Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱང་རིང་ནས་རྒྱང་རིང་གི་མྱི་དྲན་པ།

Posted on 2015-01-262015-01-26 By ཁ་བརྡ་ 2 Comments on རྒྱང་རིང་ནས་རྒྱང་རིང་གི་མྱི་དྲན་པ།

མགལ་དུམ།

 
རྒྱང་རིང་གི་མྱི། དོ་ནུབ་ཁོ་བོའི་སེམས་པ་བན་བུན་དུ་གྱུར་འདུག གནས་འདི་ནས་མཚན་གུང་ཡོལ་གྲབས་འདུག་པས། ཁོ་བོ་ཡང་རང་གི་མལ་ས་རུ་ཉལ་བར་སྟ་གོན་བྱེད་བཞིན་ཡོད། ཉལ་ཆས་སོགས་ཅི་ཡང་མ་གོན་པར་ཉལ་ཁྲི་རུ་གན་རྐྱལ་དུ་ལོག་ཏེ་ཁ་པར་ལས་ཉིད་ཀྱི་འདྲ་པར་དག་ལ་བསྐྱར་བལྟ་དང་ཡང་བལྟ་བྱས་པ་ཡིན། སྐབས་དེ་ག་རུ་ཁོ་བོ་ཚོད་ཚོད་ལ་སྨྲེང་བས་བཙུར་ཏེ་མིག་ཟུང་ག་ལེར་བཙུམ་བཞིན་ཁ་པར་རང་གི་བྲང་ཁ་རུ་སྦྱར་དགོས་ཐུག་སོང་། རེད། རྨི་ལམ་འདྲ་བའི་འདས་དོན་དག་ལ་ཕྱིར་དྲན་བྱས་ཏེ་ད་ཕལ་ཆེར་སྐར་མ་གང་འཚམས་ཞིག་འདས་ཡོད་ཚོད་ཡིན། དབུགས་རིང་ནར་མོ་འགའ་ངག་ལས་འཁྲོལ་བཞིན་ཡང་བསྐྱར་མིག་ཟུང་ག་ལེར་གདེང་བ་ཡིན།
ད་ལྟ་མཚན་གུང་ཡོལ་འདུག སྙིང་གི་འཕར་སྒྲ་དང་སྐྱོ་སྣང་གིས་མགྲིན་པ་ལས་ཕྱི་རུ་འབྱིན་བཞིན་པའི་འཁུན་སྒྲ་སོགས་ལས་ཅི་ཡང་ཐོས་ཐབས་བྲལ་པའི་བདག་གི་ཁང་མིག་ཏུའང་གྲོང་ཁྱེར་གྱི་གློག་འོད་ཟ་ཟི་རེ་འཕྲོས་འདུག་པས། བདག་གི་སེམས་པ་སྔར་ལས་མོག་མོག་ཏུ་ཅི་ལ་མི་འགྱུར་ཨང་།

སུ་ཞིག་ལ་མི་དགའ་བའི་སྲོལ་གྱིས་ཁོ་བོ་མལ་ས་ལས་གྲེ་ལོག་འགའ་བརྒྱབ་པ་ཡིན། སྙིང་བཏུམས་འདུག་པ་ལྟ་བུའི་སྐྱོ་གདུང་དག་ཀྱང་སྙིང་གཏིང་དུ་སྨུག་སྤྲིན་བཞིན་ཡར་འཁྲུག་མར་འཁྲུག་བྱེད་བཞིན་པས། ངག་ལས་ཚིག་དག་མོ་ཞིག་ཀྱང་བརྗོད་དཀའ་ཚོད་ཡིན་འདྲ། གང་ལྟར། སྐབས་དེ་ཤེད་དུ་མིང་ལ་”རྒྱང་རིང་གི་མྱི”ཞེས་བཏགས་པའི་ཁ་པར་ཨང་གྲངས་དེ་རུ་འཛུབ་མོས་ཡང་ཡང་མནན་པ་ཡིན་མོད། ཕར་ལ་ཁ་པར་གྱི་སྐུལ་བརྡ་མ་གྲགས་པའི་སྔོན་ཏག་ཏག་དེར་དངངས་སྐྲག་རེ་ཡིས་ཡང་བསྐྱར”cancel”ཞེས་པའི་ཡིག་འབྲུ་དེ་ལས་བྲེལ་འཚུབ་ཀྱིས་མནན་ཏེ་ཁ་པར་གཏོང་རྒྱུ་དེ་ཕྱིར་འཐེན་བྱས་ཡིན། རྒྱུ་མཚན་གང་གིས་ལན་པ་ཡིན་ནམ།
ཨོ་རེད། ཡིད་ཀྱིས་རྒྱུ་མཚན་ཞིག་འགྲེལ་བཞིན་པ་ནི་འདི་ལྟ་སྟེ། དེ་རིང་ཁྱེད་ཉིད་གུང་གསེང་ཡིན་པས། དེ་རིང་ཁྱེད་ཉིད་མི་ཚོགས་མོད་ས་དང་གྲོགས་པོ་འཛོམས་ས་རུ་ཡོད་པས། དེ་རིང་ཁྱེད་ཀྱིས་རང་ཉིད་ལ་དབང་བའི་འཚོ་བ་སྐྱིད་པོ་ཞིག་རོལ་གྱིན་པས། ངས་ཁྱེད་ཀྱི་ལྷིང་འཇགས་དཀྲོག་མ་འདོད་པ་ཡིན་འདྲ། ངས་ཁྱེད་ཀྱི་འཚོ་བ་དེར་སུན་པོ་བཟོ་མ་འདོད་པ་ཡིན་འདྲ། ངས་ཁྱེད་ཚོའི་དགོད་སྒྲ་ལ་ཚོད་འཛིན་བྱས་ཏེ་བདག་གི་འཁུན་སྒྲ་དེ་ཁྱེད་ཀྱི་རྣ་བ་རུ་གློད་མ་སྤྲོ་བ་ཡིན་འདྲ། ངས་ཁྱེད་ཀྱི་མོས་པ་དང་འདོད་པ་ལ་བློ་མ་གཏད་པར་རང་གི་བསམ་བསམ་དག་ཁྱེད་ལ་ཨུ་ཚུགས་ཀྱིས་འགྲེལ་བ་ནི་ལུགས་དང་མི་མཐུན་པ་ཤེས་བཞིན་པ་འདྲ། མདོར་ན་ཁྱོད་ཁོ་ན་བདེ་ནས་སྐྱིད་ནས་ཡོད་ན་སྙམ་པའི་སྨོན་པ་དེས་ལུས་སེམས་ལ་ཚད་འཛིན་བཞིན་པ་འདྲ་ཨང་།

ད་ནི་ཁོ་བོ་གོམས་ལོབས་སུ་ཆགས་བཞིན་པའི་ལས་དེ་རུ་ཞུགས་དགོས་པར་དྲན་སོང་། ཡོད་ཚད་གཉིད་དུ་ཡུར་བའི་མཚན་སྨད་འདིར། ཁོ་བོ་བྲེལ་མྱུར་གྱིས་ཡར་ལངས་ཏེ་ཁང་པའི་བར་ཁྱིམ་དུ་སོང་བ་ཡིན། བར་ཁྱིམ་གྱི་གློག་སྒྲོན་མོག་མོག་དེའི་འོག་ཏུ་འཚིག་ཇ་ཕོར་གང་འཐུང་ཞོར་དུ་ཁ་པར་ལས་རོལ་དབྱངས་ལྷོད་ལྷོད་ཅིག་ལ་གྲགས་སུ་བཅུག་ཏེ། ངས་རང་གི་ཚོར་འདུ་ཡོད་ཚད་སྙན་ངག་ཡིན་ཁུལ་གྱི་ཚིག་སྒྲུབ་རེ་རེའི་ལྟོ་བ་རུ་གཅུད་བཞིན་ན་ཟུག་དག་གི་ལྷུ་རྐང་བསྒྲིགས་པ་ཡིན། འདི་ནི་ནམ་རྒྱུན་རང་ཉིད་ལ་སེམས་གསོ་བྱེད་སྟངས་ཤིག་ཡིན་པས། དོ་ནུབ་ཀྱང་ཤོ་ལོ་ཀ་འགའི་གོ་རིམ་བསྒྲིགས་རྗེས་ཅི་ཞིག་འགྲིག་སོང་བ་འདྲ་བའི་སྣང་བ་ཞིག་ཅི་ལ་མེད། ཡང་བསྐྱར་རང་གིས་བྲིས་ཟིན་པའི་སྐད་ཆ་ཚོ་བསྐྱར་ཀློག་ཅིག་བྱས་པ་ཡིན།
ད་ནི་ཕལ་ཆེར་འུ་ཅག་ཐུན་མོང་གི་འགྲོ་སྟངས་ལྟར་སྐད་ཆ་དེར་ཁ་བྱང་ཞིག་འདོགས་དགོས་ཚོད་ཡིན་པས། དེ་མུར་༼སྐྱོ་གདུང་ཚིག་གིས་སེལ་བ༽ཞེས་པའི་ཚིག་དུམ་འདིས་གོང་གི་སྐད་ཆ་ཚོར་སྡོམ་ཚིག་ཅིག་བཀོད་དེ་ཕྱིར་མལ་ས་ལོག་པ་ཡིན། ད་དུང་ཅི་ཞིག་བརླག་སོང་བ་ལྟ་བུའི་གནོང་འགྱོད་ཤིན་ཏུ་ལྕི་མོད། ཉལ་ཐུལ་གྱིས་མགོ་བོ་བཏུམ་ཏེ་གཉིད་ཁུག་པར་འབད་རྒྱུ་ལས་ཐབས་གཞན་གང་ལྷག་མེད་པ་འདྲ་བས། དེ་ག་རང་བྱས་པ་ཡིན།

དོ་ནུབ་ཁྱེད་ཉིད་དྲན་པར་འཁོར་རྒྱུ་མང་དྲགས་པས་ཡིན་ནམ། ཡང་ན་གཉིད་ཁུག་ཁར་ཁྱོད་ཁོ་ན་ཡིད་ཤར་འདུག་པས་ཡིན་ནམ། ཡར་ལངས་རན་ལ་མ་ཐོན་པའི་དུས་ཚོད་དེར་ཁྱེད་ཀྱིས་ཡང་བསྐྱར་བདག་གི་གཉིད་དཀྲོགས་སོང་། ད་ནི་ཉལ་ཐུལ་གྱིས་མགོ་བོ་ཅི་ཙམ་བཏུམ་ཡང་གཉིད་ཁུག་པར་ཧ་ཅང་དཀའ་བར་འདྲ་ལེ། དེའི་ཕྱིར། ཡར་ལངས་ཏེ་ཕྱི་རོལ་དུ་འཆམ་འཆམ་ལ་སོང་བ་ཡིན། རྒྱ་མཚོའི་འགྲམ་རྒྱུད་ཀྱི་བྲག་རི་མཐོ་ས་ཞིག་ལས་མཐའ་མི་མངོན་པའི་རི་ཚོགས་དེར་ཅེར་བཞིན་དེའི་ཕ་རོལ་ཕ་རོལ་ཞིག་ཏུ་རང་ལ་དབང་བའི་མི་ཞིག་ཡོད་པའི་སྟོང་འདང་རྒྱག་བཞིན་དུ་བསྡད་པ་ཡིན། རེད་དེ། འདི་ནི་རྨི་ལམ་ཙམ་དུ་ཟད་པར་སྙམ་ན་ཡང་བསྐྱར་ཚོར་བ་གཞན་ཞིག་གིས་སྙིང་ཆུང་སྲེག་ནས་ཡོང་གིན་གདའ་ལ། ཤུགས་ཀྱིས་འཕྱོ་བཞིན་པའི་རྦ་རླབས་དེ་ཡང་ཇི་འདྲའི་ཡིད་དུ་གནག་པ་ཞིག་རེད་ཨང་། ད་དུང་་་་་་་་་་་་་་་་་

༢༠༡༥-༡-༢༦ ཨོ་གླིང་གི་མཚོ་ངོགས་སུ།

ལྷུག་རྩོམ།

Post navigation

Previous Post: << སྐྱེལ་མ >>
Next Post: ལོ་ཟླ་ཤོག་བུའི་སྣེ་རུ་གཅུལ།

Comments (2) on “རྒྱང་རིང་ནས་རྒྱང་རིང་གི་མྱི་དྲན་པ།”

  1. རྫ་ཆུའི་ཟླ་བ། says:
    2015-01-26 at 12:58 am

    གྲོགས་པོ་ལགས། ངོ་མ་ཡག་པོ་བྲིས་གདའ།

  2. ཁྱུང་སེ། says:
    2015-01-26 at 2:30 am

    བསམ་བློ་མི་འཁོར་དགུ་འཁོར། དྲུག་སུམ་བཅོ་བརྒྱད་འཁོར་འདུག འཁོར་ཀྱང་སྙིང་པོར་མ་མཐོང།
    སྟོང་འདང་རྒྱགས་ནས་མ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme