Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་ཅན་སྲས་མོ་ཚེ་རིང་སྐྱིད་ལ་ཕུལ་བའི་གངས་ལྷ་མེ་ཏོག

Posted on 2015-01-192015-01-19 By ཁ་བརྡ་ 32 Comments on གངས་ཅན་སྲས་མོ་ཚེ་རིང་སྐྱིད་ལ་ཕུལ་བའི་གངས་ལྷ་མེ་ཏོག

ཨེ་མ་ཧོ།

 
ན་མོ་དྷྰ་ཀི་ནི་ཡེ།
ཀ་དག་ལྷག་བསམ་དགེ་བའི་མཛེས་མཛངས་ཀྱི་བུ་མོ།།
ཁ་བའི་གངས་ལ་དགྱེས་པའི་རིགས་བཟང་གི་མཁའ་འགྲོ།།
གང་ལ་སེམས་ཀྱང་ཀླུ་དབང་བདག་མོ་རུ་ཕེབས་ནས།།
ང་ཚོའི་བསྟན་སྲིད་སྤེལ་བའི་རྟེན་འབྲེལ་ལ་དགོངས་མཛོད།།
ཅ་ཅོའི་སྨྲ་བ་དགའ་བའི་གཏམ་འཆལ་ཙམ་མིན་པར།།
ཆ་ལུགས་ཆོས་བཞིན་མཛད་པའི་གྲོགས་མཆོག་ཏུ་བྱོན་ནས།།
ཇ་ཆང་འདོད་པས་མ་གོས་རྒྱལ་སྲས་ཀྱི་སྤྱོད་པས།།
ཉ་ར་ཟབ་གཏེར་གཉེར་བའི་བདག་མོ་རུ་གནང་མཛོད།།
ཏ་ཐྰ་ག་ཏའི་བསྟན་པའི་ཡང་སྙིང་གི་གསང་སྔགས།།
ཐ་དག་ཀུན་བཟང་དགོངས་པའི་རིག་རྩལ་ཏུ་ཤར་ན།།
ད་གདོད་གཉུག་མའི་རང་ཞལ་མཇལ་བ་ཞིག་ཡིན་པས།།
ན་ཆུང་ཐུགས་ལ་ཁྲོད་ན་དེ་ཉིད་རང་མཛོད་ཅིག།
པ་ལོ་དུང་ལས་དཀར་བའི་ཡབ་ཆེན་ལ་གསན་ནས།།
ཕ་མེས་རིག་གཞུང་སྤེལ་བའི་མཛེས་མཛངས་ཀྱི་བདག་མོས།།
བ་ལི་དཀར་པོའི་རང་གཤིས་དྲི་བཟང་བཞིན་ངོམས་ནས།།
མ་ལུས་འགྲོ་ཁམས་འདྲེན་པའི་ཐུགས་དམ་དེ་མ་གཡེལ།།
ཙ་རུར་ཨུ་ཚུགས་རྒྱག་པའི་ཕོ་ངན་ཞིག་མིན་ཡང་།།
ཚ་གྲང་གཡུལ་ལས་སྐྱོབ་པའི་རིག་འཛིན་གྱི་བརྒྱུད་པས།།
ཛ་ཡའི་བསྟན་པའི་ཡང་སྙིང་ལེན་པ་ལ་བརྩོན་དང་།།
ཝ་ལེར་ཐུགས་ཀྱིས་རྣམ་དཔྱོད་མཁྱེན་རབ་ཏུ་འགྱུར་ངེས།།
ཞྭ་རྩོད་བདག་པོའི་གྲུབ་མཐའ་ཕྱོགས་རིས་ཙམ་མ་ཡིན།།
ཟ་གོས་ལོངས་སྤྱོད་འདོད་པའི་གཡོ་འཕྲུལ་ཀྱང་མ་ཡིན།།
འ་ཅག་བསྟན་སྲིད་ཕན་བདེའི་རིགས་བཟང་གི་བུ་མོས།།
ཡ་རབ་ཀུན་བཟང་སྤྱོད་པའི་ཕྲིན་ལས་སུ་འབོད་ཅིག།
ར་གན་གསེར་ཏུ་རྫུ་བའི་གཡོ་འཕྲུལ་ཞིག་མིན་པར།
ལ་རྒྱའི་དུང་བ་དཀར་པོས་ཁ་བརྡ་ཞིག་ཡིན་པས།།
ཤ་རུས་གཅིག་ལས་མཆེད་པའི་གངས་ཅན་གྱི་སྲས་མོས།།
ས་སྟེང་མི་ལུས་བླངས་པ་དོན་ལྡན་དུ་མཛད་གྲོགས།།
ཧ་ཅང་བདེན་ཚིག་དྲང་པོའི་བརྡ་དོན་ལ་དགོངས་ནས།།
ཨ་ཏིའི་ཟབ་དོན་མྱོང་བའི་གདམས་ངག་འདི་མ་བརྗེད།།
ཨི་ལྡན་དབྱངས་གསལ་མཛེས་པའི་ལེགས་སྐྱེས་འདི་ཕུལ་བས།།
ཨུ་མ་དེ་ཝའི་དགྱེས་པའི་ཐུགས་དམ་དུ་གཏམས་མཛོད།།
ཨེ་མ་ལྟ་སྒོམ་སྤྱོད་འབྲས་འོག་འདོན་གྱི་དཔལ་ཡོན།།
ཨོ་ལོས་ཐོལ་བྱུང་ལམ་ནས་སྙིང་གཏམ་དུ་ཕུལ་ན།།
ཚེ་རིང་སྐྱིད་ཀྱི་བདེ་གསལ་ཉམས་རྟོགས་ཉིད་རྒྱས་ཤིང་།།
བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཏུ་སྨོན་ནོ།།

ཞེས་པ་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུས་པའི་དུས་ཆེན་ལ་རྨི་ལམ་བཟང་པོ་དང་ཆོས་མཆེད་དམ་པ་རིག་འཛིན་རྒྱལ་པོས་སྐུལ་ངོར་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་ཐོལ་བྱུང་དུ་བརྡ་རིས་བཅས་བྲིས་པར་དགེའོ།། །།

གསར་འགྱུར།

Post navigation

Previous Post: གུ་གུལ་ཡིག་བསྒྱུར་ནང་བོད་ཡིག་སླེབས་ཆེད་ཀྱི་བརྙན་ཐུང་།
Next Post: ཁང་ཆེན་དང་དེའི་བདག་པོ།

Comments (32) on “གངས་ཅན་སྲས་མོ་ཚེ་རིང་སྐྱིད་ལ་ཕུལ་བའི་གངས་ལྷ་མེ་ཏོག”

  1. ཅོག་མྱི། says:
    2015-01-20 at 12:20 am

    ཚེ་རིང་སྐྱིད་གཏན་ཚིགས་ལྡན་པའི་བུད་མེད་ཅིག་རེད། དེར་རྙིང་མའི་རིན་འཛིན་ལ་ཁས་འཆའ་བའི་རྩོམ་མཁན་རེ་གཉིས་ཀྱི་འཆལ་རྩོམ་དང་ཉམས་རྟོགས་དྲོད་རྟགས་རྟ་རྔ་ཙམ་གྱིས་བསླུ་ཐུབ་པ་ཞིག་མ་རེད། ངས་ཁོ་ནོ་ཉེའུ་ཡོགས་ནས་ཐུག་དུས་འདི་འདྲའི་ཚོར་བ་ཞིག་ཐེབས་སོང་། གང་ལྟར་ཁོ་མོར་བསྟོད་པ་དང་རྒྱབ་སྐྱོར་ཚུལ་འཆོས་མ་ཡིན་པ་བྱས་ན་རྗེས་སུ་ཡི་རང་ངོ་། དེ་ལྟར་མ་ཡིན་པར་མགོ་སྐོར་དང་ཁ་གསེག་སོགས་བྱེད་གིན་བསྡད་ན་ཡག་པོ་མ་རེད། ཁོ་མོ་ཚང་བོད་ཁ་བ་ཅན་ལ་བྱས་རྗེས་ཡོད་པའི་ཁྱིམ་ཚང་ཞིག་ཡིན་པ་དེ་བརྗེད་མི་ཉན།

  2. བློ་བཟང་། says:
    2015-01-20 at 12:50 am

    ཨེ་མ་ཧོ། ཨ་ཧ་ཧ། ཨ་ལ་ལ་ཨོ། ཧ་ཧ་ཧ། ཧུ་ཧུ་ཧུ། འདི་ལ་རྟོགས་པའི་ཐོལ་གླུ་ཟེར་ལེ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2015-01-20 at 1:06 am

    གངས་ཅན་སྲས་མོ་ཚེ་རིང་སྐྱིད་ཟེར་ན། སུ་རེད། རླུང་འཕྲིན་ཁང་གི་ལས་བྱེད་ཅིག་དེ་རེད་དམ། ཡང་གཞན་ཅིག་རེད། ལགས།

  4. ཀརྡོ་གཉེར་ཕྱག་པ་ says:
    2015-01-20 at 1:07 am

    རིག་འཛིན་རྒྱལ་པོ་དེ་ཡང་སུ་རེད། ལགས། ཨེ་མ་ཧོ་ལགས།

  5. ཅོག་མྱི། says:
    2015-01-20 at 1:15 am

    ཀརྡོ་གཉེར་ཕྱག་ཁ་བརྡ་ནང་དུ་ཉིན་མཚན་མེད་པར་ཡོང་ནས་རིག་འཛིན་རྒྱལ་པོ་སུ་ཡིན་མ་ཤེས་ན་ཡོང་བ་དོན་མེད་རེད། དེ་ཨེ་མ་ཧོ་ལ་ཁ་ཡག་བཤད་མཁན་ཟུར་གནས་ཟེར་བ་དེ་རེད། གཟུར་དུ་མི་གནས་ན་ཟུར་དུ་གནས་སོ།

  6. ཁྱུང་སེ། says:
    2015-01-20 at 1:16 am

    མཛངས་མཛེས་དཔལ་གྱིས་བརྒྱན་པའི་རིགས་བཟང་གི་བུ་མོ།
    ཐ་མལ་འགྲོ་བའི་དཔྱིད་དུ་ལེགས་པ་རུ་བཞུགས་ནས།
    སྔགས་པ་རྒན་པོས་རིགས་མར་བཟུང་ནས་བསླུ་བྲིད་ཀྱི།
    ཐབས་ཤེས་ཡོད་རྒུ་འདོན་བཞིན་འདུག་ན་དེ་བས་གཟབ།

  7. ཁྱུང་སེ། says:
    2015-01-20 at 1:19 am

    ཀརྡོས་བསྐུལ་མ་ཞུས་པར་བྲིས་སོང་དགེ་བརྙན་ཀ་རྡོ་ལགས་ད་ཐུགས་ཚིམས་སམ། གསོལ་འདེབས་དེ་དཔལ་དགྱེས་ཁྱེད་གཉིས་ནས་ནང་ནུབ་མ་ཆག་པར་འདོན་ན་ཚེ་རིང་སྐྱིད་ཀྱི་ཞལ་མངོན་པར་མཇལ་བའི་རེ་བ་ཡོད།

  8. ཅོག་མྱི། says:
    2015-01-20 at 1:34 am

    མཛེས་མ་ཚེ་སྐྱིད་བོད་ལ་བཀའ་དྲིན་ཆེ།
    པད་མ་འདམ་སྐྱེས་འདམ་གྱི་དྲི་མ་མེད།
    ད་ལྟ་དམར་ཕྱོགས་རྒྱ་ཡི་ཁ་གནོན་མཛད།
    མཛངས་མ་ཚེ་རིང་སྐྱིད་ལ་བསྟོད་པ་ཕུལ།

  9. བདེན་པའི་ཕོ་ཉ་ says:
    2015-01-20 at 1:48 am

    ཚེ་རིང་སྐྱིད་ལ་དེ་ལྟ་བུའི་བསྟོད་དགོས་པ་གང་ཡིན་ནམ་
    སྔགས་པ་རྒན་པོས་ཀྱང་བསླུ་འཁྲིད་བྱེད་གི་འདུག་

  10. ཚེ་རིང་ says:
    2015-01-20 at 1:54 am

    སྔགས་རྒན་དེ་ཚོས་མཛེས་མ་མཐོང་ཚད་བསྟན་པ་ཁ་ལ་ཁྱེར་ཏེ། འཁྲིག་པ་སྤྱོད་འདོད་བྱེད་པ་ནི་ནང་བསྟན་བཤིག་པའི་སྔ་ལྟས་རེད།

  11. ཀརྡོ་གཉེར་ཕྱག་པ་ says:
    2015-01-20 at 2:58 am

    ཚེ་རིང་སྐྱིད་དང་རིག་འཛིན་རྒྱལ་པོ་དང་། །
    ཨེ་མ་ཧོགསུམ་འཇིག་རྟེན་མཐུན་འཇུག་ཤོག །

  12. ཇུས་ཏོག says:
    2015-01-20 at 3:06 am

    ཚེ་རིང་སྐྱིད་ལ་རེ་བ་་འཆང་འདོད་ན་།
    ཨ་རིའི་བོད་སྐད་སྡེ་ཚན་ལ་སྐྱབས་འཇུག་ཞུས་།
    ཟས་ལྷག་ཐུང་ལྷག་འདྲ་རག་སྲིད་།ཧ་ཧ་ཧ་

  13. པདྨ says:
    2015-01-20 at 4:36 am

    ད་ཡིན་ན་ཨེ་མ་ཧོས་་་གངས་ཅན་སྲས་མོ་ཚེ་རིང་སྐྱིད་གངས་ལྷ་མེ་ཏོག ཧ ཧ ་་་་ཚེ་རིང་སྐྱིད་ཀྱིས་་་ལུས་འདུས་བྱས་རྫས་ལ་ཉམས་རྒུད་ཡོད།། སེམས་བརྩེ་དུང་ཡིད་བཞིན་ནོར་ལས་ལྷག། ཁྲེལ་མེད་པའི་སྤྲོ་ཚེ་དར་མ་ལས།། ལྷད་མེད་པའི་ཨེ་ཧོ་མགོ་དཀར་དགའ།།བཤད་འདུག་པས་་་ཤྲྰི་དགེ་སློང་ཚང་གིས་ད་ཚོད་བཟུང་ན་མི་དགའ་འམ།།

  14. ཤར་པ་ says:
    2015-01-20 at 6:12 am

    སྙེག་དུས་མི་ཧམ་སུ་ཆེ་ཡིན་ཞེས་པ་དེ་བདེན་པ་ཁོ་ནའོ།

  15. གངས་ལྡོམ། says:
    2015-01-20 at 6:25 am

    མི་བྱེད་དགུ་བྱེད་འདི་ན་འདུག ཧཧཧཧཧཧཧ

  16. གཞོན་ནུ་ཟླ་མེད། says:
    2015-01-20 at 6:47 am

    གདམས་ངག་ཞིག་ཡིད་ལ་དྲན། དེ་ནི་འཇུ་མི་ཕམ་པས་གསུངས་ཟེར། ངས་འདིར་བཀོད་པར་བྱ།

    ས་སྐྱ་བའི་བསྟན་པ་ཕྱོགས་རེས་ཀྱིས་འཇིག།
    དགེ་ལུགས་པའི་བསྟན་པ་ང་རྒྱལ་གྱིས་འཇིག།
    བཀའ་བརྒྱུད་པའི་བསྟན་པ་གཏི་མུག་གིས་འཇིག།
    རྙིང་མ་བའི་བསྟན་པ་འདོད་ཆགས་ཀྱིས་འཇིག།
    གོང་གི་ཚིག་འདི་འཇུ་མི་ཕམ་པའི་གསུངས་གང་ན་ཡོད། དྲི་བ་ཡིན།

  17. གནམ says:
    2015-01-20 at 7:16 am

    གཤིན་ཟས་ཟ་ནི་ཞིག་གི་རྒན་མོ་བྱེད་པ་ལས།།
    རྐྱལ་སྟོང་ང་འདྲ་ཞིག་ལ་ལས་སྨོན་རྒྱབ་ན་བཟང་།། ཧ་ཧ་ཧ།

    བན་ལོག་ཞིག་གི་ཟུར་ནས་རྒས་སྐྱིད་བྱེད་པ་ལས།།
    གསར་བུ་སྣང་མཐོ་ང་འདྲས་རྡུང་བཞིན་བསྡད་ན་སྐྱིད། ཧ་ཧ་ཧ།

    ཧ་ཅང་དགའ་བས་འདི་ལྟར་བྲིས་བ་མིན།
    མྱི་རྐྱང་བུ་ལ་དགའ་བས་བྲིས་བ་ཡིན།
    རིགས་རྒྱུད་བོད་ལ་བཞག་ན་བསམ་པ་ལས།།
    དབྱིན་མོ་གཡང་མ་མཛངས་མ་རྩི་རྒྱུ་ཡོད། ཧ་ཧ་ཧ།

  18. ཡར་ལྷ་ཤམ་པོ། says:
    2015-01-20 at 8:54 am

    གཞོན་ནུ་ཟླ་མེད་ལགས། བདེ་གཤེགས་སྙིང་པོའི་ངོས་འཛིན་སྟོན་ཐུང་སེང་གེའི་ང་རོ་འམ་དེ་དང་མཉམ་དུ་བསྡེབས་པའི་ཆོས་ཚན་ཞིག་ནང་ཡོད་སྙམ། ཡུན་རིང་སོང་བས་གསལ་པོ་མི་དྲན།

  19. ས་མཐའི་མིག་ཆུ། says:
    2015-01-20 at 9:25 am

    སྔགས་རྒན་དེ་ཚོས་བུ་མོ་མཛེས་མ་ཚང་མ་མཁའ་འགྲོའི་སྤྲུལ་པར་བསྟོད་ནས་དམིགས་ཡུལ་ངོ་མ་སྒང་ལ་འཛེགས་སེམས་རང་རེད།

  20. ཁྱུང་སེ། says:
    2015-01-20 at 9:54 am

    གཞོན་ནུ་ཟླ་མེད་ཀྱིས་ལུང་དེ་ངས་ཀྱང་གོ་མྱོང་ད་གསལ་པོ་ཞིག་མི་དྲན་གི ཚིག་དེ་ཏག་ཏག་དོན་དང་ལས་དང་སྤྱོད་ལམ་སོགས་འདྲ་མཐུན་ཞེ་བོ་གཅིག་འདུག ཚིག་དེ་ཚོར་འགྲེལ་བཤད་བརྒྱབ་ཐུབ་མཁན་འདི་ན་ཡོད་ན་ཅིག་བརྒྱབ་་གནང་རོགས།

  21. ཅོ་རི་ཉི་མ། says:
    2015-01-20 at 10:33 am

    ཨེ་མ་ཧོ་ལ་་ངོ་ཚ་བགྱིད་མེད་ནའང་་་ང་ངོ་འདྲ་ཞིག་ཚ་བྱུང་།

  22. ལྡོང་གསེར་མིག says:
    2015-01-20 at 12:56 pm

    ཨེ་མ་ཧོ་ལགས། ཁྱོད་ཀྱི་ཐོལ་རྩོམ་དང་རྒྱན་གྱི་ཉམས་འགྱུར་སོགས་ལ་ཡི་རངས་ཡོད། ཡིན་ན་ཡང་། མཚམས་རེར་ངོ་བསྟོད་ཟོལ་ཟོག་གི་བྱ་སྤྱོད་མང་དྲགས་པས་ཁྱེད་ཀྱི་རྩོམ་ཡིག་ཀློག་པར་དགའ་མོས་མི་བྱེད་མཁན་མང་པོ་འདུག ལྷག་པར་དུ་ཁྱོད་དང་ཁྱོད་ལྟ་བུའི་རྙིང་བླ་ཁག་ཅིག་གིས་(མིང་བགྲང་ཆོག)ངོ་དེབ་སོགས་ལ་པར་རིགས་འདྲ་མིན་བཀོད་དེ་རང་སྟོད་ཆེ་དྲགས་པའི་ངན་སྤྱོད་དེ་རང་རེའི་བླ་སྤྲུལ་མང་པོ་ཞིག་ལ་ཞབས་འདྲེན་གྱི་རྒྱུར་མི་འགྱུར་བའི་ངེས་པ་མི་འདུག དཔེར་ན། ཆགས་ཞེན་དང་འདོད་སྤྱོད་ཀྱི་རང་མགོ་གནོན་མ་ཐུབ་པ་གསང་སྔགས་དང་རྫོགས་ཆེན་གྱི་དམ་ཚིག་ཏུ་བགྲང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་བོད་རྒྱུད་གསང་སྔགས་ནང་བསྟན་གྱི་རིན་ཐང་ཆུང་དུ་གཏོང་བར་བདེགས་གཤེགས་མཁན་པོ་འཇིགས་ཕུན་གྱིས་དག་པའི་ཞིང་ནས་སྤྱན་ཆུ་བརྡོལ་བཞིན་པ་སྨོས་མ་དགོས་པ་རེད། དེས་ན། སྐུ་ཚེ་རིང་རྒྱུ་ཚོ། མིའི་སྔུན་ལ་ངོ་ཚ་མེད་ཅིང་ལྷའི་མདུན་དུ་ཁྲེལ་བཟུང་སྟེ་གསང་སྔགས་ཀྱི་དམ་ཚིག་དང་སྤྱོད་པ་སོགས་ཐ་མལ་བའི་འཆལ་སྤྱོད་དུ་མི་བསྒྱུར་རོགས་ཞེས་ཞུ་བ་ནན་ཏན་དུ་ཕུལ་བ་ཡིན།་

  23. ལྡོང་གསེར་མིག says:
    2015-01-20 at 1:04 pm

    ས་སྐྱ་བའི་བསྟན་པ་རུས་རྩོད་ཀྱིས་འཇིག །
    དགེ་ལུགས་པའི་བསྟན་པ་འདྲེ་རྩོད་ཀྱིས་འཇིག །
    རྙིང་མ་བའི་བསྟན་པ་ཆགས་སྲེད་ཀྱིས་འཇིག །
    ཇོ་ནང་བའི་བསྟན་པ་གཞན་འབྲེང་གིས་འཇིག །
    བོན་པོ་བའི་བསྟན་པ་རྙིང་རྩོད་ཀྱིས་འཇིག །
    བཀའ་བརྒྱུད་པའི་བསྟན་པ་ཞྭ་རྩོད་ཀྱིས་འཇིག །

    ལུང་དེ་འདྲ་ཞིག་ཡིད་ལ་འདུག གང་ནས་རེད། ཤེས་མཁན་ཨེ་ཡོད།

  24. ཟུར་གནས་ says:
    2015-01-20 at 9:56 pm

    ཨེ་མ་ཧོ། ཁྱེད་ཆོས་པ་ཞིག་གི་གོ་ཆོད་བཞག འདི་རིང་གཞན་གྱི་མགོ་མནན་སོང་། ཕྱི་རྫིག་ནང་རྫིག་གི་འོད་སྟོང་སྦར་སོང་། དཔེར་ན། ཆོས་པའི་མིང་གཟུགས་ཅན་གཞན་པ་མི་ཉུང་བས་ཚེ་རིང་སྐྱིད་ལ་སྙན་ངག་བྲིས་ནས། “ང་ཁྱོད་ལ་དགའ། ང་ལ་ཁྱོད་མཁོ། ཁྱེད་མེད་ན་མི་འགྲིགས། ཚེ་འདི་ཕྱི་མི་དགོས་ཁྱེད་དགོས། དམ་པའི་ལྷ་ཆོས་མི་དགོས་ཁྱེད་དགོས།”ཟེར་མཁན་ལྟ་བུའི་སྙན་ངག་མི་ཉུང་བ་བྲིས་པ་ལས། ཚེ་སྐྱིད་ལ་ཕར་སློབ་གསོ་བཏང་ནས། ཚེ་འདི་སྐྱུར། བློ་ཆོས་ལ་འགུགས། ལུས་དང་གཏམ་ལ་སེམས་མི་ཆགས། ཆོས་ལ་སློབས་ཅེས་པ་ཆོས་པའི་སྐད་ཆ་རེད། དེ་ཁྱེད་གཅིག་པུའི་ཁ་ནས་ཐོན་པ་འདིས། ཁྱེད་ཆོས་པ་ཞིག་གི་གོ་ཆོད་སོང་། དགའ་སོང་། ཡི་རངས་ཡོད། གསང་སྔགས་རྙིང་མའི་ཆེ་བ་ལྔ་ལྡན་གྱི་ཆོས་ལ་བཞུགས་པའི་མགོ་ཐོན་འདུག འགྲིགས་བཞག

  25. ཟུར་གནས་ says:
    2015-01-20 at 10:02 pm

    ང་ཚོ་གསང་སྔགས་རྙིང་མའི་ཟབ་ཆོས་འདི་ལ། ཉོན་མོངས་བཙན་པོས་བཅོས་མི་དགོས་པར། ཕར་ཉོན་མོངས་ཀྱི་ངོ་བོ་རིག་པས་མི་ཤོར་བར། ཚུར་ཉོན་མོངས་ཀྱི་ཉེས་རྡུང་གཟེད་མི་དགོས་པའི་གདམ་པ་ཡོད། བྱས་ཙང་ཆགས་པ་གཅིག་པུར་རིག་པ་སྐྱོང་ཚུལ་གྱི་གདམ་པ་ཞིག་གནོངས་རོགས་ཨེ་མ་ཧོ་ལགས། ལྷག་པར་དུ་ཚེ་སྐྱིད་ལྟ་བུའི་མཛེས་མར་སྣང་བའི་འཁྲུལ་པ་དེ་ལ་ཇི་ལྟར་ཆོས་ལ་བསྒྱུར་ཐབས་ཀྱི་གདམ་པ་ཞིག་གནོངས་རོགས། ཚེ་སྐྱིད་དཔེ་ལ་བཞག་ནས། བློ་གསར་རྣམས་ལ་ཆགས་པ་བཅོམ་པའི་གདམ་པ་གནོངས་རོགས།

  26. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 12:58 am

    ས་སྐྱ་བའི་བསྟན་པ་རུས་རྩོད་ཀྱིས་འཇིག །
    གདུང་སྲས་དང་ཚ་ངོར་གྱེས་པས་་་་་

    དགེ་ལུགས་པའི་བསྟན་པ་འདྲེ་རྩོད་ཀྱིས་འཇིག །
    དོལ་རྒྱལ་སོགས་ལ་སྐྱབས་སུ་ཕྱིན་པས་་་་་

    རྙིང་མ་བའི་བསྟན་པ་ཆགས་སྲེད་ཀྱིས་འཇིག །
    སློབ་དཔོན་ཡབ་ཡུམ་འཁྱུད་པའི་ཐང་ག་དང་། གསང་སྔགས་འཆལ་པོར་སྤྱོད་པས་་་་་

    ཇོ་ནང་བའི་བསྟན་པ་གཞན་འབྲེང་གིས་༼འབྲངས་ཀྱིས་༽འཇིག །
    རང་ལུགས་མི་ལ་ཤོརད་ཅིང་། རང་ས་མི་བརྟན་པས་་་་་་

    བོན་པོ་བའི་བསྟན་པ་རྙིང་རྩོད་ཀྱིས་འཇིག །
    བོན་ཁུངས་རྙིང་ཞེན་ཆེ་དྲགས་པས་་་་་་་་་་་་

    བཀའ་བརྒྱུད་པའི་བསྟན་པ་ཞྭ་རྩོད་ཀྱིས་འཇིག །
    ཞྭ་ཆེ་བཞི་དང་ཆུད་བརྒྱད་དུ་སྔར་ནས་གྱེས་ཟིན་པའི་ཐོགལ། ཞྭ་དམར་ཞྭ་ནག་དང་། ད་དུང་ཞྭ་གསར་པས་་་་་་་

  27. ཁྱུང་སེ། says:
    2015-01-21 at 1:18 am

    ཀ་རྡོ་ལགས་འཇིག་ཚུལ་ཇི་ལྟར་ཡིན་མིན་འགྲེལ་བ་ཁ་གསལ་གོ་བདེ་ཞིག་འབྲི་རོགས་དེབ་ཆེན་བྱུང་བ་ཡིན་ནའང་འགྲིག་པར་དུ་ངས་བརྒྱབ་ཡོང།

  28. ཁྱུང་སེ། says:
    2015-01-21 at 1:31 am

    ས་སྐྱ་བའི་བསྟན་པ་རུས་རྩོད་ཀྱིས་འཇིག །
    གདུང་སྲས་དང་ཚ་ངོར་གྱེས་པས་ཏེ་འདི་ལོར་ས་སྐྱའི་སྨོན་ལམ་སྐབས་སུ་ས་སྐྱའི་ནང་མི་གཉིས་དབར་ལ་བགྲོས་ཆོད་བཞག་དགོས་ཐུག་འདུག

    དགེ་ལུགས་པའི་བསྟན་པ་འདྲེ་རྩོད་ཀྱིས་འཇིག །
    དོལ་རྒྱལ་སོགས་ལ་སྐྱབས་སུ་ཕྱིན་པས་ལོ་ངོ་བཅུ་ཕྲག་གི་རིང་ལ་ལྷ་རྩོད་འདྲེ་རྩོད་ཀྱིས་དུས་འདས་པས་སློབ་སྦྱོང་སོགས་ལའང་ཉམས་ཆག་དང་དགོན་པ་དགོན་ཆེན་ཀྱང་དུམ་བུར་བགོས་སོང།

    རྙིང་མ་བའི་བསྟན་པ་ཆགས་སྲེད་ཀྱིས་འཇིག །
    སློབ་དཔོན་ཡབ་ཡུམ་འཁྱུད་པའི་ཐང་ག་དང་། གསང་སྔགས་འཆལ་པོར་སྤྱོད་པས་བླ་མ་རེ་ཡིས་མཁའ་འགྲོ་རེ་བླངས། དེ་ལ་སྲས་པོ་དང་སྲས་མོ་རེ་འ྄ཁྲུངས་ནས་རིག་འཛིན་དང་གྲུབ་ཐོབ་མཁའ་འགྲོ་བཅས་ངོས་འཛིན་གྱིས་བསྟན་པ་ཕ་རྒན་གྱིས་བཟུང།

    ཇོ་ནང་བའི་བསྟན་པ་གཞན་འབྲེང་གིས་༼འབྲངས་ཀྱིས་༽འཇིག །
    རང་ལུགས་མི་ལ་ཤོརད་ཅིང་། རང་ས་མི་བརྟན་པས་ཆོས་རྒྱུད་རང་ཉིད་རང་རྐྱར་འཕེར་བའི་སློབ་གཉེར་གྱི་སྡེ་མེད་པའམ་གང་ལྟར་དགེ་ལུགས་དང་ས་སྐྱ་སོགས་ཀྱི་དགོན་སྡེར་འབྲེངས་ནས་རང་ལུགས་ལ་སློབ་སྦྱོང་སོགས་ཀྱི་གཏད་སོ་མེད་པར་ཆགས།

    བོན་པོ་བའི་བསྟན་པ་རྙིང་རྩོད་ཀྱིས་འཇིག །
    བོན་ཁུངས་རྙིང་ཞེན་ཆེ་དྲགས་པས་ས་ཁུག་ལུང་ཁུག་དུ་བསྡད་ནས་འཛམ་གླིང་གི་འགྱུར་ལྡོག་མི་མཐོང་བ་དང་ག་དུས་ཡིན་ནའང་ལོ་ངོ་སྟོང་ཕྲག་དང་སྟོང་ཕྲག་ཟེར་ནས་ཡུས་བཤད་པ་ལས་རང་བསྟན་བག་ལ་ཉལ་གྲབས་བྱེད་བཞིན་འདུག

    བཀའ་བརྒྱུད་པའི་བསྟན་པ་ཞྭ་རྩོད་ཀྱིས་འཇིག །
    ཞྭ་ཆེ་བཞི་དང་ཆུད་བརྒྱད་དུ་སྔར་ནས་གྱེས་ཟིན་པའི་ཐོགལ། ཞྭ་དམར་ཞྭ་ནག་དང་། ད་དུང་ཞྭ་གསར་པས་ཆོས་ལུགས་སྤྱི་འཐུས་དང་བླ་ཆེན་གྱི་གོ་གནས་ཐོབ་ཐང་དགོས་རབས་སོགས་མི་ལོ་བཅུ་ཕྲག་མང་པོའི་རིང་ལ་ཞྭ་མོའི་དོན་དུ་ཁྱོད་ཤིམང་གསོན་གྱིས་ཁྲིམས་གཏུག་བྱེད་ཀྱིན་ཡོད། རྒན་ཀ་རྡོ་ལགས་ཁྱེད་ཀྱིས་འབྲེལ་བྲིས་པ་དེར་ངས་མཆན་ཆུང་གསེར་གྱི་ལྡེའུ་མིག་ཅིག་བྲིས་ཡོད་པས་དེར་གཟིགས་ནས་ད་དུང་འགྲེལ་བཤད་རྒྱ་ཆེའི་འགྲེལ་ཞིག་འབྲི་རོགས་ཞུ་གི་ཡོད།

  29. པདྨ says:
    2015-01-21 at 3:25 am

    ཨེ་མ་ཧོ་ལ་དགོངས་དག་ཞུ། ངས་གོ་ནོར་འཐེབས་འདུག ཡིན་ན་ཡང་གཉེན་སྒྲིག་ལ་དགེ་འདུག་ལྷག་མ་མ་ཡིན་ནམ། ལྡོང་གསེར་མིག་གིས་ཡག་པོ་གསུངས་བཞགས། ཡིན་ན་ཡང་སྒེར་འཁོན་ཞིག་ཟུར་ལ་བསྟན་འདུག ཁོས་འཇིགས་ཕུན་གྱིས་དག་པའི་ཞིང་ནས་སྤྱན་ཆུ་བརྡོལ་བཞིན་པ་སྨོས་མ་དགོས་པ་རེད། དེས་ན། སྐུ་ཚེ་རིང་རྒྱུ་ཚོ། མིའི་སྔུན་ལ་ངོ་ཚ་མེད་ཅིང་ལྷའི་མདུན་དུ་ཁྲེལ་བཟུང་སྟེ་གསང་སྔགས་ཀྱི་དམ་ཚིག་དང་སྤྱོད་པ་སོགས་ཐ་མལ་བའི་འཆལ་སྤྱོད་དུ་མི་བསྒྱུར་རོགས་ཞེས་ཞུ་བ་ནན་ཏན་དུ་ཕུལ་བ་ཡིན།་ཟེར། གསང་སྔགས་དམ་ཚིག་ལ་བུད་མེད་སྨད་པ་དམ་ཚིག་ཉམས་པ་ལས་བུད་མེད་ལ་བསྟོད་པས་ཚོགས་བསགས་ལས་དམ་ཉམས་སུ་བཞག་མེད་དོ། ཁྱད་པར་ཁོས་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་ལ་ཤ་ཚ་འདོགས་བསྟན་འདུག་པས་པས་དྲི་བ་འདི་དག་ཡོད། ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་འམ་གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས་ནི་མཁས་གྲུབ་གཉིས་ལྡན་གྱི་ཕྲིན་ལས་འཛམ་གླིང་དུ་བརྡལ་སློབ་བརྒྱུད་གོ་ལ་རུ་སྤེལ་ནས་བདེ་བ་ཅན་དུ་ཕེབས་ནས་ང་ལ་སྤྲུལ་སྐུ་ངོས་འཛིན་མི་དགོས། གལ་ཏེ་ངོས་འཛིན་ན་ངའི་སྐུ་སྲོག་ལ་ལག་བཞག་པ་ཡིན། དེས་ན་ཁྱེད་ཚོས་རང་ཚུགས་མ་ཤོར་དང་གཞན་སེམས་མ་དཀྲུགས་གསུངས་ནས་སྐུ་མྱ་ངན་ལས་འདས་མི་ལོ་བཅུ་གཅིག་ཕྱིན་ཟིན་པ་རེད། ཡིན་ན་ཡང་སྒེར་སྤྱོད་མིའུ་ལྡོང་གསེར་མིག་ཁྱེད་ཚོས་སྤྲུལ་སྐུ་གསར་པ་རྫུན་མ་ཞིག་བཟོས་པ་དེས་ཆོས་རྗེ་ཡིད་བཞིན་ནོར་བུ་སྤྱན་ཆབ་བརྡོལ་བ་སྨོས་མ་དགོས་པ་མ་ཡིན་ནམ། ད་དུང་འགོ་ལོག་དམ་ཆོས་ཟེར་བ་དང་ཤ་ཚང་གི་བཙུན་པ་གསེར་རྟ་ཚུལ་ཁྲིམས་སོགས་ཀྱིས་ཇུས་ངན་ལ་སྔ་འགྱུར་བ་སྤྱི་ལ་ངན་སྨད་དེ་མཚམས་ཞོགས། གསེར་རྟ་སྒར་ལ་དགོངས་སེལ་ངེས་པ་ཞུས་དགོས་ཡོད་དོ། དེ་མིན་ས་སྐྱ་འཁོན་རིགས་ལྷ་ཡིས་བསྟན་པ་འཛིན། དགེ་ལུགས་རྒྱལ་པན་རྣམ་གཉིས། བཀའ་བརྒྱུད་འབྲི་འབྲུག་སྟག་ལུང་། རྙིང་མའི་ཀུན་མཁྱེན་བླ་མ། ཇོ་ནང་གི་སྐབས་རྗེ་ཉི་ཟླ་སྐར་གསུམ། བོན་པོས་སྨན་སྤྲུལ་ཡབ་ཡུམ་གྱིས་བསྟན་པ་འཛམ་གླིང་ལ་ཉི་མ་ཤར་བཞིན་དུ་གནས་པ་ལ་ང་ཚོ་དྲ་འབི་འགའ་རེས་སྡུག་སྐད་ཀྱིས་ཕན་གནོད་གང་ཡང་མེད་དོ་སྙམ་མོ།།

  30. ཚེ་རིང་ says:
    2015-01-21 at 9:40 am

    གང་ལ་སེམས་ཀྱང་ཀླུ་དབང་བདག་མོ་རུ་ཕེབས་ནས།།ཧཧཧཧ ཀླུ་སྨྱོན་གྱི་བཟའ་ཟླ་བྱ་རོགས་ཟེར་བའི་དོན་རེད། ཁོ་རང་ལ་དགོས་པའི་དོན་མ་རེད་དོ།

  31. ཀརྡོ་གཉེར་ཕྱག་པ་ says:
    2015-01-21 at 10:19 am

    ལུང་བསྟན་ལས་ལྷག་ལྟོས་གྲུབ་ཀྱིས། །
    ཆོས་བརྒྱུད་བཞི་ཡི་རྒྱུན་གནས་ནི། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཞི་བ་འཚོ་དང་པད་འབྱུང་མ་བསྟེན་ན། །
    རྙིང་མའི་བསྟན་པ་ཆགས་སྲེད་ཀྱིས་འཇིག་འགྱུར། །

    མར་མི་དྭགས་གསུམ་གསུམ་པོར་མ་དད་ན། །
    བཀའ་བརྒྱུད་བསྟན་པ་ཞྭ་རྩོད་ཀྱིས་འཇིག་འགྱུར། །

    གྲུབ་ཆེན་བི་རུའི་དམ་ཚིག་མ་བསམས་ན། །
    ས་སྐྱའི་བསྟན་པ་རུས་རྩོད་ཀྱིས་འཇིག་འགྱུར། །

    ཨ་ཏི་འབྲོམ་གྱི་ནང་བསྟན་མ་འཛིན་ན། །
    དགེ་ལུགས་བསྟན་པ་འདྲེ་རྩོད་ཀྱིས་འཇིག་འགྱུར། །
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    # 27 ཁྱུང་སེ་ལགས་ཀྱི་མཆན་མཐོང་ནས། །
    ཀརྡོས་སླར་ཡང་ངལ་བ་བྱས། །

  32. སྲོང་བཙན་ཚ་བོ། says:
    2015-01-22 at 4:43 am

    མ་བུ་མོ་སེམས་ཀྱི་རང་མདངས་ལ། ཁ་ཚིག་ལོག་མ་རྒྱག་གངས་ཅན་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme