Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་གཞུང་ཉམས་ཆག་འགྲོ་ཚུལ་སྐོར་གྱི་དོན་ཚན་གསུམ།

Posted on 2015-01-132015-01-13 By ཁ་བརྡ་ 23 Comments on རིག་གཞུང་ཉམས་ཆག་འགྲོ་ཚུལ་སྐོར་གྱི་དོན་ཚན་གསུམ།

སློབ་དཔོན་ཟམ་གདོང་རིན་པོ་ཆེ།

 

སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་རིག་གཞུང་ཉམས་ཆག་འགྲོ་ཚུལ་སྐོར་གལ་ཆེའི་བཀའ་སློབ་དོན་ཚན་གསུམ་གནང་བ།

“རིག་གཞུང་ཉམས་ཆག་འགྲོ་ཚུལ་ལ་རིམ་པ་མི་འདྲ་བ་གསུམ་ཙམ་ཡོད། དེ་ཡང་རིག་གཞུང་གཞན་དང་འབྲེལ་བ་བྱེད་པའི་སྐབས་དང༌། བདག་པོ་ཡག་པོ་བརྒྱབས་མ་ཐུབ་པ། དགའ་མོས་མི་བྱེད་པའི་དབང་གིས་ཉམས་ཆག་འགྲོ་གི་ཡོད། རིག་གཞུང་གོམས་གཤིས་ཀྱི་གཞི་རྟེན་ལུས་ངག་ཡིད་གསུམ་ཡིན་ཞིང༌། དེ་ཡང་སྐད་ཡིག་དང༌། བཟའ་བཏུང༌། འགྲོ་འདུག ཆས་གོས་སོགས་ལ་གཞི་བཅོལ་ཡོད།

10930863_772381412815290_1355318274212910827_n

སྐད་ཡིག་གི་ཉམས་ཆག་ནི་སྐད་ཡིག་གཞན་གྱི་ནུས་ཤུགས་འོག་ནས་ཉམས་ཆག་འགྲོ་གི་ཡོད་པ་དང༌། ཆས་གོས་སོགས་ནི་ཁོར་ཡུག་སོགས་དང་འབྲེལ་བ་ཆགས་བསྡད་པ་ཞིག་རེད། སྐད་ནི་ངག་དང་ཆས་གོས་ནི་ལུས་ལ་གཞི་བཅོལ་ཡོད། དེ་གཉིས་ཀྱི་འཁྱེར་སོ་ཡང་ཡིད་ལ་གཞི་རྟེན་བཅོལ་ཡོད།
འགྱུར་བ་ཕྲ་མོ་དགའ་མོས་མ་བྱས་པའི་དབང་གིས་ཡོང་གི་ཡོད། དེ་དག་ནི་ང་ཚོས་གསལ་རྟོགས་ཐུབ་དཀའ་བ་ཡོད། དཔེར་ན། སྔོན་བོད་ལ་བསྡད་སྐབས་ཕྱུ་པ་མ་གྱོན་ན་མ་བདེ་བ་དང་ཡན་ལག་མ་ཚང་བ་ལྟ་བུའི་ཚོར་བ་ཡོང་གི་ཡོད་ཀྱང༌། དེང་སང་ཕྱུ་པ་གྱོན་ན་མ་བདེ་བ་དང་ངོ་ཚ་དགོས་པ་ལྟ་བུའི་ཚོར་བ་ཡོང་གི་ཡོད། དེ་དག་ནི་རིག་གཞུང་སོགས་ལ་དགའ་མོས་མ་བྱས་པའི་དབང་གིས་ཉམས་ཆག་འགྲོ་བཞིན་པ་ང་ཚོས་རྟོགས་ཐུབ་ཀྱི་མེད།”

ཟམ་གདོང་རིན་པོ་ཆེ་མཆོག་གི་ངོ་དེབ་ལས་དྲངས།

༼བརྗོད་གཞི་དང་འབྲེལ་ཡོད་ཐོག་ནས་དགོངས་ཚུལ་གསུང་ཡོང་བའི་རེ་སྐུལ་ཞུ།༽

བགྲོ་གླེང་།

Post navigation

Previous Post: གངས་ཅན་ཨ་མའི་རྒྱལ་གླུ་དཔྱིད་ཀྱི་དཔལ་མོ་ཞེས་བྱ་བ།།
Next Post: བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོར་གསུང་བཤད།

Comments (23) on “རིག་གཞུང་ཉམས་ཆག་འགྲོ་ཚུལ་སྐོར་གྱི་དོན་ཚན་གསུམ།”

  1. ནུབ་ཕྱོགས་གངས་ཕྲུག says:
    2015-01-13 at 1:34 pm

    སྐད་དང་ཆས་གོས་་ནི་ཕྱིའི་རིག་གཞུང་ཙམ་ཡིན། རིག་གཞུང་གཙོ་བོ་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་འགྲོ་ཆགས་ཉལའདུག་གི་སྤྱོད་ལམ་དང་བསམ་བློའི་འཁྱེར་ཕྱོགས་གཙོ་བོ་ཡིན།

  2. རྒོད་པོ། says:
    2015-01-13 at 4:50 pm

    ཆབ་སྲིད་གྱི་འགོ་ཁྲིད་ཡིན་དུས་སློབ་ཕྲུག་ཚོ་ཐུགས་ཡ་དང་འདི་འདྲའི་གསུངས་བཤད་གནང་ཉུང་ཡོད་མ་རེད། ད་ལྟ་ལོ་རྒས་པ་དང་དབང་ཆ་མེད་དུས་སྐད་ཡིག་ཉམས་ཆག་དང་ཞི་པོ་ཞིག་བཤད་པའི་སྐད་ཆ་རེད། ཕན་མི་ཐོག་པའི་སྐད་ཆ་རེད།

  3. དགེ་རབ་ says:
    2015-01-13 at 6:11 pm

    སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེའི་མཁྱེན་པ་དང་མཁྱེན་རྒྱ་ནི་ཧ་ལས་པ་ཞིག་རེད། ཚིག་གྲུབ་རེ་གཉིས་གསུངས་ཡོང་ནའང་གནད་དོན་མང་པོ་ཞིག་ལ་འགྲེལ་ཐུབ་པ་འདྲ་ཞིག་འདུག དེ་དག་ནི་བོད་གངས་ཅན་གྱི་བསོད་ནམས་རེད། འོན་ཀྱང་ང་ཚོའི་དཀའ་ངལ་ནི་མིག་མཐོང་ལག་ཟིན་དུ་ཡོད་པ་འདི་ངོས་འཛིན་རྒྱུ་ཙམ་ཞིག་མ་རེད། ང་ཚོའི་དཀའ་ངལ་ནི་འདི་དག་ལ་ཚད་མའམ་འཇལ་བྱད་ཀྱི་ཡོ་ཆས་སམ་རྒྱ་མ་གང་འདྲ་ཞིག་སྤྱོད་རྒྱུ་དེ་ཡིན། དཔེར་ན། “རིག་གཞུང་ཉམས་ཆག་འགྲོ་ཚུལ་ལ་རིམ་པ་མི་འདྲ་བ་གསུམ་ཙམ་ཡོད། དེ་ཡང་རིག་གཞུང་གཞན་དང་འབྲེལ་བ་བྱེད་པའི་སྐབས་དང༌། བདག་པོ་ཡག་པོ་བརྒྱབས་མ་ཐུབ་པ། དགའ་མོས་མི་བྱེད་པའི་དབང་གིས་ཉམས་ཆག་འགྲོ་གི་ཡོད།” ཅེས་གསུངས་དུས་ཧ་ཅང་བློ་ལ་འབབ་པོ་ཞིག་འདུག འོན་ཀྱང་སྡོམ་ཚིག་གམ་གྲུབ་དོན་གྱི་རི་མོ་འདི་འབབ་པར་བྱས་པའི་ཡོ་ཆས་དེ་གང་ཞིག་ཡིན་ནམ་ཞེས་པ་འདི་དྲི་བ་རེད། རིག་གཞུང་གཞན་དང་འབྲེལ་བ་བྱེད་པའི་སྐབས་རིག་གཞུང་ཉམས་ཆག་འགྲོ་བ་ཞེས་པ་འདི་དཔེ་བླངས་ནས་ཞུས་ན། ད་བར་དུ་བྱུང་བའི་ཉམས་ཆག་ག་ཚོད་ལ་གཤིབ་བསྡུར་བྱས་གནང་ཡོད་པ་ཡིན་ནམ། རིག་གཞུང་གཞན་གྱི་ཉམས་ཆག་དང་བོད་ཀྱི་ཉམས་ཆག་གཉིས་ལ་འདྲ་ས་དང་མི་འདྲ་ས་གང་འདྲ་ཡིན་ནམ། དེ་དག་ཀྱང་བསམ་ཚུལ་ཙམ་པོ་བ་མ་ཡིན་པར་དངོས་ཡོད་ཀྱི་གནས་ཚུལ་དང་ཁ་གྲངས་སོགས་བཀྲལ་ཏེ་བདེན་པ་ཐོན་པ་ཡིན་ནམ། འདི་དག་ལ་དགོངས་པ་བཞེས་རྒྱུ་གལ་ཆེན་འདུག འོན་ཀྱང་། རིན་པོ་ཆེའི་གསུང་བཤད་ལེགས་བཤད་ཀྱི་བདུད་རྩི་ལྟ་བུ་འདི་ལ་འགྲེལ་བཤད་དམ་ཞིབ་འཇུག་གི་ལམ་ནས་གྲུབ་དོན་འདི་རང་རྙེད་པའི་ལས་འགན་འདྲ་བོ་དེ་ང་ཚོའི་མི་ཐོག་གི་སྒང་ལ་འཁེལ་ཡོད་པ་རེད་དྲན་མོད། དེ་ལྟར་ཞུ་ནུས་པའི་མི་དང་རྒྱུའི་མཐུན་རྐྱེན་དེ་གང་ཞིག་ནས་ཡོང་། ཁོར་ཡུག་དེ་གང་ཞིག་ནས་ཡོང་། འོ་དོད་ཙམ་མོ།།

  4. ལྷ་སྡེ་གནམ་ལོ་ཡག says:
    2015-01-13 at 8:11 pm

    དྲང་མོར་བཤད་ན། སྐད་ཡིག་ཉམས་ཆག་གི་རྒྱུ་རྐྱེན་གཙོ་བོ་ནི་སྐད་ཡིག་དེ་ལ་བརྟེན་ནས་ཁ་རྒྱབ་གསོ་ཐུབ་མིན་ཡིན། རིན་པོ་ཆེ་ཡིས་གསུངས་པ་དེ་དག་རྒྱུ་རྐྱེན་བྱེ་བྲག་པ་རེད།།

  5. ཇུས་ཏོག says:
    2015-01-13 at 8:51 pm

    བོད་མི་རིགས་ས་གནས་གཅིག་ཏུ་གནས་ས་མེད་དུས་བོད་མི་རིགས་ཀྱི་ཁྱད་ཆོས་ཟེར་ན་ཡང་རེད་གོམ་པའི་ཤིས་ལུགས་བཟང་་པོ་རིག་གཞུང་་སོགས་ལ་ཉམས་ཆགས་རང་བཞིན་དུ་འགྲོ་བ་ནི་བོད་ཙམ་མིན་པ་དེ་སྔོན་ལུང་པ་མང་པོའི་གོམ་པའི་ཤིས་ལུགས་དང་རིག་གཞུང་སོགས་་ད་ལྟའི་ཆ་ལ་་ང་ཚོའི་མིག་གི་མཐོང་ཡུལ་ལ་མེད་པ་ནས་ངོ་འཕྲོད་དགོས་པ་ནི་དྲ་འབུ་ཚོའི་ཤེས་པ་མཛོད་།
    རིན་པོ་ཆེའི་ངོ་དེབ་་ནང་མང་་ཙམ་བཀོད་ཐུབ་ན་མི་མང་པོ་་ལ་ཕན་གྱི་རེད་། ཐུགས་རྗེ་ཆེ་།

  6. ཀློང་ཆུང་ says:
    2015-01-13 at 10:56 pm

    སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་གལ་ཆེ་འམ། ལྟོ་གོས་དང་འཚོ་བའི་མདུན་ལམ་གལ་ཆེ། འགྲན་བརྩོད་ཀྱི་འཁོར་བའི་ནང་ལ་ད་དུང་རིག་གཞུང་མི་འདྲ་བ་བདམ་ཁ་རྒྱག་རྒྱུ་ཡོད་པ། དེ་དག་ཚང་མ་འབྲེལ་བ་ཡོད། ཕན་ཐོགས་མེད་པའི་བོད་པའི་རིག་གཞུང་དཔེར་ན་ཕོ་མཆོག་མོ་སྨད། སྤྲུལ་སྐུའི་ལམ་ལུགས་འདི་ཚོ་ད་དུང་སྲུང་དགོས་སམ། ཕ་སྲིད་བུ་འཛིན་གྱི་ས་སྐྱའི་ལམ་ལུགས་དེ་ཚོ་སྲུང་དགོས་སམ།

  7. བདེན་པའི་ཕོ་ཉ་ says:
    2015-01-13 at 11:13 pm

    དུས་རབ་འདིའི་སློབ་དཔོན་ཆེན་མོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རིག་གཞུང་ཉམས་ཆག་འགྲོ་འཚུལ་བཀའ་སློབ་དེ་ང་ཚོ་ཚང་མས་ཉམ་ལེན་དང་སློབ་སྦྱོང་བྱེད་དགོས་སོ་།།

  8. ཀརྡོ་གཉེར་ཕྱག་པ་ says:
    2015-01-14 at 12:22 am

    ་་་་་་་་་་་་་ “རིག་གཞུང་ཉམས་ཆག་འགྲོ་ཚུལ་ལ་རིམ་པ་མི་འདྲ་བ་གསུམ་ཙམ་ཡོད། དེ་ཡང་རིག་གཞུང་གཞན་དང་འབྲེལ་བ་བྱེད་པའི་སྐབས་དང༌། བདག་པོ་ཡག་པོ་བརྒྱབས་མ་ཐུབ་པ། དགའ་མོས་མི་བྱེད་པའི་དབང་གིས་ཉམས་ཆག་འགྲོ་གི་ཡོད།” ་་་་་་་་་་་་་་་་

  9. སྤྲེལ་ལུང་དགེ་འདུན། says:
    2015-01-14 at 2:12 am

    ࿐མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རིག་གཞུང་ཉམས་ཆག་ཏུ་འགྲོ་ཚུལ་སྐོར་གསུང་བ་ངོ་མ་ཡག་པོ་འདུག ད་དུང་མུ་མཐུད་ནས་བགྲོ་གླེང་དང་། དཔྱད་པ་གནད་དུ་སོང་བ་ཅིག་གནང་རྒྱུ་གལ་ཆེ་བར་མཐོང་།
    དཔེར་ན། དཔྱད་པ་བྱེད་དུས་མངོན་གྱུར་སྟོན་པ་ལ་མངོན་སུམ་གྱིས་གནོད་པ་མེད་པ་དང་། ལྐོག་གྱུར་སྟོན་པ་ལ་རྗེས་དཔག་གིས་གནོད་པ་མེད་པ་དང་། ཤིན་ཏུ་ལྐོག་གྱུར་སྟོན་པ་ལ་རང་ཚིག་སྔ་ཕྱི་འགལ་བ་མེད་པ་བཅས་མངོན་རྗེས་རང་ཚིག་གསུམ་གྱིས་མི་གནོད་པའམ་སྐྱོན་དག་པ་གནང་དགོས། དེ་འདྲ་བྱུང་ན་དགོས་མཚན་ཆེའོ།།

  10. ཇུས་ཏོག says:
    2015-01-14 at 2:37 am

    ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
    བྱང་ཆུབ་་སེམས་པ་རྣམས་ལ་བཀུར་བ་བཏབ་།
    དོན་མེད་སྡིག་ཆེན་བསགས་པ་མཐོ་ལོ་བཤགས་།

  11. ལུང་རྟོགས། says:
    2015-01-14 at 4:07 am

    གསུང་བཤད་གསེར་ནག་འདྲ་པོ་ཞིག་གནང་འདུག་ཀྱང་ཁ་བརྡ་ནང་གི་བོང་བུ་ཚོའི་ཨ་མཆོག་ལ་འགྲོ་དཀའ། ཁོ་ཚོ་ལ་དགོས་པ་ནི་རྩྭ་དང་ལོ་མ་རེད།

  12. ཅོ་རི་ཉི་མ། says:
    2015-01-14 at 6:32 am

    སོ་སོའི་རིག་གཞུང་ལ་དགའ་མོས་མི་བྱེད་པའི་དབང་གིས་ཉམས་ཆག་འགྲོ་གི་རེད་ཟེར་བའི་སྐད་ཆ་འདི་གསེར་ལྟ་བུའི་སྐད་ཆ་མ་རེད། རྩྭ་ལྟ་བུའི་སྐད་ཆ་རེད། བོང་བུ་ཚོ་ལ་ཟ་ཡ་འགྲིག་ཙམ་རེད། རང་གི་སྐད་ཡིག རང་གི་ཆས་གོས། རང་གི་ཟས་རིགས། རང་གི་གོམས་གཤིས་འདི་དག་དེང་རབས་དང་མཐུན་པའི་གསར་གཏོད་དགོས་པ་རེད། གསར་གཏོད་མ་ཐུབ་ན་ཉམས་ཆག་འགྲོ་གྱི་བརྒྱ་ཆ་བརྒྱ་རེད།

    ༡་་་སྐད་ཡིག་ལ་ཐ་སྙད་གསར་བཟོ་དང་སྐད་ཡིག་ནང་དུ་དེང་རབས་གསར་པའི་ཁྱད་ལས་རིག་གནས་ནང་འདྲེན་བྱས་ནས་མི་ཚེ་བསྐྱེལ་ཐུབ་པའི་སྐད་ཡིག་ཞིག་བཟོ་དགོས་པ་རེད། མ་གཏོགས་དེང་རབས་གསར་པའི་ཁྱད་ལས་རིག་གནས་སྣེ་གཅིག་མེད་པའི་སྐད་ཡིག་ཞིག་གིས་དེང་རབས་གསར་པའི་ནང་དུ་མི་ཚེ་བསྐྱེལ་མི་ཐུབ། མི་ཚེ་བསྐྱེལ་དུས་ཕན་ཐོགས་མེད་པའི་སྐད་ཡིག་ཞིག་ལ་སུ་ཀྱང་དགའ་མོས་བྱེད་ཀྱི་མ་རེད། ཉམས་ཆག་འགྲོ་ངེས་རེད།

    ༢་་་ཆས་གོས་ཡིན་ནའང་དེང་རབས་དང་མཐུན་པའི་ཆས་གོས་གསར་གཏོད་བྱེད་དགོས་པ་ལས་མི་ལོ་སྟོང་གི་སྔོན་གྱི་པགས་རྩག་ལ་དེང་གི་མིས་དགའ་མོས་བྱེད་ཀིན་མ་རེད། གྱོན་གི་མ་རེད། མི་ཐམས་ཅད་དཔེ་གསར་ལ་དགའ། དཔེ་གསར་ལ་སྤྲོ། རྙིང་པ་བོད་ལྷམ་ལྟ་བུ་སུས་ཀྱང་་གྱོན་གི་མ་རེད་་་སློབ་དཔོན་ལགས།

    ༣་་་ཟས་རིགས་ཡང་གཅིག་པ་རེད། གསར་གཏོད་བྱེད་དགོས་རེད། ཡར་རྒྱས་གཏོང་དགོས། རྩམ་པ་བཟའ་ནས་མི་ཚེ་བསྐྱེལ་འདོད་ཡོད་མ་རེད།

    ༤་་་་གོམས་གཤིས་ལའང་གསར་གཏོད་དང་ཡར་རྒྱས་གཏོང་དགོས་རེད། སོ་བཀྲུ ལུས་བཀྲུ མགོ་བཀྲུ གཙང་སྦྲ་བྱེད་པའི་གོམས་གཤིས་ཆག་བཅུག་དགོས་རེད། ཡ་རབས་བཟང་པོའི་གོམས་གཤིས་རེད། ལུས་དྲི་ངན་ཐུལ་ལེ་བསྡད་པའི་གོམས་གཤིས་རྙིང་པ་འདི་དག་སྒྱུར་བཅོས་བྱས་དགོས་རེད།

    ལྷག་པ་ཏུ་རྨོངས་དད་ཀྱི་འོག་ནས་བླ་སྤྲུལ་ཚོའི་གཅིན་པ་བྱིན་བརླབས་ལ་བསམས་ནས་འཐུང་བ་འདི་དག་སྐྱུག་མེར་ལངས་ཡ་ཡི་གོམས་གཤིས་རེད། བཅོས་སྒྱུར་བྱེད་དགོས་རེད།

    འཛམ་གླིང་འདི་ལ་ཡུལ་སྲོལ་གོམས་གཤིས་རྙིང་པ་རྣམས་ལ་རིམ་བཞིན་དོར་ནས་གསར་པ་ལ་ཞུགས་སོང་བ་འདིར་སློབ་དཔོན་གྱིས་མ་མཁྱེན་པ་ཨེ་ཡིན། ཁ་ཆེའི་དབུ་མེད་དང་བོད་པའི་གྲྭ་པའི་ཆས་གོས་མ་གཏོགས་གསར་གཏོད་མེད་པའི་ཆས་གོས་ཤིག་འཛམ་གླིང་ཐོག་ཏུ་མི་འདུག རྙིང་པ་ལ་དགའ་མོས་བྱེད་དགོས་ཅེས་ཨུ་ཚུགས་བརྒྱབས་ཀྱི་མེད། ཡོང་མི་སྲིད་པ་རེད། རྩྭ་བཟའ་མཁན་ཚོ་ལ་ཨུ་ཚུགས་འདྲ་བརྒྱབས་ན་གང་ཤེས་མ་གཏོགས་་་སྨྲ་ཤེས་དོན་གོ་བའི་མི་ལ་ཨུ་ཚུགས་མི་འགྲོ

  13. ཐུབ་པ། says:
    2015-01-14 at 8:36 am

    དྲང་མོར་བཤད་ན། སྐད་ཡིག་ཉམས་ཆག་གི་རྒྱུ་རྐྱེན་གཙོ་བོ་ནི་སྐད་ཡིག་དེ་ལ་བརྟེན་ནས་ཁ་རྒྱབ་གསོ་ཐུབ་མིན་ཡིན། རིན་པོ་ཆེ་ཡིས་གསུངས་པ་དེ་དག་རྒྱུ་རྐྱེན་བྱེ་བྲག་པ་རེད།།

    འདི་དང་ཅོ་རིས་བཤད་པ་དོན་ལ་འབབ།

  14. ལུང་རྟོགས། says:
    2015-01-14 at 9:38 am

    ངའི་སྐད་ཆ་དེའི་བཟས་ས་ནི་ཅོ་རི་དང་ཅོ་རི་ལྟ་བུ་དག་ཡིན་ལ། ཡིན་པ་ལྟར་དོན་ལ་ཡང་གནས་ཡོད་པ་ཁོ་ཚོའི་སྐད་ཆ་ནས་སྟན་སོང་། ཁོ་ཚོ་ནི་ཁ་རྒྱབ་མ་སོས་པར་དཀའ་ངལ་འཕྲད་མྱོང་མཁན་རྐྱང་རྐྱང་ཡིན་དུས་བསམ་རྒྱུ་ཡང་ཁ་རྒྱབ་གཉིས་ཙམ་ལས་ཅང་མེད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན་རིག་གནས་ཤེས་པ་དེའི་རིན་ཐང་མ་མཐོང་བའི་སྐད་ཆ་ཡང་རེད། རིག་གནས་ཞེས་པ་དེ་ཁ་རྒྱབ་གསོ་བྱེད་ཙམ་ལས་ཅི་ཡང་མིན་ན་མི་ཚེ་ཕྱེད་དཀའ་སློབ་གྲྭའི་ནང་ལ་བསྐྱལ་བ་དཀའ་ལས་འཕྲོ་བརླག་རེད། ཁ་རྒྱབ་སོས་ཙམ་ཞིག་ནི་དུད་འགྲོ་ཚོས་ཀྱང་སྒྲུབ་ཐུབ་ཀྱི་འདུག་ན་འགྲོ་བ་མི་ལ་སྨོས་ཅི་ཞིག་དགོས། སྤྱིར་སྐད་ཡིག་དང་ཆས་གོས་སོགས་ལ་ཡར་རྒྱས་དགོས་ཀྱང་ཡར་རྒྱས་གཏོང་མཁན་གྱི་ནང་དུ་རང་ཉིད་ཚུད་ཡོད་པ་མ་ཤེས་པར། རང་ཉིད་འགན་ཁུར་ཅི་ཡང་མེད་པ་ལྟར་ཟུར་ལ་སྡད་ནས་གཞན་ལམཅིག་བཤད་ཁུལ་བྱེད་མཁན་འདི་དག་ནི་ཡ་ཆ། ད་དུང་ཁོ་ཚོའི་གསར་གཏོད་དང་ཡར་རྒྱས་ཞེས་པ་དེ་ནི་ནུབ་ཕྱོགས་པའི་རྗེས་སུ་རྒྱུག་ནས་བོད་རང་ཉིད་ཀྱི་ཁྱད་ཆོས་རྩ་མེད་བཟོ་རྒྱུ་དེ་མིན་པའི་ངེས་པ་ཡང་གཏན་ནས་མེད་པས། དེ་འདྲ་དེ་ལ་ནི་ཡར་རྒྱས་ཤེས་པའི་ཐ་སྙད་དེ་མི་འཇུག་པར་མར་རྒྱས་ཤེས་པའི་ཐ་སྙད་དེ་འཚམས་ཤོས་རེད།

  15. གནམ says:
    2015-01-14 at 9:38 am

    དང་པོ། རྒྱལ་ཁབ་མེད་པའི་རྒྱུ་མཚན་ནི། སྐད་ཡིག་ཉམས་ཆག་གི་རྒྱུ་རྐྱན་རེད།

    གཉིས་པ། རྒྱལ་ཁབ་མེད་པའི་མི་རིགས་ཀྱི་སྐད་ཡིག་ཉམས་ཆག་འགྲོ་བ་ལ་རྒྱུ་རྐྱེན་མང་པོ་རེད།

    ༡- ཁ་རྒྱབ་གསོ་ཐུབ་མིན་གཅིག་པོ་ལ་འདུ་བ་ཞིག་གང་ལ་ཡིན། ལྐུག་བཤད་རེད།

    ༢- ཚལ་རིགས་ཟ་བ་དང་གོས་ཆེན་གོན་པ། ཁྲུས་བྱེད་པ། ལྟ་བ་ལོག་པ་སོགས་ཅི་ལྟར་བྱས་ཀྱང་སྐད་ཡིག་མི་ཉམས་པའི་རྒྱུ་རུ་མི་འགྲོ། དེ་ལྟར་འདོད་ན། ལྐུག་པ་རེད། ལྐུག་བཤད་རེད།
    ༣- མིང་ཚིག་གསར་བའི་པོ་ཏུ་བརྒྱ་བསྒྲིགས་བཞག་ན་ཡང་། སྐད་ཡིག་མི་ཉམས་པའི་རྒྱུ་ལ་མི་ཕན། མིང་ཚིག་སྒྲིག་སྦྱོར་བྱེད་ཐུབ་ན་ཡག་པོ་ཡོད་པ་ཙམ་རེད། ལྐུག་ཕྲུག་ཚོ་ཤེས་སོང་ངམ།

    དེ་ན་ཅི་རེད་ཟེར་ན། གཙོ་བོ། རྒྱལ་ཁབ་དགོས་བ་རེད། གཉིས་བ། མི་རེ་རེ་ལ་རང་ཚུགས་དགོས་བ་རེད། དེ་གཉིས་མེད་པ་ཡིན་ན། སློབ་དཔོན་གྱིས་གསུང་བབས་ན་འདྲ། ཕ་མས་བཀའ་བབས་ན་འདྲ། གང་ལྟར་ཉམས་རྒྱུ་རེད།
    ཧིན་དབྱི་དགྱ་གསུམ་གྱི་སྐད་ཡིག་ནི། ང་ཚོའི་མི་རེ་འཚོ་བའི་ནང་ལ་སྐད་ཡིག་ཁ་བྱང་དང་རྣ་བྱང་ལ་འཇོག་ནིའི་གཙོ་བོ་གསུམ་རེད། ཁ་བྱང་དང་རྣ་བྱང་ལ་ཕྱིན་པ་ཡིན་ན། ང་ཚོ་བོད་པ་མང་ཆེ་བས། སྐད་ཆ་བཤད་ཤེས་བ་དང་མ་ཎི་འདོན་ཤེས་ལྟ་བུ་རེད།
    བོད་སྐད་ཡིག་གི་འཁོར་ཡུག་མེད་ན། བཙན་བཙན་གྱིས་སྦྱང་བས། བོད་མི་རིགས་དང་བོད་སྐད་ཡིག་གི་ཚེ་སྲོག་འཛིན་མི་ཐུབ། དགའ་རབ་ན། མྱི་ཐོག་གསུམ་ཙམ་མོ།
    རྒྱལ་ཁབ་ཡོད་ཕྱིན་དུས། ཉམས་པ་རྣམས་སླར་གསོ་ཐུབ་པ་ཞིག་ཡང་རེད། རྒྱུ་མཚན་ང་ཚོ་ལ་གཞུང་ལུགས་ཞིག་ཡོད་པ་འདི་རེད། དེའི་བར་དུ། རྒྱ་གར་གཞི་ཆགས་ཁོག་ནས་ཅིག་མ་བྱུང་ན། དེ་ནས་ཡུལ་གཞན་ལ་རེ་བ་ཡོད་མི་སྲིད་པ་ཞིག་རེད། སྐད་གཉིས་སྨྲ་བ་ཅི་ཙམ་བྱས་ན་ཡང་། བོད་སྐད་བཤད་སའི་མི་གྲངས་ཀྱི་མི་འདང་བས། བོད་སྐད་ར་མ་ལུག་ཞིག་ལས། གཏིང་དང་མཐིལ་ཕྱོན་པ་ཞིག་ཡོང་མི་སྲིད་པ་རེད་དོ།

    བོད་ནང་ལ་ཨུ་ཚུགས་ཅན་གྱི་འབྲོག་མི་རེ་ཡོད་ཀྱང་། ཉིན་ཞིག་ཚར་རྒྱུ་རེད། རང་བཙན་ནམ་རང་སྐྱོང་གཙང་མ་ཞིག་མེད་ན། ངའི་བོད་ཡིག་དང་བོད་སྐད་ང་མཉམ་དུ་ཤི་རྒྱུ་རེད། སེམས་སྐྱོ་རུང་། ཡིད་མུག་རུང་། བྱ་ཐབས་དབེན། ཨ། མྱུར་འགྱོགས་ཅན་གྱི་རང་བཙན་པ། ཨ། ལས་འབྲས་ཅན་གྱི་རང་སྐྱོང་བ། ད་ཤར་ཡ།

  16. ཅོ་རི་ཉི་མ། says:
    2015-01-14 at 9:59 am

    ད་ཡང་སྐྱིད་གཏམ་རྒྱག་གཏམ་བཤད་མཁན་ཚོ་བསླེབས་སོང་། ལྟོ་གོས་གལ་ཆེན་མི་རབས་དང་། དཔལ་འབྱོར་གལ་ཆེན་མིན་རབས་ཁྱོད་ཚོས་གྲལ་གྱི་བཤད་ཀྱི་རེད་མོད། སྐད་ཆ་འདི་འདྲ་བཤད་ནས་མི་དམངས་མགོ་སྐོར་ཤ་སྟག་གཏོང་གི་རེད། དཔལ་འབྱོར་འཚོལ་བྱེད་ཀྱི་རིག་གནས་གལ་མི་ཆེ་རབས་བཤད། ཚེ་འདི་གལ་མི་ཆེ་རབས་བཤད། ཕུང་རྒན་ཁྱོད་ཚོས་འདི་འདྲ་ཤ་སྟག་བཤད་ནས་ཡུལ་ལུང་ཕུང་ལ་སྦྱར་ཡོད་ད།

  17. བཀྲ་ཡེ་ཚང་། says:
    2015-01-14 at 5:48 pm

    བཀའ་ཁྲི་ལོ་བཅུའི་རིང་ལ་ཅི་ཡང་འཇོན་མེད་པའི་ན་་་ད་ཁ་རོག་བསྡད་ན་མི་ཡག་གམ།

  18. ཟུར་གནས་ says:
    2015-01-14 at 9:09 pm

    ༧རིན་པོ་ཆེ་སྐུ་ཚེ་གཅིག་བོད་བཙན་བྱོལ་བོད་མིའི་བདེ་སྡུག་ལ་གཟིགས་ནས་སྐུ་ཚེ་རྫོགས་པ་རེད། ཁོང་གིས་སྐུ་ཚེ་གཅིག་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་ཕྱག་ལས་བསྒྲུབས་ནས་རང་ཉིད་ཀྱི་སེམས་འཁུར་དེ་སློབ་མ་ཚོར་གསུངས་པ་དང་། དེ་ཡང་ཀུན་སློང་བཟང་པོ། བསམ་པ་བཟང་པོ། དམིགས་ཡུལ་བཟང་པོ་བཅས་ལ་བརྟེན་ནས་རང་གི་བློ་སྟོབས་ལ་དཔགས་པའི་བསམ་ཚུལ་གསུངས་པ་དེར་། ཕར་ཁྲིད་ཚུར་ཁྲིད་བྱས་ན་བདེ་པོ་མིན་འདུག

    ཁོང་གིས་དཔྱད་ཞིབ་གནང་བའི་དགོངས་འཆར་དེ་ཚོ་ཡང་དངོས་ཡོད་དང་ཐག་ཉེ་པོ་འདུག

    ལེགས་སོ་ཞུ་རྒྱུ་ཡིན།

  19. དགེ་རབ་ says:
    2015-01-14 at 10:22 pm

    དྲིན་ཅན་མི་ཡི་ཡིད་མ་བཅད། ལྷ་ཡི་རྟ་ལ་སྒལ་མི་དབྱུང༌། ཞེས་པ་དང་།
    ཡང་། དཔའ་ལ་སྟག་གིས་མ་བསྟོད་ན།། དཔའ་སར་བྱས་པའི་རུ་མ་མེད།།
    མཛངས་ལ་ཡིག་ཚངས་མ་བསྟོད་ན།། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད།།
    ལེགས་ལ་བྱ་དགས་མ་བསྟོད་ན།། སླན་ཆད་ལེགས་པ་སུ་ཡིས་བྱེད།། ༼བསྟོད་པ་གསུམ།༽
    སྡར་མ་ཝ་ཞུས་མ་དམད་ན།། དཔའ་དང་སྡར་མ་ཤན་མི་ཕྱེད།།
    ངན་ལ་ནན་ཏུར་མ་བྱས་ན།། ནམ་ཡང་དྲན་ཤེས་རེམ་མི་འགྱུར།།
    ཉེས་ལ་ཆད་པ་མ་བཅད་ན།། ཕྱི་ནས་ཉེས་བྱེད་རྒྱུན་མི་ཆད།། ༼དམད་པ་གསུམ།༽ ཞེས་པ་སོགས་ཀྱི་ཞལ་གདམས་དགོངས་པ་བཞེས་རྒྱུ་འདུག་གོ།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-01-14 at 11:36 pm

    བསྟོད་མ་ཤེས་ནས་དམོད་པར་འགྲོ་བར་མང་། །
    དམད་མ་ཤེས་ནས་བསྟོད་པར་འགྲོ་བའང་ཡོད། །
    དྲིན་ཆེ་བ་ཨ་ཕའི་ལག་པ་མ་རྡུངས། །
    གྲགས་ཆེ་བའི་བླ་མའི་ཐུགས་ཕོགས་གཟབ་དགོས། །

  21. ཀརྡོ་གཉེར་ཕྱག་པ་ says:
    2015-01-14 at 11:40 pm

    དྲ་གྲོགས་འགས། རབ་བཙན་ལ། གཅེས་མདོག་དང་། བོད་སྐད་ལ། ཞེན་མདོག་གིས། བོད་ཀྱི་ལས་བྱེད། རྙིང་པ་ཚོ་ལ། དམོད་པ་ནི། རང་མདོག་དང་། རང་འཚང་་སྟོན་པ་ལས། གཞན་གར་ཡང་། ཕྱིན་མི་ཐུབ་བོ།། །།

  22. བདེན་པའི་ཕོ་ཉ་ says:
    2015-01-15 at 12:56 am

    སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་དྲ་འབུ་ཁྱོད་ཚོ་ཕྲག་དོག་ཟ་ཀྱྱང་ཁོང་གི་ཤེས་འབྱོན་དང་ཁྱོད་ཚོའི་ཁ་ཐབ་ནི་ཉི་མ་དང་མེ་འཁྱེར་ལྟ་བུའི་ཡིན་པས་མཛུབ་མོ་ཁ་ལ་བཅུག་

  23. ཤར་པ says:
    2015-01-15 at 6:58 am

    ད་རིང ལུང རྟོག་ཞེས་པ་འདིས་རང་གི་མྱོང་བ་མི་ལ་གཡོག་པ་ལོས་ཡིན། ཨ་ཁོ་རེ་ཨ་རེའི་ལ་ཡོངས་བའི་དངུལ་གདན་ས་ཆེན་པོའི་སྤྱི་དངུལ་བུན་ལོན་གསབ་བམ། གདན་ས་ཆེན་མོའི་དངུལ་དེ་ཨ་ཞང་རྒྱུད་ནས་ལས་སླ་པོ་བྱུང་བས། དེ་ནས་མང་པོ་བཤད་རྒྱུ་ཡོད་ཀྱང+++++++++++++++++++++++++++སྐུང་ནས་སྦས། གལ་ཏེ་དགོས་ཚེ་གསལ་བཤད་བྱེད་ཆོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme