Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐ་སྙད་བེད་སྤྱོད་གཅིག་གྱུར་ཡོང་ཐབས་སྐོར་གྱི་གླེང་མོལ།

Posted on 2015-01-302015-01-30 By རེབ་གོང་བཀྲ་ཤིས། 42 Comments on ཐ་སྙད་བེད་སྤྱོད་གཅིག་གྱུར་ཡོང་ཐབས་སྐོར་གྱི་གླེང་མོལ།

གློག་བརྙན་།

Post navigation

Previous Post: དཔྱིད་དུས་ཀྱི་ཁ་བའི་བརྡ་གླུ་ཀུན་བཟང་རོལ་དབྱངས་ཞེས་བྱ་བ།
Next Post: རྨི་ལམ་གྱི་མི་ཚེ་གློག་གི་ཟློས་གར།

Comments (42) on “ཐ་སྙད་བེད་སྤྱོད་གཅིག་གྱུར་ཡོང་ཐབས་སྐོར་གྱི་གླེང་མོལ།”

  1. ཅོ་རི་ཉི་མ། says:
    2015-01-30 at 2:43 pm

    ཀམ་པུང་དྲར་ཞེས་པའི་མིང་ཚིག་གི་ཐ་སྙད་འདི་དང་འདི་ལྟ་བུ་རྣམས་སྒྲ་སོར་བཞག་བྱེད་དགོས་གསུངས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ། བསམ་ཚུལ་གཅིག་མཐུན་བྱུང་བས་དགའ་པོ་བྱུང་།

    ༡་་་་ཐ་སྙད་གཅིག་གྱུར་ཡོང་བ་དང་དག་ཆ་གཅིག་གྱུར། འདི་གཉིས་ཀ་གལ་ཆེན་པོ་འདུག ཐ་སྙད་གཅིག་གྱུར་ཡོང་བ་དང་དག་ཆ་གཅིག་གྱུར་ཡོང་བར་ཚིག་མཛོད་རྩ་བ་བརྟེན་ས་ཤིག་དགོས་ཀྱི་འདུག ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཅེས་པའི་ཚིག་མཛོད་དེ་བེད་སྤྱོད་བཏང་ཐུབ་ཀྱི་མི་འདུག

    ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ངོས་སུ་བཞག་ཡོད་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཅེས་པའི་ཚིག་མཛོད་དེའི་ནང་དུ་ཚིག་འཚོལ་ཁག་པོ་འདུག བཟོ་སྟངས་ཀྱི་ཆ་ནས་ཡག་པོ་མི་འདུག དཔེར་ན། སྨོན་ལམ་བོད་ཡིག་ཚིག་མཛོད་ལྟར་བཟོས་པ་ཡིན་ན་ཚིག་འཚོལ་བདེ་པོ་རེད། ཨིན་ཡིག་གྱི་ཐོན་ནས་མཛོད་ནང་དུ་བྲིས་པ་ཡིན་ན་བོད་ཡིག་བཏོན་འོང་གི་རེད། བོད་ཡིག་གྱི་ཐོག་ནས་བྲིས་ན་ཨིན་ཡིག་ཐོན་འོང་རེད། དེ་འདྲ་ཡིན་ན་བེད་སྤྱོད་གཏོང་བདེ་བ་འདུག ཤེས་རིག་ལས་ཁུངས་ཀྱི་ཚིག་མཛོད་དེའི་ནས་ཚིག་ཞིག་འཚོལ་དགོས་ན་པགས་རྩག་གྱི་ནང་དུ་་ཤིག་འཚོལ་བ་ཆ་རེད་འདུག

    ཨིན་བོད་ཤན་སྦྱར་གཏན་འབེབས་ཀྱི་བརྡ་ཆད་ཅེས་པའི་ཚིག་མཛོད་དེ་ཉིད་ཀམ་པུང་དྲའི་ཐོག་ནས་བེད་སྤྱོད་གཏོང་བདེ་པོ་ཞིག་བཟོ་རོགས་བྱོས་ཅེས་རེ་བ་ཞུ་བཞིན་ཡོད།།

    ༢་་་་ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཐ་སྙད་དང་དག་ཆ་གཉིས་ཀ་ལ་བོད་མི་ཡོངས་ཀྱིས་ངོས་ལེན་བྱེད་དགོས། ཁྲིམས་ལུགས་ཀྱི་ཐོག་ནས་བྱས་ན་རང་གཞུང་གིས་གཏན་འབེབས་བྱས་པའི་་ཡི་གེའི་དག་ཆ་དང་ཐ་སྙད་སོགས་སྤྱི་སྤྱོད་ཡིན་དགོས། ཤེས་རིག་ལས་ཁུངས་ལ་ཐོབ་ཐང་ཡོད། སྐད་ཡིག་སྲུང་སྐྱོབ་བྱེད་ཆོག་པའི་འོས་འགན་དང་ཐོབ་ཐང་གཉིས་ཀ་ཡོད། ཤེས་རིག་གྱིས་བཟོས་པའི་ཐ་སྙད་དང་ཡི་གེའི་ཆ་དག་ལ་བརྩི་སྲུང་བྱེད་ཀྱི་མིན་ཟེར་ན་མི་འགྲིག

    ༣་་་་ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཚིག་མཛོད་དེ་ཉིད་བོད་མི་ཡོངས་ཀྱི་རྩ་བ་བརྟེན་ས་དང་ཆ་བཞག་ས་བྱས་ནས་འབྲི་དགོས། གསར་འགྱུར་དང་དུས་དེབ། དྲ་རྒྱ་ཁག་གི་རྩོམ་ཡིག་དང་མཆན་བུ་སོགས་འབྲི་དུས་ཤེས་རིག་ལས་ཁུངས་ཀྱི་ཚིག་མཛོད་ལ་རྩ་བ་བརྟེན་ནས་འབྲི་དགོས། དེ་འདྲ་བྱས་ནས་མུ་མཐུད་པ་ཡིན་ན་ཐ་སྙད་གཅིག་གྱུར་དང་དག་ཆ་གྱུར་ཆགས་འོང་གི་རེད་འདོད།

    ༤་་་་དཔེར་ན། ང་ཚོས་དྲ་ཐོག་ཏུ་བོད་ཡིག་འབྲི་དུས་འཛམ་གླིང་འདིའི་ཐོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་མིང་འདྲི་དུས་ཀྱང་དག་ཆ་གཅིག་གྱུར་ཞིག་འབྲི་ཐུབ་བཞིན་མེད། ང་ཚོ་ལ་རྩ་བ་བརྟེན་སའི་ཚིག་མཛོད་མེད་དུས་རང་སོ་སོས་རང་སྙང་གང་དྲན་བྱས་ནས་མི་འབྲི་དཀའ་མེད་རེད། ཤེས་རིག་ལས་ཁུངས་ཀྱིས་འཛམ་གླིང་ཐོག་གི་རྒྱལ་ཁག་གི་མིང་གི་དག་ཆ་གཏན་ཁེལ་དང་། གྲོང་དང་གྲོར་ཁྱེར། ཅ་དངོས་གསར་པའི་རིགས། འདི་དག་གི་ཐ་སྙད་དང་དག་ཆ་གཏན་ཁེལ་བཟོས་ནས་གཏན་འབེབས་བྱས་ན་བོད་མི་ཡོངས་ཀྱིས་དེ་ལ་ཆ་བཞག་ནས་འབྲི་དགོས་ངེས་ཡིན། འབྲི་དགོས་པའི་ཁྲིམས་ལུགས་བཟོ་ཆོག་པའི་ཐོབ་ཐང་ཡོད།

    ཐུགས་རྗེ་གཟིགས། བསམ་ཚུལ་ཞུས་པ་ཡིན།

  2. ཅོ་རི་ཉི་མ། says:
    2015-01-30 at 2:57 pm

    ནོར་བཅོས།།།

    # 1 ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
    January 30th, 2015 at 2:43 PM
    ཀམ་པུང་དྲར་ཞེས་པའི་མིང་ཚིག་གི་ཐ་སྙད་འདི་དང་འདི་ལྟ་བུ་རྣམས་སྒྲ་སོར་བཞག་བྱེད་དགོས་གསུངས་པར་དགའ་པོ་བྱུང་། ཐུགས་རྗེ་ཆེ། བསམ་ཚུལ་གཅིག་མཐུན་བྱུང་བས་དགའ་པོ་བྱུང་།

    ༡་་་་ཐ་སྙད་གཅིག་གྱུར་ཡོང་བ་དང་དག་ཆ་གཅིག་གྱུར། འདི་གཉིས་ཀ་གལ་ཆེན་པོ་འདུག ཐ་སྙད་གཅིག་གྱུར་ཡོང་བ་དང་དག་ཆ་གཅིག་གྱུར་ཡོང་བར་ཚིག་མཛོད་རྩ་བ་བརྟེན་ས་ཤིག་དགོས་ཀྱི་འདུག ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཅེས་པའི་ཚིག་མཛོད་དེར་བེད་སྤྱོད་བཏང་ཐུབ་ཀྱི་མི་འདུག

    ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱའི་ངོས་སུ་བཞག་ཡོད་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ཅེས་པའི་ཚིག་མཛོད་དེའི་ནང་དུ་ཚིག་འཚོལ་ཁག་པོ་འདུག བཟོ་སྟངས་ཀྱི་ཆ་ནས་ཡག་པོ་མི་འདུག དཔེར་ན། སྨོན་ལམ་བོད་ཡིག་ཚིག་མཛོད་ལྟར་བཟོས་པ་ཡིན་ན་ཚིག་འཚོལ་བདེ་པོ་རེད། ཨིན་ཡིག་གྱི་ཐོག་ནས་ཚིག་མཛོད་ནང་དུ་བྲིས་པ་ཡིན་ན་བོད་ཡིག་བཏོན་འོང་གི་རེད། བོད་ཡིག་གྱི་ཐོག་ནས་བྲིས་པ་ཡིན་ན་ཨིན་ཡིག་ཐོན་འོང་རེད། དེ་འདྲ་ཡིན་ན་བེད་སྤྱོད་གཏོང་བདེ་བ་འདུག ཤེས་རིག་ལས་ཁུངས་ཀྱི་ཚིག་མཛོད་དེའི་ནང་དུ་་ཚིག་ཞིག་འཚོལ་དགོས་ན་པགས་རྩག་གྱི་ནང་དུ་་ཤིག་འཚོལ་བ་ཆ་རེད་འདུག

    ཨིན་བོད་ཤན་སྦྱར་གཏན་འབེབས་ཀྱི་བརྡ་ཆད་ཅེས་པའི་ཚིག་མཛོད་དེ་ཉིད་ཀམ་པུང་དྲའི་ཐོག་ནས་བེད་སྤྱོད་གཏོང་བདེ་པོ་ཞིག་བཟོ་རོགས་བྱོས་ཅེས་རེ་བ་ཞུ་བཞིན་ཡོད།།

    ༢་་་་ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཐ་སྙད་དང་དག་ཆ་གཉིས་ཀ་ལ་བོད་མི་ཡོངས་ཀྱིས་ངོས་ལེན་བྱེད་དགོས། ཁྲིམས་ལུགས་ཀྱི་ཐོག་ནས་བྱས་ནའང་རང་གཞུང་གིས་གཏན་འབེབས་བྱས་པའི་་ཡི་གེའི་དག་ཆ་དང་ཐ་སྙད་སོགས་སྤྱི་སྤྱོད་ཡིན་དགོས། ཤེས་རིག་ལས་ཁུངས་ལ་ཐོབ་ཐང་ཡོད། སྐད་ཡིག་སྲུང་སྐྱོབ་བྱེད་ཆོག་པའི་འོས་འགན་དང་ཐོབ་ཐང་གཉིས་ཀ་ཡོད། ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཐ་སྙད་དང་ཡི་གེའི་ཆ་དག་ལ་བརྩི་སྲུང་བྱེད་ཀྱི་མིན་ཟེར་ན་མི་འགྲིག

    ༣་་་་ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཚིག་མཛོད་དེ་ཉིད་བོད་མི་ཡོངས་ཀྱི་རྩ་བ་བརྟེན་ས་དང་ཆ་བཞག་ས་བྱས་ནས་འབྲི་དགོས། གསར་འགྱུར་དང་དུས་དེབ། དྲ་རྒྱ་ཁག་གི་རྩོམ་ཡིག་དང་མཆན་བུ་སོགས་འབྲི་དུས་ཤེས་རིག་ལས་ཁུངས་ཀྱི་ཚིག་མཛོད་ལ་རྩ་བ་བརྟེན་ནས་འབྲི་དགོས། དེ་འདྲ་བྱས་ནས་མུ་མཐུད་པ་ཡིན་ན་ཐ་སྙད་གཅིག་གྱུར་དང་དག་ཆ་གྱུར་ཆགས་འོང་གི་རེད་འདོད། བོད་ཆེན་པོའི་སྐད་ཡིག་ཇེ་ཕྱུག་ཆགས་འོང་གི་རེད།

    ༤་་་་དཔེར་ན། ང་ཚོས་དྲ་ཐོག་ཏུ་བོད་ཡིག་འབྲི་དུས་འཛམ་གླིང་འདིའི་ཐོག་ཏུ་ཡོད་པའི་རྒྱལ་ཁབ་ཁག་གི་མིང་འབྲི་དུས་ཀྱང་དག་ཆ་གཅིག་གྱུར་ཞིག་འབྲི་ཐུབ་བཞིན་མེད། ང་ཚོ་ལ་རྩ་བ་བརྟེན་སའི་ཚིག་མཛོད་མེད་དུས་རང་སོ་སོས་རང་སྣང་གང་དྲན་བྱས་ནས་མི་འབྲི་དཀའ་མེད་རེད། ཤེས་རིག་ལས་ཁུངས་ཀྱིས་འཛམ་གླིང་ཐོག་གི་རྒྱལ་ཁག་གི་མིང་གི་དག་ཆ་གཏན་ཁེལ་དང་། གྲོང་དང་གྲོར་ཁྱེར། ཅ་དངོས་གསར་པའི་རིགས། འདི་དག་གི་ཐ་སྙད་དང་དག་ཆ་གཏན་ཁེལ་བཟོས་ནས་གཏན་འབེབས་བྱས་ན་བོད་མི་ཡོངས་ཀྱིས་དེ་ལ་ཆ་བཞག་ནས་འབྲི་དགོས་ངེས་ཡིན། འབྲི་དགོས་པའི་ཁྲིམས་ལུགས་བཟོ་ཆོག་པའི་ཐོབ་ཐང་ཡོད།

    ཐུགས་རྗེ་གཟིགས། བསམ་ཚུལ་ཞུས་པ་ཡིན།

  3. ཅོ་རི་ཉི་མ། says:
    2015-01-30 at 3:08 pm

    ཡང་བསྐྱར་ཤེས་རིག་ལས་ཁུངས་ལ་བསམ་འཆར་ཞིག་ཞུ་རྒྱུ་ཡོད། ཤེས་རིག་ལས་ཁུངས་ཀྱིས་ཐོག་ནས་ཤུགས་རྒྱབ་དགོས་ཀྱི་འདུག མི་གཏོང་དགོས་ན་མི་གཏོང། རྒྱུ་གཏོང་དགོས་ན་རྒྱུ་བཏང་ནས་Google Translate སྒུང་ལྒན་སྐད་སྒྱུར་གྱི་ནང་དུ་བོད་ཡིག་བཅུག་དགོས་ཀྱི་འདུག གལ་ཆེན་པོ་འདུག ཤུགས་རྒྱབ་རོགས་བྱོས་ཅེས་རེ་བ་ཞུ་བཞིན་ཡོད། མི་མི་གྲལ་ཚུད་དགོས། སྐད་སྐད་གྲལ་ཚུད་དགོས། རྒྱལ་ཁབ་རྒྱལ་ཁབ་ཀྱི་གྲལ་དུ་ཚུད་དགོས། འདི་དག་ལ་འབད་བརྩོན་བྱ་དགོས།

  4. དུད་འགྲོ་ says:
    2015-01-30 at 3:43 pm

    ཐུགས་རྗེ་གཟིགས་མཆན་མཁན་པ་ཚོ་་་ཁྱེད་ཚོ་ལ་སེམས་ཤུགས་ཡོད་ན་་་སྐད་ཡིག་གཅིག་གྱུར་གྱི་ལས་གཞི་ཐོག་བགྲོ་གླེང་གནང་རོགས་་་མཁྱེན་ལྡན་ཅོ་རི་ལགས་་་མི་རིགས་་གཞན་གྱི་ཐ་སྙད་རང་སོར་བཞག་ནའང་སྐྱོན་གཅིག་འདུག་་་མུ་མཐུད་མསམ་ཚུལ་ཞུ་འོང་

  5. དུད་འགྲོ་ says:
    2015-01-30 at 3:54 pm

    མཁྱེན་ལྡན་ཅོ་རིས་བསམ་ཚུལ་བཞིན་་་གུ་གལ་translation ནང་བོད་ཡིག་བསྒྱུར་ཡ་དེ་ཐོག་ཤུགས་་བརྒྱབ་་རོགས་་ཁར་སྔོན་མཁྱེན་ལྡན་ཞིག་གིས་དེའི་སྐོར་རྩོམ་གཅིག་བཏོན་སོང་སྟེ་་་དོ་སྣང་བྱེད་མཁན་དཀོན་པོ་བྱུང་སོང་་་གུ་གལ་གྱི་བོད་ཡིག་བསྒྱུར་བའི་དུས་གཅིག་བྱུང་ན་ང་ག་འདྲ་སྐྱིད་པ་ལ་ཨ་

  6. རྟ་བདུན་དབང་བོ says:
    2015-01-30 at 4:04 pm

    དེང་དུས་འཕྲུལ་ཆ་གསར་བའི་མིང་སྒྲ་སོར་བཞག་བྱས་ན་ལེགས་མོད་ཀྱང་། གློག་ཀླད་དང་གནམ་གྲུ་སོགས་ཀྱི་མིང་ཧ་ཅང་གི་འོས་ཤིང་འཚམ་པར་འདུག་བསམ་བྱུང་། དཔེར་ན། གློག་བརྙན། མེ་འཁོར། རླུང་འཁོར། ལྕགས་རྟ། འཕྲུལ་རྟ། མེ་མདའ། སྒྲ་འཁོར་སོགས་ནི་འོས་ཤིང་འཚམ་པར་འདུག །

  7. དུད་འགྲོ་ says:
    2015-01-30 at 4:09 pm

    བསོད་ནམས་ཟླ་བ།
    གུ་གུལ་གྱི་དྲ་ཐོག་ཡིག་བསྒྱུར་ཞབས་ཞུའི་ Google Translator ནང་རྒྱལ་ཁབ་ ༩༠ ལྷག་གི་སྐད་ཡིག་ཡོད། རང་ཅག་བོད་ཀྱི་སྐད་ཡིག་ཀྱང་ཡིག་བསྒྱུར་གྱི་ཞབས་ཞུའི་ནང་དུ་རྐུབ་སྟེགས་ཞིག་ཐོབ་པར་བོད་མི་མི་རེ་ངོ་རེར་ལག་ཐོག་ཏུ་འདུག །དེའང་དང་ཐོག་དབྱིན་ཡིག་གི་མིང་ཚིག་མི་ཉུང་བ་ཞིག་བོད་ཡིག་ནང་བསྒྱུར་ཚར་དགོས་པ་དང་། མིང་ཚིག་དེ་དག་མི་སུས་བསྒྱུར་ན་ཡང་འགྲིགས་ཀྱི་འདུག
    tibetan-google-translator

    གཤམ་ལ་གུས་པས་གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་དབྱིན་ཡིག་མིང་ཚིག་དེ་དག་བོད་ཡིག་ནང་བསྒྱུར་སའི་ས་ཐོག་དེ་སྟོན་གྱི་ཡིན།

    གཤམ་གྱི་འགྲོ་ལུགས་ལྟར་བྱོས།
    ༡༽ དྲ་ཚིགས་དེར་ཕེབས་ https://translate.google.coVm/
    ༢༽ འོག་འོག་གི་ Community ཟེར་བ་དེར་གནོན།
    ༣༽ My Language ལ་གནོན་རྗེས་དབྱིན་ཇི་ཤེས་མཁན་ཚོས་ English དང་ Tibetan དེ་གཉིས་འདེམས། རྒྱ་ཡིག་ཤེས་མཁན་ཚོས་ Chinese དང་ Tibetan འདེམས། ཧིན་དྷི་ཤེས་མཁན་ཚོས་ Hindi དང་ Tibetan དེ་གཉིས་འདེམས།
    ༤༽ དེ་ནས་ Translate ཞེས་པའི་སྔོ་རྟགས་དེར་མནན་ནས་མིང་ཚིག་རེ་རེ་བཞིན་བོད་ཡིག་ནང་བསྒྱུར་འགོ་བཙུགས་ན་འགྲིག
    ༥༽ མིང་ཚིག་རེ་རེ་བསྒྱུར་ཟིན་པ་དང་ Submit བྱེད་དགོས། གལ་ཏེ་མིང་ཚིག་ཁ་ཤས་ཁྱེད་ཀྱིས་བསྒྱུར་མ་ཤེས་ན་ skip ཐོག་ལ་གནོན་ན་འགྲིགས།
    གུ་གུལ་ཡིག་བསྒྱུར་ཞབས་ཞུའི་ནང་བོད་ཡིག་སླེབས་ཐུབ་མིན་གཙོ་བོ་ནི་མིང་ཚིག་བརྒྱ་ཆ་ 60% ཡན་བོད་བསྒྱུར་བྱས་ཟིན་པ་དགོས། དེར་བརྟེན་ང་ཚོ་མི་རེ་ངོ་རེས་ཤུགས་རྒྱག་དགོས་པར་མཐོང་།
    འབྲེལ་ཡོད་གཞན་རྣམས་འབྲེལ་ཐག་འདིར་གཟིགས་ http://www.sonamdawa.com/2015/01/blog-post.html

    འདིར་གུས་པས་་མཁྱེན་ལྡན་བསོད་ཟླའི་རྩོམ་དེ་འདིར་ཡང་བསྐྱར་ཁྱེར་ཡོང་པ་ཡིན་་་ཚང་མས་སླར་ཡང་དོ་སྣང་ཡོང་བའི་ཆེད་དུ་ཡིན་་ནོར་འཁྲུལ་་ཡིན་ན་དགོངས་གསོལ་ཞུ་་་

  8. དུད་འགྲོ་ says:
    2015-01-30 at 4:46 pm

    རྟ་དབང་ལ་མོས་མཐུན་ཡོད་་
    རླུང་འཁོར་ལ་་རླང་འཁོར་འོས་་་འཕྲུལ་རྟ་ལ་་་སྦག་སྦག་འོས་

  9. ཅོ་རི་ཉི་མ། says:
    2015-01-30 at 4:59 pm

    ཐ་སྙད། སྐད་ཡིག
    1 Tomato English
    طماطم2 Arabic
    3 tamatie Afrikaans
    4 domate Albanian
    5 tomatea Basque
    6 tomàquet Bosnian
    7 tomato Cebuano
    8 tomato Chichewa
    9 tomat Danish
    10 tomaat Dutch
    11 tomato Esperanto
    12 tomat Estonian
    13 tomaatti Finnish
    14 Tomate French
    15 Tomate Galicia
    16 Tomate German
    17 ντομάτα Greek
    18 tomat Haitian Creole
    19 tumatir Hausa
    20 टमाटर Hindi
    21 tómatar Icelandic
    22 tomato Igbo
    23 tomat Indonesian
    24 トマト Japenese
    25 tomat Javannese
    26 토마토 Korean
    27 tomāts Latvian
    28 домати Macedonian
    29 tomato Malay
    30 tōmato Maori
    31 tomat Norwegian
    32 Tomate Portuguese
    33 помидор Russian
    34 tamati Sesotho
    35 Tomate Spanish
    36 tomat Sundanese
    37 tomat Swedish
    38 domates Turkish
    39 tomato Welsh
    40 tomati Yiddish
    41 utamatisi Zulu
    42 ཀྲོ་མ་ཀྲོ Tibetan

    སྒང་ལྒན་སྐད་སྒྱུར་གྱི་ནང་དུ་བལྟས་ན་སྐད་ཡིག་༤༡་གི་ནང་དུ་ཀྲོ་མ་ཀྲོ་ཞེས་བརྗོད་ཀྱི་འདུག རང་གིས་ཀློག་ཐུབ་པ་རྣམས་བཀླགས། ཀློག་མི་ཤེས་པའི་སྐད་ཡིག་རྣམས་ཀྱི་སྒྲ་ལ་ཉན་ནས་འདིར་བཀོད་པ་ཡིན། སྐད་ཡིག་༤༡་གི་ནང་དུ་སྒྲ་གདངས་ཏོག་ཙམ་རེ་མི་འདྲ་བ་མ་གཏོགས་གཅིག་གྱུར་གྱིས་ཀྲོ་མ་ཀྲོ་ཞེས་བརྗོད་བཞིན་འདུག་མོད། ང་ཚོས་ཀྱང་ཀྲོ་མ་ཀྲོ་ཞེས་འབྲི་དགོས་པ་དང་བརྗོད་དགོས་པ་ལས་་་མིང་ལྷག་གཞན་ཞིག་བཏགས་ན་དགེ་མཚན་ཅི་ཡང་མི་སྣང་། མ་ཟད་འཛམ་གླིང་གི་མི་ལ་གོ་བརྡ་འཕྲད་པར་ཐག་རིང་དུ་འགྲོ་ངེས་པས་སྒྲ་སོར་བཞག་བྱས་ནས་སྒྱུར་ན་ཡག་བ་ཡོད་པར་འདོད།

  10. ཅོ་རི་ཉི་མ། says:
    2015-01-30 at 5:18 pm

    དེང་སང་གོ་ལ་གཅིག་གྱུར་དང་རིག་གཞུང་གཅིག་གྱུར། ཆས་གོས་གཅིག་གྱུར་དང་ཟས་རིགས་གཅིག་གྱུར། ཐ་སྙད་གཅིག་གྱུར་དང་བསམ་ཕྱོགས་གཅིག་གྱུར་སོགས་གོ་ལ་འདི་ལ་གཅིག་གྱུར་མང་པོ་ཞིག་ཆགས་འོང་བཞིན་ཡོད། ང་ཚོ་བོད་ཀྱིས་ངོས་ནས་ཀྱང་གོ་ལ་གཅིག་གྱུར་གྱི་ནང་དུ་གོམ་པ་མདུན་སྤོ་བྱ་དགོས། འདི་ནི་དབྱར་གྱི་གནམ་ཆུ་བཞིན་བཀག་འདོད་ན་འགོག་ཐུབ་པའི་བྱ་བ་ཞིན་མིན། ང་ཚོས་མདུན་མཆོང་བྱེད་དགོས། དཔེར་ན་་་་ཀམ་པུང་དྲར་ཞེས་བྲིས་ནས་བེད་སྤྱོད་པ་ཡིན་ན་ཇི་སྲིད་དུས་ཀྱི་བར་དུ་ཐ་སྙད་འདི་གནས་ངེས་ཡིན། ཀམ་པུང་དྲར་ཞེས་བརྗོད་མཁན་འཛམ་གླིང་འདིར་ཇེ་མང་མ་གཏོགས་ཇེ་ཉུང་འགྲོ་མི་སྲིད། གློག་ཀླད་ཅེས་བརྗོད་ན་སྔ་ཕྱི་མ་གཏོགས་ཐ་སྙད་འདིའི་ཕམ་ཁ་ཁུར་ནས་ཤི་ངེས་ཡིན། འདི་དང་འདི་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་སྒྲ་གདངས་ཙམ་དང་མཐུན་པའི་སྐད་ཡིག་མང་པོ་ཤི་ཟིན་པ་རེད། བོད་ཡིག་འདི་འཛམ་གླིང་འདིའི་ཐོག་ཏུ་ཡུན་རིང་གནས་དགོས་ན་འཛམ་གླིང་སྤྱི་སྤྱོད་ཀྱི་ཐ་སྙད་བེད་སྤྱོད་གཏོང་དགོས།། ལ་ཁུག་ལུང་ཁུག་གི་མིང་ཚིག་གི་ཚེ་སྲོག་ཡུན་གནས་ཐུབ་པའི་རེ་བ་མེད།

  11. གཞོན་ནུ་ཟླ་མེད། says:
    2015-01-30 at 8:28 pm

    འདིའི་ཕྱོགས་ལ་ལས་དོན་སྒྲུབ་རྒྱུ་ཕྱི་མེད་ན་སྔ་མེད། གོང་གི་ཅོ་རིའི་བསམ་ཚུལ་དེ་དག་ཤིན་ཏུ་ཡག་པོ་འདུག མ་གཞི་དེའི་སྐོར་ལ་བགྲོ་གླེང་གནང་མཁན་སྐུ་བཞོན་པ་དེས་སྒྲ་སྦྱོར་བམ་གཉིས་ཀྱི་ལུང་དྲང་ནས་བསམ་ཚུལ་ཕུལ་བཞིན་འདུག་མོད། དུས་ཚོད་ཀྱི་དབང་གིས་དྲི་བ་འདྲི་མཁན་གྱི་ཚིག་མཚམ་བཅད་སོང་། སྒྲ་སྦྱོར་བམ་གཉིས་ཀྱི་རྩ་འཛིན་དེ་དག་གལ་ཆེན་དོན་ཆེན་རེད། སྐྱེ་དངོས་དང་ས་ཆའི་མིང་དེ་དག་སྒྲ་བསྒྱུར་ཙམ་བྱས་ན་འགྲིག དེའི་རིགས་འགྲོས་ཀྱིས་ཅ་ཅག་གསར་བའི་རིགས་ཀྱང་སྒྲ་བསྒྱུར་ཙམ་བྱས་ན་འགྲིག གོང་གི་ཅོ་རིའི་བསམ་ཚུལ་ལྟར་རེད། སྒྲ་བསྒྱུར་ཙམ་བྱས་ན་བོད་ཡིག་སྟེང་ན་ཡོད་ལ། བོད་སྐད་ཐོག་ན་ཡང་ཡོད་པ་ཞིག་རིམ་བཞིན་ཆགས་འགྲོ་གི་རེད། དཔེར་ན་ཝ་ར་ན་སི་དང་། ལྟ་བུ་རེད། བོད་སྐད་སྟེང་ན་ཡང་ཡོད་ལ། མིང་འདི་ཙམ་གྱི་སྟེང་ནས་རྒྱ་གར་ལ་སླེབས་ན་ཡང་མིང་འདི་ཀ་རང་གི་སྟེང་ནས་ཝ་ར་ན་སི་རྙེད་འགྲོ་གི་རེད། དེ་བཞིན་དུ་མེ་ཏོག་པདྨ་ལྟ་བུ་ཡང་གཅིག་པ་རེད། རིམ་གྱིས་བོད་སྐད་ཆགས་བསྡད་ཡོད་པ་རེད། མུ་མཐུད་ནས་འདིའི་སྟེང་དུ་བསམ་ཚུལ་མང་པོ་བརྗོད་དགོས་ཀྱི་འདུག

  12. ཨ་ར་དཀར་པོ says:
    2015-01-30 at 10:03 pm

    ཐ་སྙད་གཅིག་གྱུར་དགོས་འདུག་ཟེར་ནས་བོད་ནང་ནས་མང་པོ་ཞིག་གིས་སྐད་བརྒྱབ། མང་པོ་ཞིག་མཉམ་དུ་འཚོགས་ནས་དཀའ་ལས་བརྒྱབ་ནས་ཐ་སྙད་མང་པོ་བོད་ཡིག་ཐོག་བསྒྱུར། དེབ་སྣ་ཚོགས་བཟོས། དེ་ནས་གང་འཚམས་ཤིག་ནས་བཙན་བྱོལ་ནང་ནས་ཀྱང་གཉིད་སད་པ་འདྲ་ཞིག་བྱས་ནས་ཐ་སྙད་གཅིག་གྱུར་དགོས་གཏན་འབེབས་དགོས་ཟེར་ནས་སྐད་བརྒྱབ། ཕྱི་ནང་གཉིས་ནས་གཅིག་གིས་གཅིག་ལ་མི་བསྟུན་པར་ང་ཡིན་ཁོ་ཡིན་ཟེར་ནས་ཐ་སྙད་བསྒྱུར། དངོས་པོ་རེ་ལ་མིང་མི་འདྲ་བ་དུ་མར་གྱུར། བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་སྤྱོད་སྟངས་མི་མཐུན་པར་གྱུར། མང་པོ་ཞིག་དེའི་བར་ནས་མགོ་འཐོམས། མིང་ཚིག་མི་འདྲ་བའི་དབང་གིས་བསམ་བློ་དང་ལྟ་བའང་རིམ་གྱིས་ཐག་ཇེ་རིང་དུ་གྱུར། མཐར་བོད་པ་ཟེར་བ་མུ་གེའི་སྒང་ལ་ཟླ་ལྷག་བཞིན། ་་་་་་་་་ བོད་པ་ཚོ་ནམ་ཡང་དེ་འདྲ་ཞིག་ཏུ་མི་འགྱུར་བར་སྨོན། ཐ་སྙད་ནི་ཐ་སྙད་དེ་དངོས་པོ་གང་ཞིག་གཞན་དང་མ་ནོར་བར་ངོས་འཛིན་བྱེད་ཙམ་རེད། ཐ་སྙད་ཅིག་གི་སྒྱུར་སྟངས་དང་སྒྱུར་ཁུངས་དག་མིན་འགྲིག་མིན་དབང་གིས་བོད་ཀྱི་སྐད་ཡིག་གཅིག་གྱུར་ལ་གནོད་པའི་བྱ་བ་མི་རྩོམ་པར་ཞུ། ཕན་ཚུན་བསྟུན་ཤེས་ཀྱིས་དཀྱེལ་ཡངས་གནང་རོགས།

  13. BONPO says:
    2015-01-30 at 10:07 pm

    ཤེས་རིག་ལས་ཁུངས་ཀྱིས་བཟོས་པའི་ཐ་སྙད་དང་དག་ཆ་དེ་རྣམས། བོད་མི་རིགས་ཀྱི་གདོད་མའི་སྐད་རིགས་ཁག་གཞིར་བཞག་ནས་དེ་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་འཆུད་ཀྱི་ཆེད་དུ་བཟོས་པ་ཞིག་ཡིན་ན་ཁས་ལོས་ལེན། དགའ་བསུ་ལོས་ཞུ། དེ་མིན་ཁས་ལེན་དགོས་ཟེར་ནས་བཙན་དཀའ་བཏང་ན་ངོ་མ་དཀའ་མོ་ཡིན་འགྲོ་ད། །

  14. གཞོན་ནུ་ཟླ་མེད། says:
    2015-01-31 at 1:40 am

    ཐ་སྙད་གསར་བའི་སྐོར་ལ་བཙན་བཀའ་གཏོང་མ་ཐུབ་ན་གང་ཤེས་མ་གཏོགས་བཙན་བཀའ་གཏོང་དགོས་སར་བཙན་བཀའ་གཏོང་དགོས་པ་རེད། དེ་མིན་ར་ལངས་ཆ་ལངས་བྱས་ནས་མཁས་བླུན་ཚང་མས་རང་རང་ས་ནས་མིང་འདྲ་བཏགས། གཞན་གྱིས་ག་ལ་གོ་ཞག་གསུམ་ལོན་ན་རང་གིས་ཀྱང་མི་གོ་བ་དེ་འདྲ་རེད།
    བོད་ཀྱི་སློབ་གྲྭ་ཁག་ན་རྒྱ་ཡིག་ནི།།
    གཞི་ལ་བཞག་ནས་རང་དགར་བསྒྱུར་ཁ་བྱས།།
    དེ་ཡི་སྒྲུབ་བྱེད་རྒྱ་ཡི་ཐ་སྙད་འགའ།།
    རྟ་ཡི་རྟུ་ལི་གཏོང་གཏོང་བྱེད་བཞིན་འདུག།
    དེ་བཞིན་དགོན་སྡེ་ཁག་ན་རང་རང་གིས།།
    སེམས་ལ་དྲན་ཚད་བཏགས་ནས་འབྲི་བར་བྱེད།།
    བཙན་བྱོལ་ནང་ན་རང་རང་བློ་གྲོས་ཀྱིས།།
    རྒྱ་གར་སྐད་དང་དབྱིན་སྐད་འདྲ་བ་དག།
    རང་གིས་ཤེས་ན་མ་གཏོགས་གཞན་གྱིས་ནི།།
    དོན་དག་གང་ཡང་མི་ཤེས་པ་དག་སྤེལ།།
    ཤེས་ཡོན་སྲིད་ཇི་ལ་སོགས་ཡིག་འཇོག་དག།
    ཤེས་རིག་ལས་ཀའི་ཁུངས་ན་ཤེས་རིག་གི།
    སྲིན་བུ་མེ་ཁྱེར་འདྲ་བའི་འོད་སྣང་ནི།།
    སྐབས་རེ་ཡོད་ལ་སྐབས་རེར་མེད་འདྲ་བ།།
    ལས་ཁུངས་ནང་ན་དེབ་རེ་བྲིས་ནས་ཡོད།།
    ས་གནས་སློབ་གྲྭ་ཁག་ན་གཏན་ནས་མེད།།
    ཤེས་ཡོན་སྲིད་ཇུས་ཟེར་བའི་གྲགས་སྐད་དེ།།
    གཏམ་བཤད་ཙམ་ལས་ལག་ལེན་མེད་པ་ཡི།།
    ཟ་མ་མོ་གཤམ་དག་གི་ཕོ་རྟགས་འདྲ།།
    ད་དུང་དེ་ཙམ་གྱི་ནི་ག་ལ་ཚད།།
    ཁ་སང་དེ་རིང་རླུང་རྟ་རྒྱུགས་དྲག་ནས།།
    མགོ་ལོག་པ་ཡིས་ཐ་སྙད་གསར་བཟོ་མང་།།
    ས་གནས་འབྲོག་པའི་ཐང་ནས་བརྒལ་སོང་ན།།
    ཨ་མདོས་མི་གོ་ཁམས་ཀྱིས་ག་ལ་གོ།
    དབུས་གཙང་སྟོད་པ་དག་ལ་དེ་བས་ཀྱང་།།
    དེ་ལྟར་བོད་བརྡ་ཐ་སྙད་སློག་ཧྲིལ་འདི།།
    གཅིག་གིས་ཡར་འཐེན་གཅིག་གིས་མར་འཐེན་ནས།།
    དུམ་བུར་དུམ་བུར་གཏུབ་པའི་ཚུལ་འདི་ལ།།
    སེམས་པའི་གཏིང་ནས་སྐྱོ་བ་རབ་ཏུ་སྐྱེས།།
    གོང་གི་བགྲོ་གླེང་བཀོད་སྒྲིག་བྱེད་མཁན་དག་གིས་བཀོད་སྒྲིག་བྱས་པ་རྗེས་སུ་ཡི་རེེངས་ཀྱི་གནས་རེད་མོད། འདི་མུ་མཐུད་བཀོད་སྒྲིག་བྱེད་དགོས་པ་དང་། དེ་བཞིན་ཆོལ་ཁ་གསུམ་དང་ཧི་མ་ལ་ཡའི་རི་བརྒྱུད་སོགས་ཀྱི་བོད་སྐད་བཤད་དོ་ཅོག་གིས་བསམ་ཚུལ་བསྡུ་བ་དང་། མ་མཐའ་ཡང་ཆོལ་ཁ་གསུམ་གྱི་སྐད་ཐོག་ནས་བགྲོ་གླེང་བྱེད་རྒྱུ་ན། ཁ་སྐད་ཐག་ཇེ་ཉེར་འགྲོ་རྒྱུ་རེད་བསམ། དེ་མིན་ཆོལ་ཁ་གསུམ་གྱི་སྐད་ལས་སྐད་གང་ཞིག་མི་མང་ཤོས་ཀྱིས་བཤད་ཀྱི་ཡོད་པ་རེད་དེ་ལ་ཡང་བསམ་ཤེས་བྱེད་དགོས་ངེས་ཞིག་རེད་འདོད།།

  15. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 1:41 am

    མིང་དག་ཨིན་ཡིག་སོར་བཞག་བྱས་ན། ཨིན་སྐད་དུ་སྦྱངས་པའི་སློབ་མ་དང་། བོད་སྐད་དུ་སྦྱངས་པའི་སློབ་མའི་ཤེས་ཡོན་གཉིས་ཀ་གཅིག་མཚུངས་སུ་འགྱུར་བའི་དགོས་པ་ཡང་ཡོད།

  16. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 2:29 am

    མོ་བིལ་ཁ་པར་ལ། ལག་ཐོགས་ཁ་པར་དང་། མཉམ་འཁྱེར་ཁ་པར།
    ཀམ་པུ་ཊར་ལ། རྩིའ་འཁོར་དང་། ཀློག་ཀླད།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 2:33 am

    བི་ཇི་ལི། ལ། ཀློག་བཞུ།
    རྦ་ཇར། ལ། ཁྲོམ།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 2:45 am

    cake = བཀེག

  19. ཁྱུང་སེ། says:
    2015-01-31 at 2:50 am

    ཀརྡོ་ལགས་ཀློག་ཀླད་ཅེས་མིང་འདི་ཁྱེད་ཀྱིས་གསར་བཟོས་རེད་པས། དེ་མིན་གློག་ཀླད་ཅེས་ཡོངས་སུ་གྲགས་སོ།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 3:03 am

    ཐ་སྙད་གཏན་འབེབས་ཀྱི་དབང་ཚད་ཤེས་རིག་ལས་ཁུངས་ལ་ཡོད་དགོས། གལ་སྲིད་མཁས་པ་བྱེ་བྲག་པ་གཅིག་གིས་རང་ལྟ་བ་དང་མཐུན་ཚིག་དེ་གཅིག་འགྱུར་ནང་ལ་ཡོད་དགོས་ན། ཚིག་གསར་སྒྲིག་བཟོ་དུས་ནས་མ་སྐུལ་དང་བླངས་ཀྱིས་བཟོས་ཚར་པ་བྱེད་དགོས།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 3:06 am

    ཀློག་ཀླད་ལ་གློག་ཀླད་ལ་བཅོས། ཁྱུང་སེ་ལགས་ཀྱིས་ངའི་ནོར་བ་དེ་བཅོས་པར་ཐུགས་རྗེ་ཆེ།

  22. དགེ་འདུན་རྒྱ་མཚོ། says:
    2015-01-31 at 3:30 am

    བཙན་བྱོལ་བ་ཚོས་ཐ་སྙད་མང་བོ་ཞིག་ལ་སྐྱོན་བཟོ་བཞིན་ཡོད། དཔེར་ན།  མ་སྐད་གང་ནས་བསྒྱུར་མིན་ལ་མ་ལྟོས་པར་མེ་འཁོར་ནི་བོད་སྐད་རྣལ་མ་ཞིག་ཡིན་ཐག་ཆོད་རེད། ཡིན་ན་ཡང་ལྷ་སར་བསྒྱུར་བའི་གློག་བརྙན་མང་བོའི་ནང་། མེ་འཁོར་ལ་རི་ལི་ཟེར་གྱིན་འདུག དེ་བཞིན་དུ་འགྲུལ་སྐྱེལ་རླངས་འཁོར་ལ་སྦ་སི་དང་། འཛིན་བྱང་ལ་པ་སི་ཟེར་གྱིན་འདུག འདི་ནི་བཙན་བྱོལ་བ་ཚོས་བོད་ནང་གི་བོད་པ་ཚོར་སྤྲད་པའི་སློབ་གསོའི་རྨང་གཞི་རེད། བཀའ་དྲིན་འདི་སུས་ཀྱང་འཇལ་དཀའ་བ་རེད། དེ་བཞིན་དུ་བཙན་བྱོལ་བ་རྙིང་བ་ཚོས་བཙན་བྱོལ་བ་གསར་བ་ཚོར་སློབ་གསོ་ཅི་ཞིག་སྤྲད་ཀྱིན་ཡོད་པ་ནི་ཚོད་དཔག་བྱེད་དཀའ་བ་རེད། 

  23. ཅོ་རི་ཉི་མ། says:
    2015-01-31 at 6:57 am

    Bus་ལ་སྦ་སི་ལབ་ན་འགྲིག་པ་རེད། འཛམ་གླིང་ཐོག་ཏུ་སྐད་ཡིག་སུམ་ཅུ་བཞི་བཅུའི་ནང་སྦ་སི་བརྗོད་བཞིན་འདུག་མོད། བོད་སྐད་ཀྱི་ཐོག་ནས་སྦི་སི་བརྗོད་ན་དོན་ལྡན་རེད། འཛམ་གླིང་མི་དམངས་དང་གོ་བརྡ་འཕྲད་པར་ཐག་ཉེ་རུ་ཕྱིན་པ་རེད། སྦ་སི་བརྗོད་པ་དང་འབྲི་བ་ནི་ལུགས་མཐུན་རེད།

  24. ཇུས་ཏོག says:
    2015-01-31 at 9:09 am

    ཁ་ཚུམ་དྲ་འབུ་ཚོ་ཐ་སྙད་་གལ་ཆེན་པོ་མ་རེད་།
    གོ་བརྡ་འཕྲོད་ན་འགྲིག་པ་རེད་།
    ཕ་ཡུལ་རྒྱ་རྩུས་སླྲད་ནས་ཐ་སྙད་གླེང་་།
    འཇོན་པོ་ཡོད་ན་ཕ་ཡུལ་ལེན་དང་།ཕོ་ཁྱོ་ག་རེད་།བུ་རྒོད་པོ་རེད་།རྟ་འདུ་ལུ་རེད་།
    དམན་འཛང་མ་རེད་།
    ཧ་ཧ་ཧ་ཐ་སྙད་ལ་མགོ་འཁོར་རང་ཡུལ་མི་ལ་སྤྲད་།

  25. ཁྱུང་སེ། says:
    2015-01-31 at 10:08 am

    ཇུས་ཏོག་ཚ་བ་ལ་ཨ་ཧོ

  26. ཀརྡོ་གཉེར་ཕྱག་པ་ says:
    2015-01-31 at 10:44 am

    ཐ་སྙད་ལ་ནི་མ་བརྟེན་པར། །
    དམ་པའི་དོན་ནི་རྟོགས་མི་འགྱུར། །

    བོད་བརྡ་ལ་ནི་མ་བརྟེན་པར། །
    རང་བཙན་དོན་ནི་རྟོགས་མི་འགྱུར། །

    ཐ་སྙད་མེད་པས་མ་ཡིན་པར། །
    ཐགསྙད་མང་དྲགས་གཅིག་གྱུར་སྐྱོན། །

    གནོད་ཕྱིར་མཁས་པའི་བགྲོ་གླེང་ལ། །
    འདྲ་འབུ་ངུ་དོན་ཡོད་མ་ཡིན། །

  27. གནམ says:
    2015-01-31 at 11:33 am

    མཁས་བ་ག་ཚོད་ནི་ན་འདྲ། དབང་ཆ་ག་ཚོད་ཡོད་ན་འདྲ། སྐད་གཅིག་གྱུར་ཞིག་ནི་གཏོང་ཐབ་མེད། ཡུལ་སོ་སོ་ལ་ཀློག་སོ་སོར་ཡོད། མིང་ཚིག་ནི་གཅིག་གྱུར་ལ་ཡོང་མདོག་མེད། གནའ་ནས་ད་བར་དོན་གཅིག་མིང་གི་རྣམས་གྲངས་ག་ཚོད་དགོས་དགོས་རེད།
    དགྱ་ཡིག་ནས་བསྒྱུར་ན་འདྲ། དབྱིན་ཡིག་ནས་བསྒྱུར་ན་འདྲ། དོན་སྟོན་པའི་ཚིག་ཞིག་ཡིན་དགོས། དེ་འདྲ་མིན་པར། སྒྲ་སོར་བཞག་པ་ཡིན་ན། དེ་ལ་བོད་ཡིག་སྐྱབས་ཐུབ་པའི་དགེ་མཚན་རྟུལ་ཙམ་ཡང་མེད། དོན་གོ་མེད་པའི་ཀ་ཁ་ཞིག་སྒྲིག་པ་ལ་ཆོད་ག་རེ་ཡོད་པ་རེད། དེ་ལས་དབྱིན་ཡིག་ཡག་པ་ཞིག་སྦྱང་ན་བཟང་བ་རེད།

    སྐུ་མགྲོན་གཉིས་ལ་མཁས་པའི་གསོན་ཉམས་ལྡན་པའི་སྐད་ཆ་གཅིག་ལ་མི་འདུག། དྲི་བའི་ལན་ཡང་ཏག་ཏག་ཞིག་རྒྱག་ཐུབ་པ་མི་འདུག།

    མཐུན་མོང་མ་ཡིན་པའི་བོད་ལ། སྐད་ཡང་མཐུན་མོང་མ་ཡིན་པ་ཞིག་ཡོད། ཡིག་གེ་ཡང་དེ་བཞིན་རེད། ཡོད་པ་དེ་ཆ་ཚང་བར་བྱེད་པ་ལ་ཚིག་གསར་མང་པོ་ཞིག་བོད་ཡིག་བོད་སྐད་ཀྱི་ལམ་ནས་གོ་དོན་སྟོན་པའི་བསྒྱུར་ཞིག་དགོས་འདུག་ཟེར་བ་ལས། སྒྲ་སོར་བཞག་པ་ཡིན་ན། སྤྱི་མཐུན་གྱི་སྒྲ་སྐད་མི་དག་པ་ཞིག་ལས། ཉན་འཕྲང་ལས་སྐྱོབས་དགོས་བ་ཞིག་ཆགས་འགྲོ་བཞིན་མི་འདུག་པ་ཡང་ཤེས་མི་འདུག། ཐབས་སྐྱོ་བ་ལ།
    སྒྲ་ཐད་བསྒྱུར་ཁོ་ན་བྱེད་པ་ལ། སྒྲ་དེ་ཡོང་ཁུང་གི་ཡུལ་གཙོ་བ་ལས། གཞན་ནི། དགྱ་ནག་ནས་བསྒྱུར་ན་མི་དག་མདོག་མདོག་དང་། དབྱིན་ཡིག་ནས་བསྒྱུར་ན་དགེ་མཚན་ཞིག་ཡོད་མདོག་ནི། རང་མཐོང་འཛིན་པ་ཙམ་ལས་གཞན་མི་འདུག་གོ། སྐུ་ལོ་ཚོ།

  28. བཀྲ་ཤིས། says:
    2015-01-31 at 1:30 pm

    ཇུས་ཏོག་གི་མཆན་༢༤ དེ་ལ་ལྗིད་གོག་ཆེ་ཙམ་འདུག།

  29. ཁྱུང་སེ། says:
    2015-01-31 at 7:34 pm

    ཐ་སྙད་མི་དགོས་དོན་དམ་དགོས་ཟེར་བ་ནི་འཁོར་བ་མི་དགོས་མྱང་འདས་དགོས་་་ཀུན་རྫོབ་མི་དགོས་དོན་དམ་དགོས་་་་སེམས་ཅན་མི་དགོས་སངས་རྒྱས་དགོས་ཟེར་བ་དང་གཅིག་པ་རེད་་་་་རང་ཉིད་ཐ་སྙད་ཀྱི་གླིང་དུ་བསྡད་ཐ་སྙད་མི་དགོས་ཟེར་བ་ནི་་་་བསྡད་ས་པྲལ་བར་བསྡད་ནས་མིག་ལ་ཐལ་བ་འདེབས་ཚུལ། ཟེར་བའི་དཔེ་དེ་རེད།

  30. ཇུས་ཏོག says:
    2015-01-31 at 10:30 pm

    མཁས་པའི་མགྲན་བརྩོད་དྲ་ནང་མིན་།
    མཁས་པ་ཡིན་ན་མཁས་སར་འབསྡོད་།
    གཞུང་ཆེན་སྦྱང་ནས་བརྩོད་བརྒྱུགས་སྤྲོད་།
    མཁས་མིང་རྟགས་མ་དེ་ནས་ཐོབ་།
    བྱ་དགའ་གསོལ་རས་དེ་ནས་ཐོབ་།
    གཏམ་བརྒྱུད་བཟང་པོ་དེ་ནས་རག།
    ཐ་སྙད་འདས་མ་ཐག་པ་དང་།
    གོ་བརྡ་འཕྲོད་པ་དམངས་ཡིག་རེད་།
    ལས་མེད་མི་ལ་ཐ་སྙད་གལ་ཆེ་ཀྱང་།
    དམངས་འཕྲོད་མི་ལ་གོ་བརྡ་འཕྲོད་་ན་འགྲིག་།
    ཧ་ཧ་ཧ་ཐ་སྙད་ལ་མགོ་འཁོར་ནས་གཞིས་ཞུགས་བོད་མི་རྗེད་མི་ཉན་།
    སྐུ་མཁྱེན་་་་་་་་་་་་སྐུ་མཁྱེན་་་་་་་ ་་་་སྐ་ུ་མཁྱེན་་་་་་་་་་་་་་་་་

  31. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2015-01-31 at 11:32 pm

    སྔར་གྱི་མཁས་པ་རྣམས་ཀྱིས་བཀོལ་སྤྱོད་ཡོད་པ་དག་དིང་སང་འདི་དང་འདི་ཟེར་ཞེས་ངོ་སྤྲོད་ཐོག་བོད་ཀྱི་རིན་ཐང་ཡོད་པའི་མིང་ཚིག་མ་ནུབ་པར་བྱེད་དགོས་པ་གལ་ཆེ་བར་མཐོང་། བེད་སྤྱོད། ཅེས་པའི་ནང་གི བེད། བྱས་པ་ལ་བོད་ཀྱི་མཁས་པའི་ཡི་གེ་དང་མཐུན་པར་དོན་དག་ཅིག་ཡོད་ངེས་ལ་། ལ་དྭགས་ཀྱི་མཁས་པ་མེས་པོ་བཀྲ་ཤིས་རབ་རྒྱུས་ཀྱི་འདོད་པ་ལྟར་ན། བྱེད་སྤྱོད། བྱེད་ཅེས་པ་གནའ་བོའི་གློག་ཚུལ་གསལ་པོར་མ་འབོད་པས། བེད་སྤྱོད། ཅེས་བཤད་པ་བདེན་པ་ལྟ་བུར་མཐོང་སྟེ། ཉེ་དུས་ཁ་བརྡར་བྱ་སྤྱོད་ཅེས་པ་བེད་སྤྱོད་ཀྱི་ཚབ་ཏུ་བཀོལ་པ་བཀླགས།
    ཛམ་གླིང་ཡོངས་གྲགས་ཀྱི་མིང་ཚིག་ཅིག་བོད་སྐད་དུ་བཀོལ་ན། དེ་ལ་བོད་སྐད་དུ། ངག་གམ་ཡི་གེར་སྔོ་སྤྲོད་ཅིག་དགོས་པ་གལ་ཆེ། དཔེར་ན། མི་མངས་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ། འབའ་སེ། ཞེས་པ་ལྟ་བུའོ།

  32. བཀྲ་ཤིས། says:
    2015-02-01 at 12:29 am

    སྒེར་མི་གཙོ་དམངས་གཙོ། དེ་བཞིན་ཀུན་རྫོབ་མི་གཙོ་དོན་དམ་གཙོ།

  33. ཀརྡོ་གཉེར་ཕྱག་པ་ says:
    2015-02-01 at 12:32 am

    སྒེར་མེ་པར་སྤྱི་མེད། ཀུན་རྫོབ་མེད་པར་དོན་དམ་ཨེ། ཆད་མཐའ་མ་བསལ་བར། རྟག་མཐའ་བསལ་སྲིད་དམ། ལགས།

  34. ཀརྡོ་གཉེར་ཕྱག་པ་ says:
    2015-02-01 at 12:34 am

    ཐ་སྙད་མེད་པར། དོན་མེད། རྗོད་བྱེད་མེད་པར། བརྗོད་བྱ་མེད། མིང་བརྡ་མེད་པར། གང་ཡང་ཤོད་ཉན་བྱེད་མི་ཐུབ། དེས་ན་རྒྱལ་བས་མིང་འདོགས་མཛད། །གསུངས་པ་ལྟར་རོ།།

  35. བཀྲ་ཤིས། says:
    2015-02-01 at 1:57 am

    མཐའ་གཅིག་ཏུ་ཐ་སྙད་མི་དགོས་ངས་མི་ཟེར། ཐ་སྙད་ལས་དོན་དམ་གཙོ་ཞེས་ངས་ཟེར།

  36. ཀརྡོ་གཉེར་ཕྱག་པ་ says:
    2015-02-01 at 2:00 am

    དམའ་སར་ཐ་སྙད་གལ་ཆེ། མཐོ་སར་དོན་དམ་གལ་ཆེ། གཉིས་ཀ་གལ་ཆེ་ན་ཆེ་མཉམ་རེད་སྙམ་ལགས།

  37. ནོར་བཟང་སོ་གཅིག་ says:
    2015-02-01 at 10:56 am

    རང་གཞུང་གི་དྲ་བརྙན་འདི་ཏོག་ཙམ་འཛིག་ཏུ་གཏོང་དགོས་འདུག
    འདི་ནི་མི་སྒེར་ཞིག་གིས་ཀུ་ཤུའི་ཁ་པར་ནས་པར་ལེན་པ་ནང་བཞིན་གཅིག་འདུག
    མིས་བལྟས་ཡོང་དུས་རང་བཞིན་གྱིས་བོད་གཞུང་དྲ་བརྙན་འདི་གནས་ཚད་མཐོ་མདོག་ཁ་པོ་ཞིག་མཐོང་ཡ་གཅིག་བཟོ་ཐུབ་ན་བེད་སྤྱོད་བྱེད་མཁན་ཡང་མང་དུ་འགྲོ་ངེས་རེད།

  38. ཀརྡོ་གཉེར་ཕྱག་པ་ says:
    2015-02-01 at 5:00 pm

    དྲ་བརྙན་འདི་དངོས་གནས་ཡར་རྒྱས་གཏོང་དགོས་འདུག

  39. ཀརྡོ་གཉེར་ཕྱག་པ་ says:
    2015-02-01 at 5:05 pm

    བོད་ཀྱི་སྒྲ་བརྙན་གླེང་སྟེགས།

  40. ཀརྡོ་གཉེར་ཕྱག་པ་ says:
    2015-02-01 at 5:17 pm

    ཐ་སྙད་གཅིག་གྱུར་བྱུང་ན། །
    བསམ་བློ་གཅིག་གྱུར་འགྱུར་ངེས། །
    བསམ་བློ་གཅིག་གྱུར་སོང་ན། །
    ཆིག་སྒྲིལ་གཅིག་གྱུར་ཕན་ངེས། །

  41. BONPO says:
    2015-02-01 at 9:19 pm

    ཁྱེད་ཚོས་ཕྱི་རྒྱལ་གྱི་དངོས་རྫས་གསར་རྙིང་ཁག་ལ། མིང་ཚིག་གཅིག་གྱུར་ཅན་ཞིག་བཟོ་བར་འབད་བརྩོན་བྱས་པ་ཡིན་ནའང་འགྲིག་གི་རེད། དེ་གཅིག་བྱས་ན་ལམ་ལྷོངས་འབྱུང་སྲིད་པ་རེད། །

    འོན་ཀྱང་བོད་གདོད་མའི་མིང་ཚིག་ཁག་དང་སྐད་གདངས་ཁག་ལ་འགྱུར་བཅོས་དང་གསར་བཅོས་བྱེད་འདོད་པ་ནི་རང་སྐེ་རང་གིས་གཅོད་པའི་ངང་ཚུལ་ཡིན་པ་ཤེས་དགོས། །

    སྟོད་པ་ཚོས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རང་གི་ཕ་མེས་ཡང་མེས་ནས་གཏམ་ནས་བྱུང་བའི་སྟོད་པའི་སྐད་ལུགས་གཙང་མ་དེ་ཇི་མ་ཇི་བཞིན་དུ་རྒྱུན་མཐུད་ནས་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བ་ལ་དོ་ཁུར་ཆེན་པོའི་འབད་བརྩོན་གནང་རོགས། །

    དེ་བཞིན་དབུས་གཙང་དང་ཨ་མདོ་ཁམས་པ་མོན་པ་རྒྱལ་རོང་སོགས་ཀྱི་ཡུལ་སོ་སོའི་གདོད་མའི་སྐད་ལུགས་དེ་ལ་རང་གཞན་སུས་ཀྱང་འགྱུར་བཅོས་དུས་ནམ་ཡང་གཏོང་མི་ཉན་པའི་རེ་སྐུལ་ཞུ་བ་ཡིན། །

    བོད་རང་ལུགས་ཀྱི་ཡུལ་ལུང་སོ་སོའི་ཁ་སྐད་གཙང་མ་དེ། ངོ་ཚ་བ་དང་ཁ་སྐྱེངས་བ་ཞུམས་སེམས་བཅས་བྲལ་བའི་ངང་ནས། ཡུལ་དུས་གནས་སྐབས་གང་དུའང་སྤོབས་པ་ཆེན་པོས། གླེང་བ་དང་གཏམ་པའི་རྣམ་དཀར་གྱི་བྱ་བ་ལ་འབད་དགོས་པ་ནི་བོད་མི་རིགས་རང་ཁོ་ནའི་ལས་འགན་ཡིན་པ་ཤེས་དགོས་སོ། །

  42. BONPO says:
    2015-02-01 at 9:41 pm

    བོད་མི་རྣམས་ལ་འཇོན་ཐང་ཡོད་ན། བོད་མི་རིགས་ཀྱི་ཡུལ་སྐད་གཙང་མ་འདི་རྣམས་རང་བཙན་གཙང་མའི་སྐད་ལུགས་ཅིག་ཡིན་པ་དངོས་ཐོག་བདེན་འཚོལ་གྱིས་ཡིན་པ་ལ་ཡིན་པར་བསྒྲུབ་དགོས། བོད་སྐད་འདི་འབར་མའི་སྐད་དང་འདྲེས་མ་རེད་ཟེར་བ་དང་། བོད་སྐད་འདི་རྒྱ་གར་སྐད་དང་འདྲེས་མ་རེད་ཟེར་བ་དང་། བོད་སྐད་འདི་རྒྱ་ནག་གི་སྐད་དང་འདྲེས་མ་རེད་ཟེར་བ་སོགས་ནི། རིན་ཐང་གཞལ་དུ་མེད་པའི་བོད་སྐད་འདི་རྩ་མེད་བཟོ་བྱེད་ཀྱི་བྱུས་ངན་དང་། བོད་མི་རིགས་འདི་ལ་ཤིན་ཏུ་མཐོང་ཆུང་དང་བརྙས་བཅོས་བྱས་པ་ཞིག་ཡིན་པས། ང་ཚོས་ཁུངས་ཐུབ་ཀྱི་བདེན་པ་བདར་ནས་བོད་ཀྱི་སྐད་རིགས་འདི་རྣམས་སྔར་རྒྱུན་ཇི་མ་ཇི་བཞིན་སྲུང་སྐྱོབ་ལེགས་པར་བྱས་ན་བཟང་བར་སེམས་སོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme