Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཞོགས་ཇ།

Posted on 2015-01-262015-01-27 By སྙན་བཟང་གཡུང་དྲུང་ཚེ་རིང 13 Comments on ཞོགས་ཇ།

ཁོང་གིས་ཇ་ཕོར་ནང་དུ
འཚིག་ཇ་བླུགས
ཁོང་གིས་འཚིག་ཇའི་ཇ་ཕོར་ནང་དུ
འོ་མ་བླུགས
ཁོང་གིས་འོ་མའི་འཚིག་ཇའི་ནང་དུ
ཀ་ར་བླུགས
ཁོང་གིས་ཁྱེམ་བུ་ཆུང་ཆུང་དང་མཉམ་དུ
དཀྲུག་དཀྲུག་བཏང
ཁོང་གིས་འོ་མའི་འཚིག་ཇ་འཐུངས
ང་ལ་ཅི་ཡང་མི་བཤད་པར
ཇ་ཕོར་བཞག

ཁོང་གིས་ཐ་མག་ཅིག་ལ
མེ་བསྒོས
ཁོང་གིས་ཐ་མག་གི་དུ་བས
ཨ་ལོང་བཟོས
ཁོང་གིས་ཐ་མག་གི་དུ་ཐལ
དུ་ཕོར་དུ་སྟོར
ང་ལ་ཅི་ཡང་མི་བཤད་པར
ང་ལ་ལྟ་ཙམ་མི་བྱེད་པར

ཁོང་ཡར་ལ་ལངས
ཁོང་གིས་རང་གི་ཞྭ་མོ
མགོ་ལ་གོན
ཁོང་གིས་རང་གི་ཆར་ལྭ
རྒྱབ་ལ་གྱོན
རྒྱུ་མཚན་ནི་ཆར་བ་འབབ་ཀྱིན་འདུག
ཁོང་ཆར་བའི་ཁྲོད་དུ
བུད་སོང
ཅི་ཡང་མི་བཤད་པར
ཕྱིར་མིག་ཙམ་ཡང་མི་ལྟ་བར

དེ་ནས་ང
ངས་མགོ་བོ་ལག་པའི་ནང་དུ་བཟུང་སྟེ
ངུས་པ་ཡིན

ཕྲན་གྱིས་སྙན་ངག་འདི་ནི་ཧྥ་རན་སིའི་སྙན་ངག་པ་གྲགས་ཅན་གཞའ་ཁུ་ཕེག་ཨེ་བེར་(༡༩༠༠~༡༩༧༧)ལགས་ཀྱིས་བརྩམས་པའི་“ཚིག་གི་ཚོགས་”ཞེས་པའི་སྙན་དེབ་ལས་ཁོལ་དུ་ཕྱུང་སྟེ་བསྒྱུར། མ་ཡིག་དང་ཨིན་འགྱུར་གཉིས་གཤམ་དུ་བཀོད་ཡོད་པས་དགོངས་འཆར་གནང་རོགས་ཞུ།

Déjeuner du Matin
(Par: Jacques Prévert)

Il a mis le café
Dans la tasse
Il a mis le lait
Dans la tasse de café
Il a mis le sucre
Dans le café au lait
Avec la petite cuiller
Il a tourné
Il a bu le café au lait
Et il a reposé la tasse
Sans me parler

Il a allumé
Une cigarette
Il a fait des ronds
Avec la fumée
Il a mis les cendres
Dans le cendrier
Sans me parler
Sans me regarder

Il s’est levé
Il a mis
Son chapeau sur sa tête
Il a mis
Son manteau de pluie
Parce qu’il pleuvait
Et il est parti
Sous la pluie
Sans une parole
Sans me regarder

Et moi j’ai pris
Ma tête dans ma main
Et j’ai pleuré

Breakfast
(By: Jacques Prévert)

He poured the coffee
Into the cup
He put the milk
Into the cup of coffee
He put the sugar
Into the coffee with milk
With a small spoon
He churned
He drank the coffee
And he put down the cup
Without any word to me

He lit
One cigarette
He made circles
With the smoke
He shook off the ash
Into the ashtray
Without any word to me
Without any look at me

He got up
He put on
His hat on his head
He put on
His raincoat
Because it was raining
And he left
Into the rain
Without any word to me
Without any look at me

And I buried
My face in my hands
And I cried.

འགྱུར་རྩོམ།

Post navigation

Previous Post: མྱུར་འབྱོན་གསོལ་འདེབས་ཀུན་དགའ་ནོར་བུ།
Next Post: སྐུ་གཤེགས་ནས་མི་ལོ་བཅུ་གསུམ་འདས་པའི་ཕོ་གསར་སྟག་འདྲ་བ་ཞིག་དྲན་བཞིན་ཡོད།

Comments (13) on “ཞོགས་ཇ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-01-26 at 3:07 pm

    ཞོག་ཟས།
    ཉིན་ཟས།
    ནུབ་ཟས།

  2. ལྷ་སྡེ་གནམ་ལོ་ཡག says:
    2015-01-26 at 7:19 pm

    འགྱུར་རྩོམ་ཡག་སོང་། ད་དུང་མུ་མཐུད་ནས་ཡིན་ད།

  3. གནམ says:
    2015-01-26 at 9:42 pm

    ངས་འདི་ན་དབྱིན་ཡིག་གཞི་ལ་བཞག་ནས། ནེ་ཙོས་མ་ཎི་ཞིག་འདོན་ཁུལ་བྱས་ཡོད་པས། དོན་དུ་གནས་བ་མེད་ན་དགོངས་དག་ཞུས་སོ།
    Breakfast གསར་ཆུ།
    (By: Jacques Prévert) ལྗ་ཁུའུ་སུ་ཕ་རུ་བེར་ཁྲ་ཡིས

    ང་ལ་ཚིག་རྡོག་ཞིག་མ་བཤད་པར།
    ཇ་ཀར་དེའི་ནང་དུ།
    ཁོས་འཚིགས་ཇ་བླུགས་ཐལ།
    འཚིགས་ཟའི་ཇ་ཀར་དེའི་ནང་དུ།
    ཁོས་འོ་མ་བླུགས་ཐལ།
    འཚིགས་ཇ་འོ་མ་ཅན་དེའི་ནད་དུ།
    ཁོས་ཀ་ར་བླུགས་ཐལ།
    ཁོས་ཁོག་ཆུང་ཞིག་གིས།
    དཀྲུགས་ཐལ།
    ཁོས་འཚིགས་ཇ་དེ་འཐུངས་བ་དང་།
    ཁོས་ཇ་ཀར་དེ་མར་ལ་བཞག་ཐལ།

    ང་ལ་ཚིག་རྡོག་ཞིག་མ་བཤད་པར།
    ང་ལ་མིག་གིས་ཅིག་མ་བལྟས་བར།
    ཁོས་དུད་རྐང་ཞིག་ལ་མྱེ་བསྒོས་ཐལ།
    དུ་བ་དེས།
    ཁོས་དུད་ལོང་འགའ་བཟོས་ཐལ།
    དུ་ཕོར་ནང་དུ།
    ཁོས་དོ་ཐལ་བརྡབས་ཐལ།

    ང་ལ་ཚིག་རྡོག་ཞིག་མ་བཤད་པར།
    ང་ལ་མིག་གིས་ཅིག་མ་བལྟས་བར།
    ཁོ་ཡར་ལ་ལངས་ཐལ།
    ཁོས་ཁོའི་ཞྭ་མོ་མགོ་ལ་གོན་ཐལ།
    ཆར་བ་འབབ་བཞིན་ཡོད་པས།
    ཁོས་ཁོའི་འཆར་ལྭ་གོན་པ་དང་།
    ཆར་བའི་ནང་ལ།
    ཁོ་བུད་སོང་བ་དང་།
    ངས།
    ངའི་ངོ་ལག་ནང་ལ་བཅུག་ནས།
    ང་ངུས་ཡིན།

    He poured the coffee
    Into the cup
    He put the milk
    Into the cup of coffee
    He put the sugar
    Into the coffee with milk
    With a small spoon
    He churned
    He drank the coffee
    And he put down the cup
    Without any word to me

    He lit
    One cigarette
    He made circles
    With the smoke
    He shook off the ash
    Into the ashtray
    Without any word to me
    Without any look at me

    He got up
    He put on
    His hat on his head
    He put on
    His raincoat
    Because it was raining
    And he left
    Into the rain
    Without any word to me
    Without any look at me

    And I buried
    My face in my hands
    And I cried.

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-26 at 11:46 pm

    Breakfast
    (By: Jacques Prévert)

    He poured the coffee
    Into the cup
    He put the milk
    Into the cup of coffee
    He put the sugar
    Into the coffee with milk
    With a small spoon
    He churned
    He drank the coffee
    And he put down the cup
    Without any word to me
    ་་་་་་་་་་་་་་་་་་་་་་་་་་་་་་
    ཞོགས་ཟས།
    ཁོས་དཀར་ཡོལ་ནང་ལ་
    འཚིག་ཇ་བླུགས་སོང་།
    འཚིག་ཇའི་དཀར་ཡོལ་ནང་ལ་
    འོ་མ་བླུགས་སོང་།
    ཁོས་འཛིག་ཇ་འོ་མའི་དཀར་ཡོལ་ནང་ལ་
    བྱེ་མ་ཀ་ར་བླུགས་སོང་།
    ཁོས་ཐུར་མ་ཆུང་ཆུང་ཅིག་གིས་
    དཀྲུགས་དཀྲུགས་བཏང་སོང་།
    ཁོས་འཚིག་ཇ་དེ་འཐུངས་ནས།
    ཁོས་དཀར་ཡོལ་མར་བཞག་སོང་
    ད་དུང་ང་ལ་སྐད་ཆ་ཚིག་རྡོག་གཅིག་བཤད་མ་བྱུང་།
    ་་་་་་་་་་་་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 12:04 am

    He lit
    One cigarette
    He made circles
    With the smoke
    He shook off the ash
    Into the ashtray
    Without any word to me
    Without any look at me
    ་་་་་་་་་་་་་་་་་་་་
    ཁོས་ཐ་མག་རྐང་གཅིག་ལ་
    མེ་སྤར་སོང་།
    ཁོས་ཐ་མག་དུ་བས་
    ཨ་ལོང་སྒོར་སྒོར་བཟོས་སོང་།
    ང་ལ་ལྟ་ཙམ་ཡང་མ་བྱས་པར་
    ང་ལ་ཚིག་གཅིག་ཁ་བསྒྲགས་པར།
    ཁོས་ཐ་མག་གི་འཚིག་རོ་དེ་
    དུ་ཕོར་ནང་ལ་བླུགས་སོང་།
    ་་་་་་་་་་་་་་་་་་་་་་

  6. རས་པ། says:
    2015-01-27 at 12:09 am

    ནུབ་ཕྱོགས་ཀྱི་སྙན་ངག་པ་གྲགས་ཅན་ཚོའི་སྙན་ངག་འདིའང་བོད་ཡིག་ནང་འགྱུར་དུས་བཙན་བྱོལ་བོད་མིའི་རང་མོས་སྙན་ངག་དང་ཨ་ན་མ་ན་རེད་མོ།

  7. ཀླུ་སྨྱོན། says:
    2015-01-27 at 12:11 am

    འདི་མོ་འདི་ར་སྙན་ངག་ཡིན་ནི་ཨེ་རེད། ཨ་ལ་ལ། འདིནི་ཅིག་ལ་ངག་རྒྱུགས་ལེན་པ་ཙམ་མོ།།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 12:23 am

    He got up
    He put on
    His hat on his head
    He put on
    His raincoat
    Because it was raining
    And he left
    Into the rain
    Without any word to me
    Without any look at me
    ་་་་་་་་་་་་་་་་་་་་་་་་
    ཁོ་ཡར་ལངས་
    ཁོས་ཞྭ་མོ་
    རང་གི་མགོ་ལ་གོན།
    ཆར་པ་བབ་བགྱིན་ཡོད་ཙང་
    ཁོས་རང་གི་
    ཆར་ཁེབས་གོན།
    ང་ལ་ལྟ་ཙམ་ཡང་མ་བྱས་པར་
    ང་ལ་ཚིག་གཅིག་ཁ་བསྒྲགས་པར།
    དེ་ནས་ཁོ་
    ཆར་པའི་དཀྱིལ་ལ་
    ཕྱིན་སོང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 12:30 am

    ཟས། = food
    ཞོག་ཟས། = break fast
    ཉིན་ཟས། = lunch
    ནུབ་ཟས། = dinner

  10. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 12:33 am

    And I buried
    My face in my hands
    And I cried.
    ………………..
    དེ་ནས་ང་
    གདོང་ལ་ལག་པ་གཉིས་བཀབ་ནས་
    ངུས་པ་ཡིན།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-01-27 at 12:53 am

    Breakfast
    (By: Jacques Prévert)

    He poured the coffee
    Into the cup
    He put the milk
    Into the cup of coffee
    He put the sugar
    Into the coffee with milk
    With a small spoon
    He churned
    He drank the coffee
    And he put down the cup
    Without any word to me

    He lit
    One cigarette
    He made circles
    With the smoke
    He shook off the ash
    Into the ashtray
    Without any word to me
    Without any look at me

    He got up
    He put on
    His hat on his head
    He put on
    His raincoat
    Because it was raining
    And he left
    Into the rain
    Without any word to me
    Without any look at me

    And I buried
    My face in my hands
    And I cried.

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཞོགས་ཟས།
    ༼ཇ་ཝིག་ པེར་ཝེརཊ་ཀྱིས༽

    ཁོས་དཀར་ཡོལ་ནང་ལ་
    འཚིག་ཇ་བླུགས་སོང་།
    འཚིག་ཇའི་དཀར་ཡོལ་ནང་ལ་
    འོ་མ་བླུགས་སོང་།
    ཁོས་འཛིག་ཇ་འོ་མའི་དཀར་ཡོལ་ནང་ལ་
    བྱེ་མ་ཀ་ར་བླུགས་སོང་།
    ཁོས་ཐུར་མ་ཆུང་ཆུང་ཅིག་གིས་
    དཀྲུགས་དཀྲུགས་བཏང་སོང་།
    ཁོས་འཚིག་ཇ་དེ་འཐུངས་ནས།
    ཁོས་དཀར་ཡོལ་མར་བཞག་སོང་
    ད་དུང་ང་ལ་སྐད་ཆ་ཚིག་རྡོག་གཅིག་བཤད་མ་བྱུང་།

    ཁོས་ཐ་མག་རྐང་གཅིག་ལ་
    མེ་སྤར་སོང་།
    ཁོས་ཐ་མག་དུ་བས་
    ཨ་ལོང་སྒོར་སྒོར་བཟོས་སོང་།
    ང་ལ་ལྟ་ཙམ་ཡང་མ་བྱས་པར་
    ང་ལ་ཚིག་གཅིག་ཁ་བསྒྲགས་པར།
    ཁོས་ཐ་མག་གི་འཚིག་རོ་དེ་
    དུ་ཕོར་ནང་ལ་བླུགས་སོང་།

    ཁོ་ཡར་ལངས་
    ཁོས་ཞྭ་མོ་
    རང་གི་མགོ་ལ་གོན།
    ཆར་པ་བབ་བགྱིན་ཡོད་ཙང་
    ཁོས་རང་གི་
    ཆར་ཁེབས་གོན།
    ང་ལ་ལྟ་ཙམ་ཡང་མ་བྱས་པར་
    ང་ལ་ཚིག་གཅིག་ཁ་བསྒྲགས་པར།
    དེ་ནས་ཁོ་
    ཆར་པའི་དཀྱིལ་ལ་
    ཕྱིན་སོང་།

    དེ་ནས་ང་
    གདོང་ལ་ལག་པ་གཉིས་བཀབ་ནས་
    ངུས་པ་ཡིན།

  12. ཇུས་ཏོག says:
    2015-01-27 at 4:58 am

    སྨྱོ་ལབ་མ་རྒྱག་སྨྱོན་པ་ཆགས་ཡོང་།
    སྙན་ངག་གོ་བརྡ་མི་འཕྲོད་པའི་སྙན་ངག་།ཧ་ཧ་ཧ་

  13. རྡོ་རྗེ་རྒྱལ་མཚན། says:
    2015-01-27 at 10:42 am

    སྙན་བཟང་གི་འགྱུར་དེ་བྲོ་བ་ཆེ་ཤོས་བྱུང་། སྙན་ངག་འདིའི་བྲོ་བ་མྱོང་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་འདི་ལ་བསམ་བློ་རེ་བཏང་ཚེ། སེམས་ན་དགའ་རྒྱུ་དང་སྡུག་རྒྱུ་གཉིས་ཀ་འདུག 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme