Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྨི་ལམ་ངན་པའི་ཐན་བཟློག།

Posted on 2015-01-23 By ཁ་བརྡ 16 Comments on རྨི་ལམ་ངན་པའི་ཐན་བཟློག།

ཨེ་མ་ཧོ།

ན་མོ་གུ་རུ་པདྨ་ཀ་ར་ཡེ།།
ཕྱོགས་དུས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་།།
སྣང་སྲིད་དབང་བསྒྱུར་ཡི་དམ་གཤིན་རྗེ་གཤེད།།
མཁའ་འགྲོའི་གཙོ་རྒྱལ་ཁྲོས་མ་ནག་མོ་དང་།།
ཆོས་སྐྱོང་གེ་སར་རྒྱལ་པོས་རྟག་ཏུ་སྐྱོངས།།
གངས་སེང་གཡུ་རལ་མེ་ཡིས་ཚིག་པ་བཟློག།
རྒྱ་སྟག་སུག་བཞི་ས་ཡིས་བརྣན་པ་བཟློག།
གཡུ་འབྲུག་སྙན་གྲགས་རླུང་གིས་འགགས་པ་བཟློག།
ཁྱུང་སེ་ནག་མོ་རྒྱ་མཚོར་ནུབ་པ་བཟློག།
ཤིང་རྟ་སྔོན་མོར་རིམས་ནད་བྱུང་བ་བཟློག།
འཛམ་གླིང་ཀུན་ཏུ་རྨོངས་ཤུགས་འབར་བ་བཟློག།
མུན་པ་ནག་པོས་ལྷ་ལམ་གང་བ་བཟློག།
རྒྱལ་བའི་སྐུ་ལ་དོལ་དགྲས་བདོ་བ་བཟློག།
ཅོལ་ཆུང་ཚོགས་པས་ཆོས་ལ་སྡང་བ་བཟློག།
བདེན་པའི་མི་ལ་སྒྲོ་བཀུར་བྱེད་པ་བཟློག།
དྲང་པོའི་ལམ་ལ་ལོག་པ་བལྟ་བ་བཟློག།
འཇིགས་སྐུལ་ཚོགས་པས་རྡུལ་མཚོན་འཕེན་པ་བཟློག།
བོན་པོས་མིང་གིས་བན་ལ་སྨད་པ་བཟློག།
བན་དེའི་མིང་འཛིན་བོན་ལ་ཆགས་པ་བཟློག།
ཆགས་སྡང་རྨོངས་པས་གཞན་དབང་སོང་བ་བཟློག།
ཤེས་རབ་མེད་པས་དགོན་གནས་འཛིན་པ་བཟློག།
སྙིང་རྗེ་མེད་པས་སྲིད་སྐྱོང་བྱེད་པ་བཟློག།
ངེས་འབྱུང་མེད་པས་ཆོས་གོས་གྱོན་པ་བཟློག།
བྱང་སེམས་མེད་པར་འཁོར་འབངས་མང་བ་བཟློག།
དག་སྣང་མེད་པས་གསང་སྔགས་བཤད་པ་བཟློག།
བསྟན་སྲིད་གཉིས་ལ་སྤྲེལ་ལད་འཁྲབ་པ་བཟློག།
བཤད་སྒྲུབ་བསྟན་པ་བར་ཆད་བྱེད་པ་བཟློག།
ཚེ་ཆོས་ནོར་བུ་སྟོང་ཟད་སོང་བ་བཟློག།
ཞེ་སྡང་ངན་པས་གཞན་རྒྱུད་བསྲེག་པ་བཟློག།
འདོད་ཆགས་སྡུག་པས་རང་རྒྱུད་བརླག་པ་བཟློག།
གཏི་མུག་དྲག་པོས་གཞན་དབང་སོང་བ་བཟློག།
ཕྲག་དོག་གདོན་གྱིས་ལེགས་བཤད་བསྣུབ་པ་བཟློག།
ང་རྒྱལ་ལོག་པས་ཞི་བདེ་མེད་པར་བཟློག།
མདོར་ན་འདི་ཕྱི་རྨི་ལམ་བར་དོ་རུ།།
ལས་ཉོན་བག་ཆགས་ངན་པའི་ཚོགས་ཀུན་བཟློག།
ཐར་བའི་རྒྱལ་མཚན་དམ་པ་ལེགས་འཛུགས་ནས།།
ཕྱོགས་ལས་རྣམ་རྒྱལ་ཀུན་བཟང་དཔལ་དུ་ཤོག།

ཞེས་པ་འདི་ཡང་རབ་རྒྱན་རྒྱལ་ཟླའི་དབང་ཕྱོགས་ཉེར་དགུའི་ཉིན་རྨི་ལམ་ངན་པའི་ཐལ་བཟློག་ཏུ་དགུང་ཆེན་སྤྲེལ་གྱི་དུས་སུ་དབྱིན་ཡུལ་གངས་ལྡན་རི་བོའི་རྩེ་ནས་རིག་འཛིན་ཨེ་མ་ཧོས་སྨོན་པ་བཞིན་དུ་དོན་དང་ལྡན་པར་གྱུར་ཅིག་གུ།།

སྙན་ངག

Post navigation

Previous Post: ཁམས་པའི་ཕོ་རྒོད་ཅིག་སྐུ་འདས་པར་མྱ་ངན་ཞུ།
Next Post: ཕྱིའི་ཆ་ལུགས་དང་ཀུན་སྤྱོད་ལས་ནང་གི་བསམ་བློའི་གནས་ཚད་དཔོག་ནུས།

Comments (16) on “རྨི་ལམ་ངན་པའི་ཐན་བཟློག།”

  1. ཁྱུང་སེ། says:
    2015-01-23 at 4:38 am

    མཛངས་མ་རིག་རིག་རིགས་མར་མཐོང་བ་བཟློག
    གཞན་ལུགས་ཐོས་ཐོས་འུག་སྒྲར་ཐོས་པ་བཟློག
    རྨི་ལམ་འཆར་ཡན་ལུང་བསྟན་འབྱུང་བ་བཟློག
    ལས་མེད་ཆགས་གླུ་མགུར་དུ་ལེན་པ་བཟློག

    བཟློག་གོ་དམར་ཆེན་གཏོར་མས་བཟློག
    བསྒྱུར་རོ་གསང་སྔགས་ཁྲོམ་སྒྲོགས་སྟེང།
    འགོ་བའི་ལྷ་ལྔས་མ་སྐྱོབས་ཤིག
    སྲིད་པའི་ལྷ་དགུས་མ་སྡོང་ཅིག།

  2. གནམ says:
    2015-01-23 at 5:38 am

    བཟློག་མ་འོངས། ཟློག་ད་ལྟ། བཟློགས་འདས་བ། ཟློགས་སྐུལ་བ།

    བཟློག་ཐོབ་པའི་ཐོབ་ལུགས་ཀྱི་ཚིག་འགྲེལ་གཡག་རོ་འདྲ་ཞིག་མེད་ན། གོ་བ་མི་རྙེད་དོ། ཚོད་དཔག་ཙམ་རེད།

  3. ཁྱུང་སེ། says:
    2015-01-23 at 7:49 am

    དྷ་སའི་ཀརྨའི་འོད་འབུམ་གྱིས།
    དྷི་ལིའི་དུད་སྨུག་གནམ་དུ་གཏོར།
    ཀུན་ལ་དགའ་བའི་འོད་སྦྱིན་ཀྱང།
    ཕྲག་དོག་འབྱུང་བྱའི་མིག་ལ་འཚེ།

  4. ཁྱུང་སེ། says:
    2015-01-23 at 12:17 pm

    ཉི་མ་རེ་ལ་བརྒྱ་བཤར་སྟོང་བཤར།
    གསུམ་ལྡན་དག་པས་གསེར་ཞལ་མཇལ་མི།
    དད་ལྡན་སེམས་ལ་དགའ་བ་སྟེར་དུས།
    འབྱུང་བྱ་པད་དགྱེས་མིག་ཟུང་ཁོ་ནར།
    མི་བཟོད་དུ་ཁས་མནར་འདི་མཚར་བ།

  5. ཇུས་ཏོག says:
    2015-01-23 at 12:20 pm

    བཟློག་པ་བཟློག་ཏུ་མ་ཤེས་མཐོ་ལོ་ལོ་།
    སྡིག་པ་སྡིག་ལ་མ་་ཤེས་མཐོ་ལོ་།
    སྔོན་སྐལ་བ་བཟང་པོའི་སྦྱིན་མཐུ་དེ་།
    དུས་དེང་ལྟོ་གོས་འཚོལ་་བའི་ཐབས་།
    སྔོན་ལོ་པཎ་བཀྲིན་ཆད་ཉན་ལ་།
    དུས་དེང་སང་ང་རྒྱལ་་ངོམ་གསོ་གཏོང་།
    སྔོན་བླ་མ་བཟང་པོའི་བཀའ་ཆོས་གནང་།
    དུས་དེང་སང་ཁོ་ངན་རྫུན་བཤད་མང་།
    སྔོན་རྟོགས་ལྡན་སྦྱིན་རླབས་ཆེ་ས་ལ་།
    དུས་དེང་སང་ཆལ་སྤྱོད་སྤེལ་མཁན་མང་།
    བོད་མགོ་ནག་མི་གི་བསོད་ནམས་ཉམས་།
    ཆོས་སངས་རྒྱས་བསྟན་པ་ཉམས་པའི་རྟགས་།
    འདྲེ་དྲ་འབུ་སྲི་ལངས་བྱེད་པ་བཟློག་།
    བཟློག་བརྒྱ་ཚར་བརྒྱ་བཟློག་་་་་་་་་་་ ་་་་་བཟློག་
    ཏ་ཡ་ཐ་ཨོམ་ཏུ་མེ་ལེ་ཏུ་མེ་ལེ་སུ་སུ་མི་མི་ཤིག་ཤིག་སོ་ཧ་།

  6. ཅོ་རི་ཉི་མ། says:
    2015-01-23 at 12:24 pm

    ཨ་ཕྱི་རྒད་མོས་ཤི་མདོག་བྱས་ནས།
    ན་ཆུང་པདྨ་སྤྲུལ་ནས་བསླེབས་ཀྱང་།
    ཉོན་རྨོངས་པགས་པའི་རང་མདོག་གསལ་དུས།
    རྒད་མོ་ཁྱོད་ཀྱི་མདོག་རྒྱབ་མཐོང་སོང་།་་་་་་ཧཧ

  7. པདྨ says:
    2015-01-23 at 2:33 pm

    xxxxx

    ཀ་ཁ་སུམ་ཅུའི་འབྲི་ཀློག་མ་ཤེས་པར། །
    ཁ་བའི་བུ་ཕྲུག་ཡིན་ཞེས་གཞན་སྐད་ཀྱིས། །
    ག་སར་སྒྲོགས་པའི་ཡིན་མདོག་ཚ་པོ་རྣམས། །
    ང་ཅག་བོད་ཀྱི་རྐང་འདྲེན་མིན་ན་ཅི། །

    ཅ་དག་སྐད་དང་ཡི་གེ་རྒྱང་དུ་དོར། །
    ཆ་ཚང་རིག་གནས་བཅུ་པོ་སྣང་མེད་པར། །
    ཇ་ཆང་ཐ་མག་རིན་གོང་མཐོ་དམའ་དང༌། །
    ཉ་ཤ་ཁྱི་ཤ་གླེང་བའི་ཞབས་འདྲེན་སྐྱོ། །

    ཏ་ཐཱའི་བསྟན་འདི་སྔོན་ཐོན་གེགས་རྡོ་ཞེས། །
    ཐ་མ་སྐྱེ་བོ་རྣམས་ཀྱི་རྗེས་འབྲངས་ནས། །
    ད་དུང་ཕ་མེས་བསམ་བློ་རུལ་སངས་བརྗོད། །
    ན་ཆུང་བསམ་མེད་དེ་ཚོ་རིགས་ཀྱི་ནོངས། །

    པ་ཕའི་སྡུག་གི་ཁྲོད་ནས་སྐྱིད་མྱོང་ཡང༌། །
    ཕ་རྒན་བླུན་པོའི་སྤྱོད་ཚུལ་འདི་འདྲ་ཞེས། །
    བ་སྤུའི་གྲངས་ལ་འགྲན་པའི་ངན་དཀྲུ་བའི། །
    མ་རབས་འདི་ཚོ་རིགས་ཀྱི་སྣ་རྫོད་རེད། །

    ཙ་ཙིག་མ་བྱིན་ལེན་པ་སྤྱོད་ལོབས་ཤིང༌། །
    ཚ་ཚ་ན་ནའི་ནང་དམེ་རེ་བྱེད་པའི། །
    ཛ་ཧཱུྃ་ཕཊ་ཀྱིས་བསྒྲལ་རྒྱུའི་ལས་ངན་ཚོས།།
    ཝ་མོའི་གཡོ་སྒྱུ་བཟུང་བ་རིགས་ཀྱི་མཚང། །

    ཞ་བོ་འོན་པར་སྡང་མིག་ཆེར་བགྲད་ནས། །
    ཟ་ལ་ཁད་ཀྱི་ཉམས་ཤིག་སྟོན་པ་ཡི། །
    འ་ཅག་རིགས་ཀྱི་མི་བུ་ཐ་མ་འགས། །
    ཡ་གི་མི་ཆེན་མཐོང་ཚེ་ལྡག་ལ་ཁད། །

    ར་བ་གངས་ཀྱིས་བསྐོར་བར་སྐྱེས་ན་ཡང༌། །
    ལ་ལུང་ཡུལ་གྲུ་གཞན་པའི་སྲོལ་སྦྱོང་ནས། །
    ཤ་ཟན་བོད་ཀྱི་སྲོལ་རྙིང་མཁོ་མེད་ཅེས། །
    ས་ནས་འུར་གྱིས་སྒྲོགས་པ་རྐང་འདྲེན་ནོ། །

    ཧ་ལམ་ད་ལྟའི་དུས་འདིར་ཆེར་མཐོང་བའི། །
    ཨ་རོག་བོད་མི་འགའ་ཡི་བྱ་སྤྱོད་འགའ། །
    ཧ་ཅང་མཁས་པར་རློམ་ཏེ་བྲིས་མིན་མོད། །
    ཨ་ལ་སྐྱོ་སེམས་ཆེ་བས་བྲིས་ལེ་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-01-23 at 11:44 pm

    དོལ་སྐྱེས་གདོན་འདྲེ་དོལ་རྒྱལ་གྱི། །
    སྨོན་ལམ་ལོག་པ་ཐམས་ཅད་ཟློག །
    དོལ་འབྲངས་དོལ་ཚོགས་བསམ་ངན་གྱི། །
    སྦྱོར་བ་རྩུབ་པ་ཐམས་ཅད་ཟློག །

  9. ཀརྡོ་གཉེར་ཕྱག་པ་ says:
    2015-01-23 at 11:49 pm

    སྨོན་ལོག་ཤུགའ་ལྡན་ཤུགས་མེད་ཤོག །
    དོལ་གྱི་འབྱུང་པོ་དོལ་རྒྱལ་གྱིས། །
    བསྟན་འགྲོར་གནོད་སོགས་བསམ་ངན་དང་། །
    སྦྱོར་ངན་ཐམས་ཅད་ཟློག་འགྱུར་ཅིག །

  10. ཇུས་ཏོག says:
    2015-01-23 at 11:57 pm

    ཀ་བཤད་ཁ་དང་རྣ་ལ་ཕོག་།
    ཁ་བཤད་གཞན་སེམས་བསད་།
    གང་བཤད་རང་སེམས་དཀྲུགས་།
    ང་རྒྱལ་ཟེར་བའི་གཟུགས་མེད་དེ་།

    ཅ་ཅོ་མང་བས་དྲ་ནང་འཛུལ་།
    ཆ་འཇོག་མེད་པའི་སྨྱོ་ལབ་རྒྱབ་།
    ཇ་ཆང་དཀྱུར་མོར་དགའ་མཁན་མེད་།
    ཉ་ཤ་རུལ་པར་སྣུམ་མཁན་མེད་།

    ཏ་ཐ་ག་ཏའི་བསྟན་ལ་སྨད་།
    ཐ་ངན་དྲ་འབུའི་ལས་ངན་བསགས་།
    ད་ལྟ་བསམ་བློ་གཏོང་རན་རེད་།
    ན་རྒས་འཆི་དུས་ཚར་བ་་རེད་།

    པ་སངས་བྱ་བ་བཟང་བ་དང་།
    ཕ་མ་ནང་པ་་ཡིན་ན་འང་།
    བ་ཕྱུགས་དུད་འགྲོ་མིན་ན་དགའ་།
    མ་རབས་མི་ལ་གྲོས་མ་དྲི་།

    ཙ་བ་མེད་ན་རྩེ་མོ་གང་ན་སྐྱེ་།
    ཚ་བོ་མེད་ན་གྲང་མོ་གང་ན་ཡོད་།
    མཛའ་བརྩེ་མེད་ན་བྱམས་པ་གང་ན་ཡོད་།
    ཝ་ལེར་བསམ་དང་ང་ཡི་ས་སྟེང་ཁྱབ་།

    ཞ་མོ་མགོ་ལ་རྒྱན་པ་མིའི་ལུགས་།
    ཟ་མ་ཟ་བ་སྲོགས་ཆགས་ཀུན་གྱི་ལུགས་།
    འ་འུར་དཀྲོགས་གཏམ་དྲ་འབུའི་སྤེལ་།
    ཡ་རབས་ངོ་ཚ་མེད་པའི་དྲ་འབུ་མང་།

    ར་ལ་ས་སྐལ་ར་ས་འཕྲུལ་སྣང་བཞེངས་།
    ལ་རྒྱ་བཟུང་ནས་དྲ་ནང་འཛུལ་ན་དགའ་།
    ཤ་ཚ་ཡོད་པའི་དཔྱད་རྩོམ་སྤེལ་ན་དགའ་།
    ས་ཆ་ཡོངས་ལ་དྲ་འབུ་ཁྱབ་པ་འདིའི་།

    ཧ་ལོའི་མེ་ཏོག་འདྲ་བའི་ངོ་མཚར་ཆེ་།
    ཨ་རོགས་ལས་མེད་དྲ་གྲོགས་སྙན་ལ་འཇུག་།
    ཧ་ཧ་ཧ་

  11. ཁྱུང་སེ། says:
    2015-01-24 at 3:48 am

    གཞན་གྱི་དཔལ་ཡོན་འབར་བ་ལ།
    རྒྱུན་ཆད་མེད་པར་འུར་འུར་གྱི།
    ཕྲག་དོག་ཐན་སྒྲ་སྒྲོག་པའི་ཨ།
    ཕྱི་བའི་སྐྱག་བཞིན་བཟློག་ཏུ་གསོལ།

    མགོ་བོ་གཅིག་ལ་མིག་སྟོང་བགྲད།
    ལུས་པོ་གཅིག་ལ་མིང་སྟོང་འཆང།
    སྐྱེས་པའི་ལུས་ལ་བུད་མེད་མིང།
    གནམ་ས་མགོ་ལྡོག་ལྟས་ངན་མ།

    ཁ་གཅིག་སྒོ་ནས་མཐུན་བསྒྲིལ་བཤད།
    ཁ་གཅིག་ངག་ནས་བཟློག་གཏོར་འཕེན།
    ཁ་དང་སྣ་ཡི་བར་ཐག་ནས།
    འགལ་ཟླའི་རྫུན་ཚིག་རི་བོ་བརྩེགས།

    བློ་མི་བདེ་ས་ལ་གླེང་ལང་མང།
    བློར་མི་ཤོང་བ་ལ་འཕྲག་པ་དོག
    བློ་ཆུང་བའི་མོ་འདྲེ་ཁོག་ཞུགས་དག
    རྩེ་གསུམ་པའི་ཟོར་གྱིས་བཟློག་ཏུ་གསོལ།

  12. ཇུས་ཏོག says:
    2015-01-24 at 5:19 am

    བཟློག་པ་ཡག་མོ་འགའ་རྒྱབ་འདའ་ཐུགས་རྗེ་ཆེ་སྐུ་ཡོན་ག་ཚོད་ཡིན་ནམ་ཌོ་
    ལར་ཕུལ་དགོས་པ་རེད་དམ་་རྩམ་པ་སྤྲོད་དགོས་རེད་ཧཧཧ་བཟློག་ཨ་རིའི་ཌི་
    ལར་བཟློག་ཧཧཧ་རྒྱ་ཡི་ཏ་ཡང་བཟློག་ཧཧཧ་ཐ་ཝན་ཌ་ལར་བཟློག་ཧཧཧ

  13. ཁྱུང་སེ། says:
    2015-01-24 at 5:27 am

    དེ་འདྲའི་ཇུས་ཏོག་ལ་ང་རང་གི་དྭང་བླངས་ཀྱིས་བརྒྱབ་པ་ཡིན་ཡོན་མི་དགོས་་་ཨ་ཕྱི་ལ་དགོས་ན་ཁྱེད་རང་ཤེས་ང་ལ་ཇུས་ཏོག་མེད་དོ།

  14. ཇུས་ཏོག says:
    2015-01-24 at 7:31 am

    རྨི་ལམ་ཚན་མ་ངན་པ་བཟློག་།
    དགྲ་འདྲེའི་བསམ་སྦྱོར་ངན་པ་བཟློག་།
    རྟགས་དང་རྟེན་འབྲེལ་ལོག་པ་བཟློག་།
    ཕ་མས་དུར་སྲི་ལང་པ་བཟློག་།
    འུག་པ་ཧ་ཧ་ཟེར་བ་བཟློག་།
    འུག་མོ་ཧུ་ཧུ་ཟེར་བ་བཟློག་།
    བལྟས་ངན་རྒྱ་བཅུ་རྩ་བཞི་བཟློག་བརྒྱུར་གཅིག་།
    བྱུར་དང་བལྟས་ངན་ཐམས་བཅས་རྒྱ་ནག་དམར་པོའི་རྒྱལ་ཁབ་ལ་རྒྱོབ་ཤིག་་
    ་་་་ བཟློག་བཟློག་་་ ་་་་ ་་ བཟློག་

  15. ཀརྡོ་གཉེར་ཕྱག་པ་ says:
    2015-01-25 at 12:47 am

    འདིར་གཟིགས་དང་། བོད་རིགས་ཁ་ཆེ་ཚོས།
    https://www.facebook.com/photo.php?fbid=10152926330546877&set=pcb.10152926340496877&type=1&theater
    བོད་རིགས་དོལ་རྒྱལ་བ་ནང་པ་ཚོས་བོད་པར་གནོད་པ་ནི། ངོ་ཚིའི་གནས་རེད།

  16. BONPO says:
    2015-01-25 at 3:50 am

    བོན་པོས་མིང་གིས་བན་ལ་སྨད་རིན་ཅི།
    སྨད་སོང་སེམས་པའི་རྣམ་རྟོག་ངན་པ་བཟློག
    བཟློག་དང་དམོད་ཀྱི་དྲེགས་པའི་རོང་ཆོས་དེ།
    གངས་ཅན་བོད་ལ་བརྒྱུད་སྤེལ་བྱས་པའང་བཟློག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme