Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕོ་མཚན་འདི་དགོས་མེད་ཡིན།

Posted on 2015-01-292015-01-29 By ཁ་བརྡ་ 12 Comments on ཕོ་མཚན་འདི་དགོས་མེད་ཡིན།

འཇམ་གཅེས།

 
རབ་དཀར་གངས་རིའི་ཡུལ་དུ་མཚན་དཔེ་དེ་བཞད་རྗེས།།
ཡངས་པའི་ཁྱོན་འདིར་མཛད་འཕྲིན་དབྱར་ཆུ་ལྟར་རྡོལ་མཛད།།
ལག་ཟུང་ཐལ་སྦྱར་ཅན་གྱི་གོཽ་ཏ་མའི་དགེ་སྦྱོང་།།
དེང་དུས་སྟོན་མཆོག་འཇིག་རྟེན་མགོན་པོ་དེར་བཀུར་རོ།།

སྙིགས་ལྔའི་དྲག་རླུང་འཚུབ་མའི་གདུག་རྩུབ་ཀྱི་ནང་དུ།།
ངན་དགུ་མ་ཚང་མེད་པའི་རང་གཞན་གྱི་བརླང་སྤྱོད།།
ཆར་རྗེས་ཤྭ་མོ་ལྟ་བུར་ཉིན་རེ་བཞིན་བརྡོལ་དུས།།
མི་སྨྲའི་བརྟུལ་ཞུགས་འཛིན་ན་ཕོ་མཚན་འདི་དགོས་མེད།།

དེའི་ཕྱིར་བསྟན་གཤིག་སྟ་རེ་བསྟན་འཛིན་གྱི་གཟུགས་ཅན།།
ང་དང་ང་འདྲ་དག་ལ་བརྡ་འཕྲིན་གྱི་ལམ་ནས།།
ངོ་གདོང་མཛུབ་མོ་ཐེངས་གཅིག་ཀེར་དགོས་སུ་མཐོང་བས།།
ཀུན་གྱིས་དྲིལ་བསྒྲགས་བརྒྱུད་བསྐུར་གང་མང་རེ་བྱོས་ཤིག །

ཐོབ་ཐང་རྩོད་མཁན་ཆུ་ཁའི་བྱེ་མ་ལས་མོད་རུང་།།
འགན་ཁུར་ནུས་མཁན་ཉིན་མོའི་སྐར་མ་དང་འདྲ་འདུག །
སྐྱེ་བའི་ཕྲེང་བར་གྲངས་ཀ་ས་རྡོ་ལྟར་སྤུངས་རུང་།།
མཛད་པའི་ལག་རྗེས་སྦལ་པའི་སྤུ་ཉག་ལས་དཀོན་འདུག །

ང་ཆེ་ང་བཙན་འདོད་མཁན་བགྲང་ཡུལ་ལས་འདས་མོད།།
རང་རིགས་ཚུལ་བཞིན་སྐྱོང་མཁན་མཛུབ་རྩེ་རུ་བགྲང་ཆོག །
བསྟན་ལ་མཛད་རྗེས་ཆེ་ཚུལ་འུར་སྒྲ་དེ་ཆེ་མོད།།
དོན་དམ་རྒྱལ་བསྟན་སྐྱོང་མཁན་སུ་ཡིན་དེ་གསལ་ཡོད།།

རྒྱ་མོ་དབྱིན་མོ་འཁོར་སློབ་འགྲན་རྩོད་དེ་ཆེ་མོད།།
བསྟན་ལ་སྨན་པའི་མཛད་བཟང་ངོ་མ་དེ་གང་ཡིན།།
གཞན་གྱི་སྐྱོན་མཚང་བརྗོད་རྒྱུར་བྱང་ཆ་ནི་ཆེ་མོད།།
རང་སྐྱོན་སྟུག་དྲི་ལྷན་དུ་རྐུབ་འོག་ཏུ་སྦས་འདུག །

རང་དོན་སྒྲུབ་དུས་ཁ་ལྕེ་གློག་ཞགས་ལས་མྱུར་མོད།།
གཞན་དོན་སྒྲུབ་དུས་ལྐུགས་པའི་བརྟུལ་ཞུགས་དེ་སྐྱོ་བ།།
བླུན་རྨོངས་ཅན་ཚོས་མིག་སྔར་མཁས་དབང་ཞིག་འདྲ་རུང་།།
རིག་པ་སྨྲ་བའི་མདུན་ན་གྲགས་འགུལ་ནི་མི་འདུག །

མི་འདོད་ན་ས་རེ་འགའི་ཟུག་ངུ་ཡི་རྐྱེན་པས།།
ཁྭ་ཏའི་སྐད་ཅོར་ལྟ་བུ་ཕྱོགས་ཀུན་ཏུ་སྒྲོག་གི །
རིས་མེད་ཆོས་ལྭ་ཕྱི་ཚུལ་མཛེས་མཛེས་འདྲ་འདུག་མོད།།
རིས་གཅོད་སྟ་རེའི་སོ་ཁར་རྣག་ཁྲག་དེ་བཙོག་གི །

ཤར་ནུབ་འབྱོར་ལྡན་ཅན་ཚོ་བྱམས་བརྩེ་ཡིས་སྐྱོང་མཁས།།
འབྱོར་མེད་རང་རིགས་བདེ་སྡུག་ཐུགས་རྒྱུད་ནས་བོར་འདུག །
སྐྱེས་གཟུགས་ལང་ཚོ་ལྡན་པའི་མཛེས་མ་དག་མཐོང་དུས།།
བསླབ་ཁྲིམས་གསང་སྤྱོད་ཤོག་བུའི་རིན་ཐང་ལས་མི་འདུག།

ཨ་སྒོར་རྒྱ་སྒོར་ཐེ་སྒོར་འབོར་ཆེན་རེ་གཟིགས་དུས།།
སྐྱབས་གསུམ་ཀུན་འདུས་སྤྲུལ་པའི་ཟློས་གར་དེ་མང་འདུག །
དབུལ་ཕོངས་ཉམ་ཐག་གཤིན་རྗེའི་ཁ་སྔུན་དུ་ལྷུང་དུས།།
བྱམས་བརྩེའི་སྤྱན་ཟུང་ཤེལ་མིག་ནག་པོ་ཡིས་བསྒྲིབས་འདུག །

ཆོས་དཔོན་ཡིན་པས་ཆབ་སྲིད་མི་རུང་ཚུལ་འཆད་བཞིན།།
དངུལ་དངོས་དོན་དུ་སྣ་ཚོགས་གར་སྟོན་ལ་མཁས་འདུག །
ཨེ་མ་འདི་ལྟར་སྣང་བ་རང་ཉིད་ཀྱི་སྐྱོན་ནམ།།
ཡང་ན་ཡུལ་གྱི་ངོས་ནས་དེ་ལྟར་རང་ཨེ་ཡིན།།

ཅི་སྟེ་རང་སྣང་འཁྲུལ་བའི་ཉེས་སྐྱོན་ལས་ཡིན་ན།།
བླ་མ་ལྷ་དང་དྲན་དབང་འཁོར་ཚོགས་ཀྱི་མདུན་དུ།།
སྙིང་ནས་བཟོད་གསོལ་འཐོལ་བཤགས་ད་ལྟ་རང་ཞུ་ཆོག །
དོན་དུ་གནས་ཚེ་རྣག་ཐོག་གཙག་འཁེལ་རང་ལོས་ཡིན།།

སྙན་ངག

Post navigation

Previous Post: སྙིང་གིས་གློ་བསྟན་པ།
Next Post: སྡོམ་པ་མི་ཐེག་པའི་ཁུར་བོ།

Comments (12) on “ཕོ་མཚན་འདི་དགོས་མེད་ཡིན།”

  1. ཁྱུང་སེ། says:
    2015-01-29 at 9:22 am

    རང་མིང་སྦས་པའི་འོག་ནས་རང་གིས་རང་སྐྱོན་རྣམས།
    ཐོགས་པ་མེད་པར་གསལ་གསལ་ཐིང་ཐིང་སྒྲོགས་ནུས་མོད།
    རང་ངོ་སྤུ་མེད་སྟེང་དུ་གཞན་གྱིས་མཛུབ་མོའི་མདུང།
    ཀེར་ཀེར་བཙུགས་དུས་བཟོད་པའི་གོ་ཆ་རི་བོང་རྭ།

  2. བློ་བཟང་། says:
    2015-01-29 at 9:46 am

    ཕོ་མཚན་དགོས་མེད་ཡིན་མགྱོགས་པོར་ཆོད་ཞོག

  3. ཀརྡོ་གཉེར་ཕྱག་པ་ says:
    2015-01-29 at 9:52 am

    ཕོ་མཚན་དགོས།
    ཡར་བླངས་ནས།
    དེ་བེད་སྤྱོད།
    མ་བྱས་ན།
    ལེགས་སོ་ཡོད།
    ཧ་ཧ་ཧོ།། །།

  4. ཁྱུང་སེ། says:
    2015-01-29 at 10:36 am

    ཕོ་ཡིས་ཕོ་མཚན་མི་དགོས་ཟེར་དུས་ཕོ་མཚན་དེ་གོ་མི་ཆོད་པ་ཡིན་གྱི་རེད་་་ཡང་ན་ཁོ་རང་མ་ནིང་ཡིན་གྱི་རེད། གལ་སྲིད་ཕོ་མཚན་མི་དགོས་ན་མོ་མཚན་དུ་བཅོས་ན་འགྲིག་གི་རེད་དེང་སང་སྨན་བཅོས་བྱེད་ཐུབ་ཀྱི་རེད། ཡང་ན་ཁོ་རང་གི་ཕོ་མཚན་དེ་ཆུང་དྲགས་ནས་བུད་མེད་ཐམས་ཅད་ཀྱིས་དགའ་སྣང་མེད་ནས་ཟླ་གྲོགས་མ་ཐོབ་པའི་དཀའ་ངལ་འཕྲད་ོ་ཡིན་གྱི་རེད་་་་་ཨ་ཁ་ཁྱོད་ངོ་མའི་སྡུག་ཐི།

  5. འཇམ་གཅེས། says:
    2015-01-29 at 11:14 am

    སྤྱི་ཚོགས་དྲྭ་འབུ་ཚོས་ཕོ་མཚན་ཡོད་དོ་ཅོག་བེད་མེད་ཡིན་པར་ངོ་ཤེས་ན་བཟང་།

  6. ཁྱུང་སེ། says:
    2015-01-29 at 12:24 pm

    དྲ་འབུ་ཚོའི་ཕོ་མཚན་བེད་མེད་ཆགས་ན་རྩོམ་པ་པོ་ལ་ཁེ་བཟང་འཐོབ་་་ཧ་ཧ་ཧ་སྨོན་ལམ་ཐོབ་དང་དེ་ནས་མོ་མཚན་ཚང་མ་་་་་་་

  7. བདེན་པའི་ཕོ་ཉ་ says:
    2015-01-29 at 9:01 pm

    ཁྱོད་ཀྱི་ཕོ་མཚན་བེད་མེད་ཡིན་ཀྱང་ང་ཚོའི་ཕོ་མཚན་བེད་སྤྱོད་ཡོད་ལ་བེད་སྤྱོད་གཏོང་ས་ཡང་མང་པོ་ཡོད་

  8. དོན་དགའ། says:
    2015-01-29 at 9:29 pm

    ཕོ་མཚན་དང་འབྲེལ་བ་མེད་པའི་རྩོམ་ཡིག་ཨུ་རེད།

  9. འཇམ་གཅེས། says:
    2015-01-29 at 10:23 pm

    ཕོ་མཚན་རྒྱུད་ལྡན་གྱི་སྐྱེས་བོ་ཞིག་ཡིན་ཕྱིན། རྣག་ཐོག་གཙག་འཁེལ་ནུས་པའི་སྤོབས་པ་ཞིག་མ་མཐའི་ཆ་རྐྱེན་རེད། དེ་མེད་ན་ཕོ་མཚན་ཡོད་གོ་མ་ཆོད་པར་ངོས་འཛིན་བྱེད་གིན་ཡོད། རྩོམ་ཡིག་ཟེར་བ་ནི་རྩོམ་པ་པོའི་སེམས་དང་འབྲེལ་ཡོད་དུས་གཞན་གྱིས་ཚོད་དཔག་སྔ་མི་རུང་་་

  10. ཁྱུང་སེ། says:
    2015-01-29 at 10:37 pm

    འཇམ་གཅེས་འདི་འཇམ་འཇམ་ངང་ལ་མི་ཚེ་བསྐྱལ་ནས་བུ་མོ་ཞིག་ཀྱང་མ་ཐོབ་ངོ་མ་ཕོ་མཚན་ཡོད་གོ་མ་ཆོད་ཐལ།

  11. གློག་ཀླད says:
    2015-01-30 at 12:39 am

    ཕོ་མཚན་དགོས་མེད་མ་རེད།།
    ཕོ་མཚན་དགོས་ངེས་རེད་ཤག།
    ཉིན་མོ་གཅིན་པ་གཏོང་དགོས།།
    མཚན་མོ་ཆུང་མར་རྒྱོ་དགོས།།

  12. ཇུས་ཏོག says:
    2015-01-30 at 6:16 am

    འཇེ་ནི་སངས་རྒྱས་སྤྲུལ་པ་ཡིན་།
    ད་ལྟ་ཤི་ན་ད་ལྟ་ལང་།
    སྟུ་ནི་མུ་གེའི་སྐྱལ་བ་ཡིན་།
    ད་ལྟ་བཀང་ཀྱང་ད་ལྟ་ལྟོག་།
    སྐྱེས་ཕོ་ཡི་ལག་ཆ་འཇེ་རྒོད་རེད་།
    དམན་བུ་མོ་སེམས་ངོ་ཆགས་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme