Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གླུ་མ་ཡོའོ་པེའུ་ནཱ་ལ་རྗེས་དྲན་བྱས་པ།

Posted on 2015-01-192015-01-19 By ཁ་བརྡ་ 3 Comments on གླུ་མ་ཡོའོ་པེའུ་ནཱ་ལ་རྗེས་དྲན་བྱས་པ།

མི་གསོན་པོ།

unnamed-2གྲགས་ཅན་གྱི་གླུ་མ་ཞིག་གི་ཚེ་སྲོག་དེ་རིང་ཡལ་ཟིན་ཀྱང་།། རླབས་ཆེན་གྱི་མཛད་སྤྱོད་ཅིག་གིས་ང་ཚོ་ལ་འོད་སྣང་སྟེར་བྱུང་།། དེ་ནི་ཝོའུ་ཧན་གྲོང་ཁྱེར་གྱི་གླུ་མ་གྲགས་ཅན་ཡོོའོ་པེའུ་ནཱ་ཡིས་རང་གི་མིག་འབྲས་དང་དབང་པོ་གཞན་ལ་བྱིན་པའི་བླ་མེད་ཀྱི་མཛད་སྤྱོད་དང་སྙིང་སྟོབས་དེ་རེད། རྒྱ་ནག་གི་ངག་རྒྱུན་དུ། “སྐྱེས་པ་རླབས་ཆེ་ལ་ཤི་བ་གཟི་བརྗིད་ཆེ།” ཞེས་པའི་ཆེ་བསྟོད་ཀྱི་ཆོ་ལོ་དེ་གླུ་མ་འདི་ལ་ཕུལ་ན་འོས་ཤིང་འཚམས་པ་ཞིག་ལོས་ཡིན། མི་སེམས་ལ་འགུལ་བསྐྱོད་བཏང་ནུས་པའི་རླབས་ཆེན་གྱི་མཛད་སྤྱོད་འདི་ལྟར་ཚེ་སྲོག་འོད་སྣང་ལ་ཐིམ་པའི་ལ་རྒྱ་ཅན་གྱི་གངས་ཅན་བོད་མི་སེར་སྐྱ་ཕོ་མོ་ཁག་ཅིག་དང་། རྒྱལ་སྲས་བྱང་ཆུབ་སེམས་དཔའ་གྲགས་པའི་ལོ་རྒྱུས་ཐོག་གི་མི་སྣ་རླབས་ཆེན་ཁ་ཤས་ལས་སྐྱེ་བོ་ཕལ་པ་རྣམས་ཀྱིས་ཆེས་ཤིན་ཏུ་བྱ་དཀའ་བའི་མཛད་སྤྱོད་ཅིག་རེད།

དེའི་ཕྱིར་དེ་རིང་འཛམ་གླིང་ས་ཕྱོགས་ཀུན་ཏུ་ཁྱེད་ཀྱི་སྙིང་སྟོབས་དང་བློས་བཏང་གླེང་བཞིན་འདུག་ལ་ཁྱེད་ཀྱི་མཛེས་སྡུག་གི་སྣང་བརྙན་དང་སྙན་འགྱུར་གྱི་དབྱངས་རྟ་སོགས་ནི་དྲ་ལམ་གྱི་གར་སྟེགས་ཡོངས་སུ་ཁྱབ་འདུག ངེད་ཅག་བོད་ཀྱི་དོན་དམ་གྱི་མཛངས་མ་ཚེ་རིང་འོད་ཟེར་དང་། མཁས་པའི་དབང་པོ་བསོད་དར་རྒྱས་སོགས་ཀྱིས་ཀྱང་ཁྱེད་ལ་རྗེས་དྲན་དང་ཡི་རང་ཞུ་བཞིན་འདུག་པ་མ་ཟད་གནས་ཚུལ་འདི་གོ་མཁན་གྱི་སྐྱེ་བོ་ཡོངས་ཀྱིས་ཁྱེད་དང་ཁྱེད་ཀྱི་ནང་མི་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད་ངེས།

unnamed-1འོན་ཏེ་བྱམས་སེམས་མེད་པའི་འཆི་བདག་བདུད་པོ་དེས་ཁྱེད་ཉིད་འདི་ལྟར་ལྔ་ལམ་དུ་ཁྲིད་དུས་ངས་ནམ་ཡང་མིག་ལམ་དུ་འཁོར་བ་ནི་༢༠༡༣ལོའི་རྒྱ་ནག་སྐད་བཟང་གླུ་ངག་འགྲན་བསྡུར་ཁྲོད་དུ་ཁྱེད་ཀྱི་བླངས་པའི་དབྱངས་རྟ་དག་དང་ཆེས་ཐོག་མའི་འགྲན་ཞུགས་ཉིན་མོར་ཁྱེད་ཀྱིས་བཤད་པའི་སྐད་ཆ་རྣམས་ཡིན།
ཁྱེད་ཀྱིས་ཨ་མས་ངོ་སྤྲོད་བྱས་པ་ལྟར་ན་ཁྱེད་ཉིད་རྗིན་སི་གོས་ཐུང་དང་རས་ལྷམ་རྟིང་མེད་གྱོན་ལ་ཧ་ཅང་དགའ་བ་དང་ཕ་མ་ལ་བརྩི་བཀུར་ཆེ་བའི་བུ་མོ་ཡ་རབས་ཤིག་ཡིན་ཚུལ་བཤད་པ་ལྟར་ཉིན་དེར་ཁྱེད་ཀྱིས་བབས་ཆགས་པའི་རྗིན་སི་གོས་ཐུང་དང་རས་ལྷམ་རྟིང་མེད་ཅིག་གྱོན་ཏེ། འགྲན་ཞུགས་ཀྱི་སྒོ་ཁར་ནས་ཕ་མ་ལ་འཐམ་འཁྱུད་དང་གུས་ཞབས་བྱས་ཟིན་རྗེས། གར་སྟེགས་སུ་འཛེགས་ཏེ་[སང་ཉིན་ཡིན་སྲིད་]ཅེས་པའི་གླུ་གཞས་དེ་སྙན་མོའི་དབྱངས་སུ་འགུགས་དུས་བལྟ་ཉན་བྱེད་མཁན་ཡོངས་རྫོགས་རྐུབ་སྟེགས་ལས་ལངས་ཏེ་ཐལ་སྒྲ་དང་དགའ་འབོད་ཁྲོད་དཔྱད་འདེམས་པ་བཞི་པོས་ཁྱེད་ཉིད་སློབ་ཕྲུག་ཏུ་འདེམས་པའི་རྩོད་གླེང་གི་འཇུག་ཏུ་ཁྱེད་ཀྱིས་རང་ཉིད་ཆེས་དགའ་བའི་རྒྱལ་ཡོངས་ཀྱི་གྲགས་ཅན་གླུ་མ་ནཱ་ཡིང་དགེ་རྒན་དུ་འདེམས་ཏེ་ཀྲུང་གོའི་སྐད་བཟང་གླུ་གཞས་འགྲན་བསྡུར་ལ་དངོས་སུ་ཞུགས་སོང་།

དཔྱད་འདེམས་པས་ཁྱེད་ཉིད་འགྲན་བསྡུར་འདིའི་ནང་དུ་ཞུགས་དགོས་པའི་རྒྱུ་མཚན་དྲིས་ལན་དུ་ཁྱེད་ཀྱིས། “གལ་སྲིད་ང་ལ་དེ་རིང་ལས་སང་ཉིན་མེད་ཀྱང་། དེ་རིང་ངས་རང་ཉིད་དགའ་བའི་གར་སྟེགས་ཤིག་གི་ཐོག་ཏུ། སྟབས་བདེའི་གྱོན་གོས་རྗིན་སི་གོས་ཐུང་དང་རས་ལྷམ་རྟིང་མེད་འདི་གྱོན་ནས། རང་ཉིད་ཀྱིས་ཆེས་ལེན་འདོད་པའི་གླུ་དབྱངས་དེ་གྱེར་ན་འདོད། དེ་ནི་ངས་ཁྱེད་ཅག་གི་ཕུལ་བའི་ལེགས་སྐྱེས་ཤིག་ཡིན་ལ། ཁྱེད་ཅག་གིས་ཡོའོ་པེའུ་ནཱ་ངོ་མ་དེ་མཐོང་བའི་ཆེད་དུའང་ཡིན། གོ་སྐབས་དེ་འདྲ་ཐོབ་པ་ནི་ང་ལ་བལྟོས་ན་ཧ་ཅང་དཀའ་བས་འགྲན་བསྡུར་འདི་ཡི་ནང་དུ་ཞུགས་པ་ཡིན།” ཞེས་བརྗོད་སོང་།

འགྲན་བསྡུར་གྱི་གར་སྟེགས་དེ་ནས་ཁྱེད་ཀྱི་བླངས་པའི་གླུ་དབྱངས་[ཉུང་མཐའ་ཡང་ཁྱོད་ཡོད་པས།] [ངའི་བརྩེ་བའི་གྲོགས་པོ།] [གལ་སྲིད་ང་ཚོ་མ་ཐུག་ན།] སོགས་ཀྱི་གླུ་གཞས་དག་གིས་དཔྱད་འདེམས་པ་དང་ལྟད་མོ་བ་མང་པོ་ངུ་རུ་བཅུག་སོང་བ་མ་ཟད་ལེ་དབར་ཁྲི་ཕྲག་གིས་རྒྱང་ཐག་བཅད་པའི་ཐག་རིང་གི་རྒྱ་མཚོའི་གྲུ་སོ་ཞིག་ནས་གླུ་གཞས་དང་སྒྱུ་རྩལ་འཇིག་རྟེན་སོགས་ལས་ཅུང་ཐག་རིང་དུ་གནས་པའི་གྲྭ་རྐྱང་འཁྱམས་པོ་བདག་ཀྱང་མིག་ཆུ་ཐེངས་ཁ་ཤས་འབྱིན་མྱོང་།

ཁྱེད་ལ་ཡིད་དུ་འོང་བའི་ལང་ཚོ་དང་། རྣ་བར་འཇེབས་པའི་སྙན་འགྱུར། བབས་ཆགས་པའི་ཀུན་སྤྱོད་སོགས་བསྟོད་བཀུར་འོས་པ་དུ་མ་ཞིག་ཡོད་པར་བརྙན་འཕྲིན་ལས་དངོས་སུ་མཐོང་ཟིན་མོད་དེ་ལས་ཀྱང་ཆེས་ངོ་མཚར་བ་ཞིག་ལ་བླ་ན་མེད་པའི་སྙིང་སྟོབས་དང་བྱམས་སེམས་མངའ་བ་དེ་རེད། མི་གྲངས་དུང་ཕྱུར་མང་པོའི་དྲན་ཤིང་དུ་བཞག་པའི་ཁྱེད་ཀྱི་དཀྱུས་ལ་རིང་བའི་མིག་ཟུང་དེ་ད་དུང་རྒྱལ་ཁམས་འདིར་བལྟས་ཡོད་ལ་བྱམས་སེམས་དང་སྙིང་སྟོབས་ཀྱིས་བསྐྲུན་པའི་རླབས་ཆེན་གྱི་མཛད་རྗེས་དེ་ཉིད་གསོན་པོ་གནས་ཡོད་པས་ཁྱེད་ཉིད་ཤི་མེད། ཁྱེད་ཉིད་ནམ་ཡང་འཆི་མི་སྲིད།

སྣ་ཚོགས།

Post navigation

Previous Post: ཁམས་པ་དེ་འདྲ་ཨེ་ཡིན་ནམ།
Next Post: གུ་གུལ་ཡིག་བསྒྱུར་ནང་བོད་ཡིག་སླེབས་ཆེད་ཀྱི་བརྙན་ཐུང་།

Comments (3) on “གླུ་མ་ཡོའོ་པེའུ་ནཱ་ལ་རྗེས་དྲན་བྱས་པ།”

  1. ཕུག་རོན། says:
    2015-01-19 at 7:04 pm

    མོར་ནུ་མའི་འབྲས་སྐྲན་ཕོག་འདུག ད་ལོ་རང་ལོ་33དང་དང་ད་རུང་ཆང་ས་བརྒྱབ་མེད། བུ་མོ་བྱང་སེམས་ཅན་ཞིག་རེད།

    :-D

  2. རང་བྱུང་རིག་པའི་རྡོ་རྗེ says:
    2015-01-19 at 8:55 pm

    མི་གསོན་པོ་ལགས་ཀྱིས་སྤེལ་བའི་རྩོམ་ཡིག་ལས། ཕུག་རོན་ལགས་ཀྱི་མཆན་ཐུང་ཡིག་འབྲུ་ཁ་ཤས་འདི་བཟང་གི མ་འོང་བར་འདི་འདྲའི་རྩོམ་ཡིག་སྤེལ་ན་བརྗོད་བྱའི་གླུ་མའི་ངོ་སྤྲོད་མདོར་བསྡུས་ཤིག་ངེས་པར་དུ་བཀོད་དགོས་པ་རེད། རྩོམ་པ་པོ་ནས་གླུ་མར་བསྟོད་པ་ཙམ་ལས་ངོ་སྤྲོད་གང་ཡང་བྱས་མི་འདུག དེའི་ཕྱིར་ཀློག་མཁན་མང་བོ་ཞིག་གིས་གླུ་མ་དེའི་སྐོར་ཤེས་འདོད་ཡོད་པ་རེད།།

  3. པདྨ says:
    2015-01-20 at 1:50 pm

    རྒྱ་ནག་གི་གླུ་མ་གྲགས་ཆེན་ཡོ་པེའི་ནཱ་པེ་ཅིན་ཏུ་ཚེ་ལས་འདས་པ།
    མིང་དུ་གྲགས་པའི་གླུ་མ་ཡོ་པེའི་ནཱ་ནི་ཕྱི་ལོ༡༩༨༡ལོའི་ཟླ་བ༩བའི་ཚེས༢༦ཉིན་ཧུའུ་པེ་ཞིང་ཆེན་བུའུ་ཧན་གྲོང་ཁྱེར་དུ་སྐྱེས། ཁོ་མོ་ལོ་ན་བཞི་ལོན་པའི་དུས་ནས་མགོ་བརྩམས་ཏེ་གང་ཆིན་རོལ་དབྱང་བསླབ། ཕྱི་ལོ༡༩༩༧ལོའི་ཟླ༩བའི་ནང་དུ་བུའུ་ཧན་གླུ་གར་སློབ་གླིང་དུ་ཞུགས་ལ་སྔ་ཕྱིར་གཟེངས་རྟགས་དང་བྱ་དགའ་མང་པོ་བླང་། ༢༠༠༠ལོར་ཁོ་མོ་རྒྱ་ནག་གླུ་གར་སློབ་གླིང་གི་སྒྲ་རིག་གླུ་གཞས་སྡེ་ཚན་ནས་སློབ་མཐར་ཕྱིན་ཅིང་རྒྱ་ནག་པའི་དུས་དར་གྱི་གླུ་མ་གྲགས་ཆེན་ཞིག་ཏུ་གྱུར་བ་ཡིན། ཕྱི་ལོ༢༠༡༡ལོར་ཁོ་མོར་འབྲས་སྐྲན་གྱི་ནད་ཕོག་འབྲས་སྐྲན་ནུ་མའི་གཤེར་རྨེན་ལ་འབབ་པའི་ནད་ཀྱིས་མནར་དེ་སྨན་ཁང་དུ་སྡོད་བཅོས་དང་བཤའ་བཅོས་བྱས། དེ་ནས་བཤའ་བཅོས་ཀྱིས་ཕན་ཐོག་ཆེན་པོ་མ་བྱུང་ལ་ཕྱི་ལོ༢༠༡༤ལོའི་ཟླ༡༢པའི་ནང་དུ་ཡང་བསྐྱར་སྨན་ཁང་དུ་སྡོད་བཅོས་བྱས་ཏེ་ཚེས༢༦ཉིན་བརྟགས་དཔྱད་པའི་བཤད་པ་ལྟར་ན་འབྲས་སྐྲན་གྱི་ཕྲ་ཕུང་ཀླད་ཆེན་དང་གློ་བར་མཆེད་པས་ཉེན་ཁ་ཤིན་ཏུ་ཆེ་ཟེར།༢༠༡༥ལོའི་ཟླ་བ༡པོའི་ནང་ཁོ་མོའི་འབྲས་སྐྲན་དེ་ནུ་རྨེན་སྲ་འགྱུར་གྱི་འབྲས་སྐྲན་ལ་གྱུར་ཏེ་སྲོག་སྐྱོན་གྱི་ཉེན་ཁ་ལ་སླེབས། འཕྲལ་ཏུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཧྲིན་ཀྲིན་སྨན་ཁང་དུ་མྱུར་སྐྱོབས་བྱས་ཡིན་ཡང་སྐྱོབས་ཐབས་མེད་པར་ཐག་གིས་བཅད་པ་ན་ཁོ་མོའི་རང་གི་ལུས་སྟེང་གི་ནད་དུག་གི་སྐྱོན་མ་ཞུགས་པའི་སྤྱན་ཟུང་གཉིས་གཞན་ལ་འབུལ་བའི་སྤོབས་སེམས་སྐྱེས་ཏེ་ཁག་ཐག་ཡི་གེ་ལ་མིང་རྟགས་བཀོད་ནས་༢༠༡༥ལོའི་ཟླ༡པའི་ཚེས༡༦གི་དུས་ཚོད༡༩དང་སྐར་མ༣༠སྟེང་མོའི་སྤྱན་ལ་བཤའ་བཅོས་བྱས་ཏེ་སྐར་མ༥ཡི་ནང་དུ་སྤྱན་ཟུང་སྨན་པའི་ལག་ཏུ་བླང་སྟེ། བཤའ་བཅོས་ལེགས་འགྲུབ་བྱུང་དུས་ཚོད༡༩དང་སྐར་མ༣༥སྟེང་མོ་ལ་དྲིན་ཆེན་ཕ་མའི་བརྩེ་བའི་དྲོད་ཁུལ་གྱིས་སྟེར་བའི་སྤྱན་ཟུང་མེད་པར་གྱུར་ཏེ་བཤའ་བཅོས་ཡང་མཇུག་རྫོགས་ལ་ཁོ་མོའི་རེ་འདོད་ལྟར་མོའི་སྤྱན་གཉིས་ནི་ཉམས་ཐག་པའི་མིག་སྐྱོན་ཅན་རྒྱ་ནག་ཧྲིན་ཀྲིན་ནས་ཡིན་པའི་མི་ཞིག་དང་སྤྱན་གཅིག་ནི་རྒྱ་ནག་ཁྲིན་ཏུའུ་ནས་ཡིན་པའི་མི་ཞིག་ལ་དངོས་ཕུལ་བྱས་ནས་མོའི་རེ་བ་ཡོངས་སུ་འགྲུབ་པར་བྱས། མོ་ནི་ད་ལོ་སོ་ན་སོ་བཞི་ཡིན་ལ་མོའི་མི་ཚེ་ལ་བཤི་ཤད་བྲིས་ནའང་མོའི་བྱམས་བརྩེ་དང་ལྷག་བསམ་ནི་སྔར་བས་ཀྱང་འཛམ་བུའི་གླིང་འདིར་གཟི་བརྗིད་བླ་ན་འབར། ཅེས་ཧྲིན་ཀྲིན་དགོང་མོའི་ཚགས་པར་སྟེང་དུ་བཀོད་པ་བཞིན་མགོ་ལོག་བློ་བཟང་ཐུབ་བསྟན་གྱིས་ཕབ་སྒྱུར་བྱས་པ་ཡིན། 2015.1.20

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme