Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་བརྩེ་བའི་རྨོ་མོ།

Posted on 2015-01-272015-01-27 By ཁ་བརྡ 2 Comments on ངའི་བརྩེ་བའི་རྨོ་མོ།

རྗེ་བཙུན་གཡག་རྭ། (ཨོ་སི་ཁྲུའུ་ལེ་ཡ།)

ཨོཾ༽

unnamed༡རང་ཡུལ་ནས་གཞན་ཡུལ་དུ་འཁྱམས་ནས་མི་ལོ་ཉི་ཤུ་འཁོར་བའི་ལོ་ཟླ་འདི་དག་གི་རིང་།ང་ནི་ས་མཐའ་རུ་རྒས་ཤིང་ས་མཐའ་ན་སྡོད་དགོས་པའི་ལས་བསྐོས་ཀྱིས་ཆད་པ་འཁུར་དགོས་བྱུང་བས། ཕ་ས་ཕ་ཡུལ་ན་གནས་པའི་ང་ལ་སྙིང་ནས་བརྩེ་ཞིང་ཤ་ཚ་བའི་ངའི་ཕ་མའི་ཕ་མ་ཚོ་གཅིག་རྗེས་གཅིག་གིས་བསྙེགས་ནས་གཏན་དུ་ཕྱིར་མི་འོང་བའིི་ཞིང་ཁམས་ཤིག་གམ་གཞན་ཡུལ་ཞིག་ཏུ་ཆས་སོང་། འདུས་མཐར་འབྲལ་བ། བསགས་མཐར་འཛད་པ། མཐོན་པོའི་མཐར་རྒུད་པ། སྐྱེས་མཐར་འཆི་བའི་མི་རྟག་འཁོར་བའི་ཆོས་ཉིད་འདི་དག་ནི་ཟློག་མེད་རི་གཟར་གྱི་རྦབ་རྡོ་བཞིན་ང་ཚོའི་མི་ཚེའི་ནང་འགྲིལ་བཞིན་ཡོད། ཁ་སང་ཆས་སོང་བའི་ངའི་ཨ་མའི་ཨ་མ་སྟེ་ངའི་བརྩེ་བའི་རྨོ་མོ་ཁྱོད། ཁྱོད་དང་བྲལ་བའི་ལོ་ཟླ་འདི་དག་གི་རིང་ངས་ཁྱོད་ལ་ཐེངས་གཉིས་ལས་ཁ་པར་བརྒྱུད་ནས་ཁ་བརྡ་བྱ་མ་ཐུབ་ཅིང་། ཉེ་སྔོན་ཁྱོད་ལ་ནད་གཞི་ཅུང་ལྕི་མོ་ཞིག་བྱུང་འདུག་ཟེར་བའི་སྐད་ཆ་ཐོས་པ་ན། ཁྱོད་དང་ཁྱོད་ཅག་ལ་གཉེན་འཕྲད་ཀྱི་དུས་སྐབས་དེ་མགྱོགས་པོར་བྱུང་ན་བསམས་པའི་རེ་སྒུག་གི་ཉིན་མ་ལོ་ལས་རིང་བའི་སྣང་བ་འཁོར། རྒྱུ་མཚན་ནི་ཁྱོད་ནི་ང་ཚོའི་གཉེན་ཉེ་ཐམས་ཅད་ཀྱི་ནང་ནས་ལོ་ན་མཐོ་ཤོས་དེ་ཡིན་པས།ངེད་གཉིས་ཕན་ཚུན་འཕྲད་པའི་དུས་ཚོད་ནི་རྟ་རྔའི་ཉག་མ་བཞིན་ཆེས་ཉག་ཕྲ་བ་ཞིག་ཏུ་སེམས་ནས་ཡོད།

མ༽

ཡོད་ཚད་ལས་དབང་དང་ལས་བསྐོས་ཀྱིས་ཐག་བཅད་སོང་།ཕྱི་ལོ་༢༠༡༥ཟླ་༡ཚེས་༢༥ཉིན་གྱི་ཞོགས་པར་རྨོ་མོ་ཁྱོད་ལ་ཆེས་མཐའ་མཇུག་གི་ཁ་བརྡ་ཞིག་བྱ་ཆེད་ངའི་ཨ་མ་བརྒྱུད་ཁ་པར་ཞིག་བཏང་དུས། ཁྱོད་ཀྱིས་ང་བསྒུགས་མི་འདུག ཁྱོད་ནི་ཆེས་སྔ་བོར་ཞོགས་ཀ་དེའི་སྐྱ་རེངས་ཀྱང་མ་ཤར་པའི་སྔ་རོལ་གྱི་ཚུ་ཚོད་༢ དང་སྐར་ཆ་༥༨ ཐོག་ཏག་ཏག་བདེ་བར་བཞུད་སོང་ཟེར། སྐད་ཆ་དེ་ཐོས་དུས་ང་ནི་ངའི་བརྩེ་ཆེན་གྱི་ཨ་མའི་བཤད་པ་ལ་ཡང་ཡིད་ཆེས་མི་ཐུབ་པ་དང་། ང་ནི་ང་རང་གི་རྣ་བ་ལ་ཡང་ཡིད་མ་ཆེས་པར་ཐེངས་གཉིས་པར་དྲིས་དུས་གཏམ་ངན་ནི་གཏམ་ངན་རང་རེད། ཁྱོད་མ་བཞུད་པའི་སྔ་རོལ་ནས་ཁྱོད་ཀྱི་ཕུ་བོ་དང་བུ་མོ་གསུམ། ཚ་བུ་ཚ་མོ་སོགས་ཐམས་ཅད་མཉམ་སྡོད་ངང་ཁྱོད་ལ་སྨན་བཅོས་འཕྲོད་བསྟེན། ནད་གཡོག རིམ་གྲོ་སོགས་ཅི་བྱས་ཅི་བྱུང་གི་གནས་ཚུལ་རྣམས་ངའི་ཨ་མའི་ངག་ལས་ཆུ་བཞུར་བཞུར་ངང་བཤད་བྱུང་། ངའི་བརྩེ་བའི་རྨོ་མོ་ཁྱོད་ལམ་བདེ་བ་ནས་འབྲས་བུ་བདེ་བའི་གནས་སུ་བདེ་བར་བཞུད་ཅིག འདི་ན་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་རྨོ་མོ་ཁྱོད་ཀྱི་ཤ་ལས་ཆད་པའི་བུ་གཅིག་དང་བུ་མོ་གསུམ་ལས་མཆེད་པའི་ངེད་ཕ་མ་སྤུན་སྲིང་གི་མིང་སྲིང་བཅུ་བདུན་སོགས་ང་ཚོ་གཉེན་ཚན་དང་རུ་སྡེ་ཡོད་ཚད་ཀྱིས་དགེ་སྒྲུབ་དགེ་བསྐུལ་གྱི་ལས་ལ་ཉིན་མཚན་མེད་པར་བརྩོན་བཞིན་ཡོད།

ཎི ༽

རྒྱལ་བ་ཙོང་ཁ་པ་ཆེན་པོས་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་གསུངས་པ་བཞིན། རྨོ་མོ་ཁྱོད་ནི་ནང་མི་དང་གཉེན་ཉེ། རུ་སྡེ་ཀུན་ལ་རླུང་ལྟར་གྲགས་པའི་སེམས་བཟང་དང་རོགས་འདེགས་མཁན། རྩེད་མཚར་ཤོད་མཁས་པ་སོགས་ཀུན་ལ་སྐྱིད་ཅིང་དགོད་བྲོ་བའི་སྣང་བ་སྟེར་པའི་ཁྱོད་ཀྱི་ཞི་དུལ་གཤིས་འཇམ་གྱི་མི་གཞི་བཟང་བོས་ཁྱོད་བདེ་ནས་བདེ་བར་བགྲོད་པའི་ཡིད་ཆེས་བྱ་ཆོག
མ་ཟད་ཁྱོད་ཀྱི་མི་ཚེའི་ནང་སྡིག་སྤོང་དགེ་སྒྲུབ་ཀྱི་རྣམ་དཀར་ལས་ལ་སྒོ་ཀུན་ནས་བརྩོན་པ་དང་ལྷག་པར་ལོ་ངོ་ཉི་ཤུ་མ་ཟིན་ཙམ་གྱི་རིང་ཁྱོད་ཀྱི་མིག་ཟུང་བེད་མེད་དུ་གྱུར་བའི་རིང་ཁྱོད་ཀྱིས་མ་ཎི་བསགས་པ་དང་མ་ཎིའི་འཁོར་ལོ་བསྐོར་བའི་དགེ་རྩ་ནི་ཆུ་བོ་གངྒཱའི་ཀླུང་གི་བྱེ་སྙེད་ཀྱི་གྲངས་དང་མཉམ་པས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་དམ་པ་དག་མི་འཐོབ་པའི་རང་དབང་ཁྱོད་ལ་ཡོད་མི་སྲིད་སྙམ།

པད ༽

ཁྱོད་དང་མ་འཕྲད་པའི་ལོ་ཟླ་འདི་དག་གི་རིང་ངས་མཚམས་རེར་མིག་གཉིས་བཙུམས་ནས་ཁྱོད་ཀྱིས་མྱོང་བཞིན་པ་དང་མཐོང་བཞིན་པའི་ཡོད་ཚད་མུན་ནག་གི་སྟོང་ཁམས་དེ་ལ་བལྟས་དུས། ངའི་སེམས་ལ་རང་དབང་མེད་པར་མིག་ཆུ་བཞུར་ཞིང་། ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང་།།འོན་པས་རྟག་ཏུ་སྒྲ་ཐོས་ཤོག།ཅེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྨོན་ལམ་རང་ཐོག་ནས་མྱོང་བཞིན་པ་ལྟར་སེམས་ཅན་ལོང་བ་ཡོད་ཚད་ཀྱི་སྡུག་བསྔལ་ལ་དམིགས་ནས་བཏོན་པ་ཡིན།

མེ ༽

དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འཁོར་བསྐྱོད་ཁྲོད་མི་ཁོམ་མི་འགྲུབ་པའི་བྲེལ་བ་ཆེནཔོའི་ངང་རྨོ་མོ་ཁྱོད་ཀྱི་མི་ཚེའི་འཚོ་བ་ནོར་ནག་དང་འགྲོགས་ཤིང་ནོར་ནག་དང་ལྷན་དུ་བསྐྱལ་བའི་འདས་སོང་གི་འབྲོག་པའི་འཚོ་བ་དག་ངའི་སེམས་ངོགས་ན་གློག་བརྙན་བཞིན་འཆར་འོང་ལ། མ་ཟད་ང་ཁྱོད་དང་མཉམ་དུ་རྟ་ནོར་གྱི་རྫི་བོ་རུ་རི་ལུང་མང་བོ་རྒལ་བཞིན་སོང་བ་དང་།ངས་ཉན་ན་འདོད་ཅིང་ཉན་མི་ཚར་བའི་ཁྱོད་ཀྱིས་ང་ལ་བཤད་པའི་ཁྱོད་ཀྱི་ཕ་མེས་ཡང་མེས། རུ་སྡེ་ཚོ་བ། ཁྱོད་ཀྱི་མི་ཚེའི་ལོ་རྒྱུས་སོགས་རེ་རེ་བཞིན་བཤད་པ་ངས་གསལ་བོར་དྲན་ཞིང་། ལྷག་པར་དུ་ཉི་མ་ནུབ་ཁའི་དགོང་མོ་དེར་ངས་རང་ཐག་རང་གཅོད་ངང་ཕ་མ་ལ་ཡང་མ་བཤད་པར་དགོན་པ་རུ་གྲྭ་པ་བྱ་བར་འགྲོ་སྐབས་རྨོ་མོ་ཁྱོད་ཀྱིས་ང་ལ་བྱམས་བརྩེའི་ངང་ལམ་རོགས་དང་བཞོན་རྟ། ལམ་ཁའི་ཟས་གོས་སོགས་ཡོད་ཚད་མཚན་མོར་དེར་གྲ་སྒྲིག་བྱས་ནས་མི་ཚེ་མདུན་ལམ་གྱི་ཁ་ཏ་བསླབ་བྱ་གནངས་པ་དག་ངས་ནམ་ཡང་སེམས་ནས་བརྗེད་པར་མི་འགྱུར།

ཧཱུཾ ༽

ངའི་བརྩེ་བའི་རྨོ་མོ་ཁྱོད་ཀྱི་སྦྲང་མ་འདྲ་བའི་རྣམ་པར་ཤེས་པ་དེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དེར་ཐེ་ཚོམ་དང་ཕྱིར་མིག་མེད་པར་བདེ་བར་འཕུར་རོགས་གནོངས། འདི་ན་ས་མཐར་འཁྱམས་པའི་ཅི་ཡང་མི་འཇོན་པའི་ཁྱོད་ཀྱི་ཚ་བོ་ངས་འཕགས་མཆོག་སྤྱན་རས་གཟིགས་དབང་སྐུ་རློན་པའི་བླ་མ་དང་། འཕགས་ཚོགས་འདུས་པ་རྒྱ་མཚོའི་དྲུང་དུ་བསྔོ་བ་སྨོན་ལམ་གྱི་ཞུ་བ་ཕུལ་ནས། རྨོ་མོ་ཁྱོད་བདེ་ཆེན་ཞིང་དུ་སྐྱེ་བའི་སྐྱེལ་མ་བྱས་ཡོད། ཁ་སང་ངས་ ཁྱོད་ལ་བཤད་མ་ཐུབ་པའི་ཆེས་མཐའ་མཇུག་གི་ངའི་སེམས་གཏམ་འདི་དག་དེ་རིང་ངས་འདི་ལྟར་བྲིས་ནས་འདི་ལྟར་ཁྱོད་ལ་ཕུལ་ཞིང་། ངས་དུས་གཏན་དུ་ཁྱོད་ཀྱི་བྱམས་བརྩེ་དང་ཁྱོད་ཀྱི་བཀའ་དྲིན་བརྗེད་མི་སྲིད། ངའི་བརྩེ་བའི་རྨོ་མོ་ལགས།

༢༠༡༥ ༡ ༢༧ ཨོ་སི་ཁྲུའུ་ལེ་ཡའི་གྲོང་ཁྱེར་མེལ་བྷོན་གྱི་འདབས་ནས་བྲིས་པའོ། །

ལྷུག་རྩོམ།

Post navigation

Previous Post: རྒྱ་གར་འགོ་དམངས་ལ་བཀའ་དྲིན་སྙིང་ནས་ཆེ།
Next Post: རྫོང་སར་མཁྱེན་བརྩེས་ཚུལ་ཁྲིམས་བློ་གྲོས་གླེང་བ།

Comments (2) on “ངའི་བརྩེ་བའི་རྨོ་མོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 11:32 pm

    ་་་་་་་་་ དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞིའི་འཁོར་བསྐྱོད་ཁྲོད་མི་ཁོམ་མི་འགྲུབ་པའི་བྲེལ་བ་ཆེནཔོའི་ངང་རྨོ་མོ་ཁྱོད་ཀྱི་མི་ཚེའི་འཚོ་བ་ནོར་ནག་དང་འགྲོགས་ཤིང་ནོར་ནག་དང་ལྷན་དུ་བསྐྱལ་བའི་འདས་སོང་གི་འབྲོག་པའི་འཚོ་བ་དག་ངའི་སེམས་ངོགས་ན་གློག་བརྙན་བཞིན་འཆར་འོང་ལ། ་་་་་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 11:34 pm

    ཆེད་རྩོམ་འདིས་ང་རང་གི་རྨོ་མོ་གཉིས་ཀྱང་དྲན་དུ་བཅུག་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme