Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད། འཚེ་མེད་ཞི་བ་ལག་ལེན་གྱི་ཕ་ས་ངོ་མ།

Posted on 2015-01-312015-01-31 By ཁ་བརྡ་ 5 Comments on བོད། འཚེ་མེད་ཞི་བ་ལག་ལེན་གྱི་ཕ་ས་ངོ་མ།

ཁང་ཟླ་སྲས།

 
གནས་ལུགས་ཀྱི་ངོས་ཟབ་ས་ཞིག་ནས་ང་ཚོས་ཞིབ་འདངས་བྱེད་སྐབས་མི་ཞིག་ལ་མཚོན་ན་ཤེས་ཡོན་ཡོད་མེད་ཅི་ལྟར་ཡང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་ཤེས་མིན་ནི་གཙོ་བོ་རང་གི་ཁེ་ཕན་དང་འབྲེལ་བའི་ཐོབ་ཐང་བརྩད་རྒྱུ་དེ་མ་ཡིན་པར། རང་ཉིད་ལས་གཞན་པའི་མི་བུ་ཚོའི་ཚེ་སྲོག་ལ་མཐོང་ཆེན་དང་བརྩི་བཀུར་བྱེད་རྒྱུ་དེ་རེད།
ངས་སྐད་ཆ་དེ་འདྲ་ཞིག་བཤད་དོན་ནི། འཛམ་གླིང་སྤྱི་ཚོགས་ཀྱི་གྲུབ་ཆ་གང་ཞིག་ཡིན་རུང་མི་རྣམས་ཀྱི་ངག་ནས་འགྲོ་བ་མིའི་ཐོབ་ཐང་ཞེས་ཡང་ཡང་གླེང་གི་ཡོད་ནའང་། གནད་དོན་དངོས་ལ་ཐུག་སྐབས་རང་གི་ཁེ་ཕན་དང་འབྲེལ་བའི་ལས་དོན་ཉག་ཅིག་བསྒྲུབས་པ་ལས་ཕ་རོལ་བའི་ལངས་ཕྱོགས་དང་། རྙེད་དཀའ་བའི་ཚེ་སྲོག་ལ་རིན་ཐང་སྤྲད་རྒྱུ་ནི་ཧ་ལམ་སྲིད་མཐའ་ཙམ་དུ་གྱུར་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་གཞན་གང་ཡང་མ་ཡིན་པར་ཡོད་ཚད་རང་ཉིད་ལ་འཐོབ་རུང་བའི་ཧམ་སེམས་ཀྱིས་བྱས་པ་ནི་ཧ་ཅང་གསལ་པོ་རེད།

unnamed-14

འཛམ་གླང་གི་སྤྱི་ཚོགས་གང་ཞིག་ལ་བལྟས་ཀྱང་ལྐོག་ཟ་རུལ་སུང་དང་། བཙན་འཛུལ་གཉའ་གནོན། རྡུང་འཕྲོག་བཅོམ་གསུམ་རྩ་ནས་མེད་པའི་དེང་རབས་ཀྱི་སྤྱི་ཚོགས་ནི་ཧ་ལམ་སྲིད་མཐའ་ཙམ་ཡིན་ནའང་། དེའི་ཁྲོད་ནས་ཀྱང་མི་བུ་ཉམས་ཆུང་དང་། ཤེས་ཡོན་ཅན། དྲང་བདེན་ཅན། དམངས་གཙོ་ཅན། ཆོས་ལུགས་ལ་བློ་ཁ་ཕྱོགས་པ་ཚོར་ཆེས་སྡང་བ་ནི་རྒྱ་ནག་གི་སྲིད་གཞུང་གཅིག་པུ་རེད་ཅེས་བཤད་ཆོག་སྟེ། ཁོང་ཚོས་ནམ་ཡང་རང་ལྟ་མཆོག་འཛིན་གྱི་ལངས་ཕྱོགས་གཅིག་པུ་བཟུང་ནས་ཡོད་པས། གལ་སྲིད་མིག་སྔར་དེ་དང་འགལ་ཟླར་གྱུར་པ་ཞིག་བྱུང་ཚེ་མདེའུ་འགའི་འགྲོ་གྲོན་གཏོང་རྒྱུ་ནི་ཆེས་རྒྱུན་ལྡན་དུ་གྱུར་ཡོད་དེ།
དཔེ་མཚོན་ཙམ་བཞག་ན། ཉིས་སྟོང་བརྒྱད་ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་། ཨ་མདོ་རྔ་བས་མཚོན་པའི་བོད་ཞེན་གྱི་ཚོར་ཤུགས་ཆེས་རྣོ་བའི་གྲོང་ཁྱེར་དང་གྲོང་བརྡལ་མང་པོའི་ནང་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་། རྩོམ་འབྲི་རང་དབང་། ཆོས་ལུགས་ཀྱི་རང་དབང་རྩོད་ལེན་བྱེད་པའི་གོ་རིམ་ཁྲོད་སློབ་ཆུང་སློབ་མ་ནས་བཟུང་ཞིང་པ་དཀྱུས་མའི་དབར་རང་དབང་དང་དམངས་གཙོ་ལ་དགའ་བའི་ཚེ་སྲོག་མང་པོ་ཞིག་ལ་དྲག་གནོན་ཡ་ང་བ་བྱས་པ་དེ་རེད།

འོན་ཀྱང་ཆེས་ཡ་མཚན་པ་ཞིག་ལ། ད་ལོ་ནས་བཟུང་ནམ་ཡང་མེ་མདའ་དང་ལྕགས་སྒྲོག་གི་འོག་ཏུ་འཚོ་བའི་བོད་མི་ཚོས་རང་གི་ཞི་བའི་ངོ་རྒོལ་དེས་རང་གི་ཚེ་སྲོག་གཞན་ལ་གཅོད་དུ་འཇུག་པ་དེར་བདམས་ཀ་གཞན་ཞིག་བྱས་ཡོད་དེ། ལོ་སྔོན་མར་རྒྱལ་གཅེས་དཔའ་བོ་སྐུ་ཞབས་བཀྲ་བྷེ་ནས་བཟུང་དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་དྲུག་པའི་སྟེང་རང་ལུས་མེ་མཆོད་དུ་འབུལ་མཁན་ཨ་མདོ་རྔ་བའི་རྒྱལ་གཅེས་བུད་མེད་དཔའ་མོ་རིན་ཆེན་ལགས་ཀྱི་དབར་ཁྱོན་རྒྱལ་གཅེས་དཔའ་བོ་ཉེར་དྲུག་གིས་རང་གི་ཚེ་སྲོག་མེ་ལྕེར་བསྟིམས་པའི་འཚེ་མེད་ཀྱི་བྱ་འགུལ་ཞིག་ལ་མངོན་པར་ཞུགས་དང་འཇུག་བཞིན་པ་དེ་ཡིན་ལ། ཁོང་ཚོས་ཚེ་སྲོག་ལ་ཆེ་མཐོང་གཏན་ནས་མེད་པའི་སྤྱི་ཚོགས་ཤིག་གི་ཁྲོད་ནས་འགྲོ་བ་མིའི་ཐོབ་ཐང་དང་། མིའི་གཞི་རྩའི་རང་དབང་རྩོད་ལེན་ཆེད་ཅིས་ཀྱང་འཚེ་བ་མེད་པའི་ལམ་དུ་འགྲོ་དགོས་པའི་མིག་དཔེ་དང་། བསླབ་བྱ་གལ་ཆེན་ཞིག་ང་ཚོའི་མིག་སྔར་ལོ་རྒྱུས་ཀྱི་རྡོ་རིང་ཞིག་གི་ཚུལ་དུ་བསླངས་ཡོད་པ་རེད།

unnamed

ཉེ་བའི་ཆར་རྒྱ་ནག་པ་ཝང་ལི་ཞུང་གིས་བོད་ལ་རང་ལུས་མེ་བསྲེགས་གཏོང་བ་ལས་གཞན་པའི་ལས་འགུལ་གང་ཡོད་ཅེས་པའི་རང་ལན་དུ། དཔེར་ན། གྲོང་གསེབ་ནས་བཟུང་མི་རིགས་ཀྱི་ཐོབ་ཐང་རྩོད་དགོས་པའི་དཔེ་མཚོན་སོགས་བཤད་ཀྱིན་འདུག་ནའང་། དེ་ནི་ཁོ་རང་ཉིད་ཀྱི་འཆར་ཡན་ཙམ་ལས་བོད་ཀྱི་གྲོང་གསེབ་ཚུན་ཆད་དུ་རང་སྲོག་བློས་གཏོང་གི་བྱ་འགུལ་རྒྱུན་མར་ཡོང་བཞིན་པ་དེར་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་དྲག་གནོན་ཁོ་ན་བྱེད་བཞིན་པ་ཁོས་མ་ཤེས་པ་ག་ལ་ཡིན།

སུམ་ཅུའི་དུས་དྲན་ཞེས་ང་ཚོས་ད་ལྟའི་དབར་སྲུང་བརྩི་བྱེད་ཀྱིན་པ་དེ་བོད་ཀྱི་མང་ཚོགས་ཀྱིས་རང་གི་ཐོབ་ཐང་རྩོད་ཆེད་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་རྣམ་པས་གྱེན་ལང་བྱས་པའི་ལོ་རྒྱུས་ཀྱི་བཤད་རྒྱུན་དེ་ཡང་ཁོས་རྒྱལ་ས་པེ་ཅིང་ནས་བརྗེད་སོང་བ་ག་ལ་ཡིན། ཡང་བོད་མི་འགའ་ཞིག་གིས་བོད་ནང་དུ་ཡང་ཨ་རབ་དང་། ལི་བྷི་ཡ་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་གི་ནང་འོང་བཞིན་པ་ལྟ་བུའི་དྲག་སྤྱོད་དགོས་པ་སྐོར་བཤད་ཀྱིན་པ་ནི། བསམ་བཞིན་དུ་མིག་ལྡན་གཡང་ལ་སྐོར་བའི་གཏན་ཉིད་ལས་མ་འདས་ཏེ། དྲག་སྤྱོད་བྱེད་པ་ནི་བོད་མི་ས་ཡ་དྲུག་གི་མངོན་འདོད་མ་རེད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ཡང་གཏན་ནས་མ་རེད།
གལ་སྲིད་བོད་མི་འགས་བོད་དུ་རྒྱ་མི་རིགས་དང་། རྒྱ་གཞུང་ལ་དྲག་སྤྱོད་ཀྱི་ལས་ཤིག་བརྩམ་པ་ཡིན་ན། དེ་ནི་རྒྱ་གཞུང་ལ་མཚོན་ན། ལྟོགས་ཤིར་ཐེབས་ལ་ཉེ་བའི་སྤྲང་པོ་ཞིག་བཅུད་ལྡན་གྱི་ཁ་ཟས་དང་འཕྲད་པའི་གཏམ་རྒྱུད་རང་དུ་སོང་བ་ཡིན་པས་ང་ཚོས་ཅིས་ཀྱང་རང་ཉིད་ཀྱི་ཁོང་ཁྲོར་ཚོད་འཛིན་བྱེད་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན།

ང་ཚོས་རང་ལུས་མཆོད་མེར་སྒྲོན་སྤོབས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བླ་ན་མེད་པའི་ཆོད་སེམས་དང་། བྱ་དཀའ་བའི་བློས་གཏོང་ལ་ག་ལེར་སོམས་དང་། ཁོང་ཚོས་ཅིས་ཕྱིར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་ཚོགས་ཁྲོད་དུ་འབར་རྫས་ཁྱེར་ནས་མ་སོང་བ་རེད་དམ། ཁོང་ཚོར་དེ་ལྟར་འགྲོ་བའི་བློ་སྟོབས་མེད་སོང་བ་རེད་དམ། ཁོང་ཚོར་འབར་རྫས་ཉོ་བའི་མཐུན་རྐྱེན་མེད་སོང་བ་རེད་དམ། ཁོང་ཚོར་རྒྱ་ནག་གི་སྟེང་དུ་སྙིང་ནད་མེད་སོང་བ་རེད་དམ། ཁོང་ཚོར་རང་གི་ཕ་མེས་དང་རིག་གཞུང་གཏོར་བའི་དགྲ་བོར་སྡང་ཞེན་མེད་སོང་བ་རེད་དམ། དེ་ལས་གཞན་པའི་འགལ་རྐྱེན་ཅི་ཞིག་ཕྲད་སོང་བས་ད་གཟོད་རང་ཉིད་ཀྱིས་རང་ཉིད་མེ་རུ་སྒྲོན་པའི་དངོས་བྱུང་གི་ལོ་རྒྱུས་འདི་བྱུང་བ་རེད།

དྲི་བ་དེག་གི་ལན་ནི་ཧ་ཅང་སྟབས་བདེ་ཞིག་མིན་ནའང་། ཁོང་ཚོར་རང་ཉིད་ལས་ཀྱང་གཞན་གྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་སྤོབས་པའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞི་བརྟན་པོ་ཤིག་ཡོད་སོང་བས་རེད་ལ། གཞན་ལ་འཚེ་བ་ལས་ཀྱང་རང་ཉིད་འཆི་བ་ཆོས་སུ་རྟོགས་པའི་ཤེས་རབ་ཟབ་མོ་ཞིག་ཡོད་སོང་བས་རེད། ད་དུང་ཁོང་ཚོར་གཞན་གྱི་ཚེ་སྲོག་གཅོད་པ་ནི་རྒུད་པ་ཀུན་གྱི་རྩ་བ་ཡིན་པའི་བསམ་གཞིགས་རང་ཚུགས་ཅན་ཞིག་ཡོད་སོང་བས་རེད་ལ། མི་བུའི་ཐོབ་ཐང་དང་། མི་བུའི་ཚེ་སྲོག་ལ་གཅེས་སྐྱོང་བྱེད་རྒྱུ་དེ་རང་ཉིད་རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་ལ་དགའ་བའི་རྒྱུ་མཚན་མཐར་ཐུག་པ་དེ་ཡང་རྟོགས་སོང་མ་ཡིན་ནམ། ཆོས་དད་དང་། སྨྲ་བརྗོད། གསར་འགྱུར། ཞི་རྒོལ་བཅས་ཀྱི་རང་དབང་གི་མེ་ལྕེ་ནམ་ཡང་འབར་བར་ཤོག བོད་རྒྱལ་ལོ། །

སབལ་ཡུལ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་ནས། ཁང་ཟླ་སྲས་ཀྱིས།

བསམ་ཚུལ།

Post navigation

Previous Post: ཁ་བ་ལྷ་མོ།
Next Post: ཟླ་འོད་འོག་གི་དྲན་གདུང་།

Comments (5) on “བོད། འཚེ་མེད་ཞི་བ་ལག་ལེན་གྱི་ཕ་ས་ངོ་མ།”

  1. པདྨ་དཀར་པོ། says:
    2015-01-31 at 4:48 am

    འཚེ་མེད་ཞི་བའི་ངོས་ཐད་ནས་བལྟས་ན་དང་། ནང་བ་སངས་རྒྱས་པ་ཞིག་གི་འོས་འགན་གྱི་ངོས་ནས་བལྟས་ཤིང་བརྟགས་ན་བོད་པས་ངོ་རྒོལ་བྱེད་སྟངས་དེ་ཆེས་བླ་ན་མེད་ཅིང་སྲིད་ན་མཐོ་བ། གོང་བཀུར་འོས་པ་ཞིག་ཏུ་མཐོང་ཞིང་རྟོགས་མོད། མིག་སྔར་རྒྱུ་བའི་དངོས་ཡོད་ཕན་གྲུབ་ལ་ལྟོས་ཏེ་བཤད་ན། རྩུབ་སྤྱོད་ཀྱི་ལས་སུ་ཞུགས་པའང་གནད་དོན་ཐག་གཅོད་ཀྱི་ལྡེ་མིག་གལ་ཆེན་ཞིག་རེད་འདོད། རྩུབ་སྤྱོད་བྱེད་ལུགས་དེ་ཡང་། ཉེས་མེད་མི་མང་དང་འབྲེལ་མེད་ཉམ་ཆུང་དག་ལ་བྱེད་པ་ནི་ཅི་འདྲའི་གླེན་ཞིང་ལྐུག་པ་དང་། མུན་འཐོམས་ལག་བསྙབས། དངོས་ཡོད་མ་རྟོགས་ལ་སྡར་མའི་བྱེད་སྟངས་ཤིག་ཀྱང་རེད། འདྲེ་ཤར་ན་ཡོད་ཀྱང་། གླུད་ནུབ་ལ་འཕངས་ཞེས་པའི་རྗེས་སུ་འགྲོའོ།། དེས་ན་སྣག་ཐོག་འབིག་བཙག་གི་ལས་འགུལ་ཞིག་དགོས་ངེས་རེད། དེ་ལའང་བྱེད་ཐབས་སྣ་ཁ་མང་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 5:00 am

    སུམ་ཅུའི་དུས་དྲན་་་་་་
    མ་རེད།
    གསུམ་བཅུའི་དུས་དྲན།
    རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 6:13 am

    ཡུལ་བལ་ཡུལ་གྱི
    ས་རྒྱལ་ས་ནས་
    ཁ་ཟླ་སྲས་ཀྱི་
    འཚེ་མེད་ཞི་བའི་
    སྐོར་ལ་ཆེད་རྩོམ་
    འདི་ན་འདུག་གདའ།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 7:01 am

    ཞི་བདེའི་བོད་རྒྱ་གཉིས་ཀྱི་་་་་་
    http://www.bbc.com/news/magazine-30983402

  5. ཇུས་ཏོག says:
    2015-01-31 at 8:46 am

    འཚེ་བ་་གཞན་ལ་གནོད་འཚེ་བྱེད་མཁན་དང་།
    འཚེ་མེད་ཞི་བ་གནོད་འཚེ་སྤོང་མཁན་ལ་ཟེར་།
    ཆོས་མཁས་བླང་མ་བླང་གི་སྐད་ཆ་མ་རེད་།
    ཆོས་མཁས་བླང་མཁན་གྱི་འཚེ་་བའི་ལས་དཀའ་བྱེད་མཁན་མང་པོ་འདུག་།
    ཆོས་མཁས་མ་བླང་ཡང་སྙིང་རྗེ་བརྒྱུད་ལ་ཡོད་མཁན་་ཚོའི་འཚེ་བའི་ལས་་
    འགུལ་མི་བྱེད་མཁན་མང་པོ་འདུག་་།
    འཚེ་མེད་ཞི་བ་ཟེར་དུས་བོད་པ་གཅིག་པོ་དང་ནང་པ་གཅིག་པོ་ལ་ངོས་འཛིན་
    གནང་ན་རྒྱ་ཆུང་དྲག་པ་རེད་།
    གག
    སྲོག་ཆགས་གཞན་ལ་གནོད་མི་བྱེད་མཁན་གྱི་མི་དང་དུད་འགྲོ་་རི་དགས་སེམས་
    ཅན་དེ་ཚོ་ཚང་མ་འཚེ་མེད་ཞི་བ་རེད་།
    ཤེས་སོང་ངམ་དྲ་འབུ་མགོ་གཉིས་ཚོ་།།
    ཡར་དཀྲུགས་མར་དཀྲུགས་མང་ཙམ་གྱིས་དྲ་འབུའི་ལས་འགན་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme