས་པ་ལས། ཁྱོད་ཀྱི་བཤད་སྟངས་ལྟར་གུང་སྒོམ་ཨའུ་ནས་ཆོས་ཀྱི་རྒྱལ་མཚན་བར་མཆོང་ལྡིང་གཅིག་གིས་ཐོད་བརྒལ་བྱས་སོང་བ་ག་ལ་ཡིན།

རྒྱུད་རིམ་ཙམ་བྱས་ནའང་གུང་སྒོམ་ཨའུ་འདས་རྗེས་ཚུལ་པ་ཤེས་རབ་དཀོན་མཆོག་དང་།ལྷ་ཤཱཀྱ་རྒྱལ་བ་སོགས་ནས་གོང་དུ་རྒྱལ་པོའི་མདུན་ནས་གསེར་ཡིག་དང་དངུལ་ཡིག་གི་ལས་ཀ་བླངས་ནས། ཟུར་དུ་རྒྱལ་ཁྲིམས་ཀྱི་ཞབས་ཏོག་མཛད་པ་སྟེ། དེ་དག་གི་རྒྱུད་པ་ཕྱིས་ཀྱི་བར་དུ་བྱུང་བ་སོགས་ཡིག་རྙིང་ལས་ཧ་ཅང་གསལ་བས་རྒྱལ་རབས་དངོས་དེ་ནས་བགྲངས་རྒྱུ་མེད་པ་མཁྱེན་པར་མཛོད། སྐུ་འབུམ་གྱི་ཕོ་བྲང་ནང་སོ་ཆེན་མོའི་ཁྲི་འཛིན་རྒྱལ་རབས་ནི་རས་དཀར་ནས་རིམ་པར་རྒྱུད་པ་སྟེ་ཡོན་ཏན་དཔལ་ནས་ཏྲེ་བོ་ཆོས་ཀྱི་རྒྱལ་མཚན་ནང་སོ་ཆེན་མོའི་ཁྲིར་ཕེབས་པའི་རིམ་པ་ནི་ཁམས་སྒོམ་སྡེ་སྐུ་འབུམ་གྱི་རྒྱལ་རབས་རིམ་བྱོན་རེད།

གཞན་ཡང་གུའི་གུང་ཞེས་པ་ནི་ཆིང་གུའི་གུང་勤国公སྟེ་མིང་རྒྱལ་རབས་སྐབས་ཀྱི་གོ་གནས་ཤིག་ཡིན་ནའང་གུང་སྒོམ་ཨའུའི་གུང་ནི་“གུའི་གུང་”གི་གོ་གནས་ཤིག་ཡིན་ཟེར་བ་ནི་འགྲེལ་ནོར་ཏེ། མི་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡིག་རྙིང་སོ་རག་པའི་གསེར་ཕྲེང་ལས།“གུང་སྒོམ་ཨའུ་ནི་རུས་གུང་པ་ཡིན་ཞིང་”ཞེས་གསལ་བོར་གསུང་པ་ལྟར་ལགས་ཤིང་། གུང་ནི་རུས་དང་སྒོམ་ནི་སྒོམ་སྒྲུབ་ཀྱི་དོན་ཡིན་པས་ཡིག་རྙིང་རྣམས་ལས་གུང་སྒོམ་ཨའུ་ལ་གུའི་གུང་ཨའུ་འམ་གུའི་གུང་ཨ་ཀླུ་སོགས་ཀྱི་ཐ་སྙད་མ་བྱུང་ངོ་།།

ད་དུང་ལོ་རྒྱུས་ཀྱི་བྱུང་རབས་དང་། མི་སྣ་འགའི་ལོ་རྒྱུས། ས་མུ་ཆོད་མཚམས་སོགས་ལ་ཕོ་ཚོད་ཀྱིས་ནག་ཐིག་ཅི་རིགས་བཏབ་འདུག་ཀྱང་འདིར་མ་སྨྲས།

འདས་པའི་བྱུང་བ་ནི་ལོ་རྒྱུས་ཀྱི་དཔང་པོ་དང་། ཕྱི་རབས་མི་བུའི་མེ་ལོང་ལྟ་བུ་ཡིན་པས། དངོས་དོན་གཤའ་མ་ཚུལ་བཞིན་འབྲི་འོས་པ་ལས། མུན་ནག་ལག་སྙོབ་ཀྱིས་འོལ་ཚོད་དུ་རྫུན་སྒྲིགས་བྱས་ཏེ་ནག་ཐིག་འདེབས་ག་ལ་རུང་། དེ་བས་རང་མགོ་རང་གིས་མི་སྐོར་བར་མཁྱེན་ཞེས་ཞུའོ།།

སྣ་ཚོགས།

Post navigation

Previous Post: ཟླ་འོད་འོག་གི་དྲན་གདུང་།
Next Post: མཚན་སྨད་དུ་བརྩེ་བའི་དབྱངས་གྱེར་བ།

Comments (3) on “ལོ་རྒྱུས་རྫུན་སྒྲིག་མ་བྱེད།”

  1. ཇུས་ཏོག says:
    2015-01-31 at 9:59 pm

    འདས་པའི་ལོ་རྒྱུས་ཕལ་ཆེར་ཕྱོགས་ལྷུང་འོག་།
    བཀོད་སྒྲིགས་བྱས་ནས་སྤྱི་ཚོགས་རྨོང་དུ་བཅུག་།
    འགོ་འདྲེན་ཕྱོགས་ལྷུང་མེད་པའི་སྤྱི་ཚོགས་་ཞིག་།
    ད་ལྟའི་དུས་ལ་གླིང་་འདིར་ཤིན་ཏུ་དཀོན་།

  2. ཀརྨ་བློ་གསལ་ says:
    2015-02-01 at 6:41 am

    ལོ་རྒྱུས་རྫུན་སྒྲིག་ནི་རང་སྲོག་བཅད་པ་དང་མཚུངས། དཔེར་ན། སངས་རྒྱས་ཆོས་ལུགས་པས་བོད་ལ་སྲོང་བཙན་སྒམ་པོ་ནས་མ་གཏོགས་ཤེས་རིག་ལོ་རྒྱུས་མེད་སྨྲ་བཞིན་པ་དང་གཅིག་མཚུངས་རེད།

  3. ཇུས་ཏོག says:
    2015-02-01 at 9:02 am

    སངས་རྒྱས་ཀྱི་བཀའ་མ་རྟོགས་ལོ་རྒྱུས་ཚང་མ་མི་གི་རིག་པའི་དཔྱད་ནས་
    གཏན་ལ་ཕབ་པ་ཤ་སྟག་རེད་།
    རྫུན་བཟོ་བྱས་ནས་ཕྱོགས་ཀྱི་ལྷན་པ་རྒྱབ་པ་ཤ་སྟག་རེད་།
    སྲོང་བཙན་གོང་ལ་བོད་ལ་ཡིག་མེད་ཟེར་མཁན་ཡོད་ན་དེའི་གོང་ལ་བོད་ལ་མི་གི་འགྲོ་བ་མེད་ཟེར་གྱི་་ཡོད་པ་རེད་པས་།ཧ་ཧ་་རྒད་མོ་ཤོར་་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme