Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཏམ་བརྗོད། བོད་ཤི་གི་མ་རེད།

Posted on 2010-02-252010-02-25 By ཁ་བརྡ་ 24 Comments on གཏམ་བརྗོད། བོད་ཤི་གི་མ་རེད།

tibetan-fonts2

གསལ་བསྒྲགས།

Post navigation

Previous Post: ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་འདི་དག་ཡིན་ཟེར།
Next Post: ༸རྒྱལ་བ་རིན་པོ་ཆེའི་ཉིན་གཅིག

Comments (24) on “གཏམ་བརྗོད། བོད་ཤི་གི་མ་རེད།”

  1. ཀརྨ་རྡོ་རྗེ་ says:
    2010-02-25 at 12:07 pm

    བོད་ནི་ནམ་ཡང་མེད་པ་ཆགས་བགྱི་མ་རེད། ཅེས་པའི་སྐོར་ཡིན་པ་འདྲ་ཕྱིར་བཏོན་ཐུབ་བགྱིད་མི་འདུག

  2. སྐོར་ལམ་ནང་གི་སྐད་ཆ། says:
    2010-02-25 at 4:45 pm

    བོད་ནང་བོད་དང་། བོད་ཕྱི་བོད་གཉིས་ལ་མི་རེ་སྒེ་རེ་ངོ་ནས་མི་འདྲ་མང་་གཤམ་གྱི་འབྲེལ་འཐུད་དེར་གཟིག
    http://khorlam.wordpress.com/

  3. ལྷག་བསམ། says:
    2010-02-25 at 5:05 pm

    ཁོ་རེ་་་་་་འདི་སྦྱར་སྦྱང་ཞིག་མིན་ནམ། ཡིན་ན་སེམས་པ་སྐྱོ་བ་ལ་་་་་་་
    ??གཙོས་བསྐྱོང་??
    ??གྲོས་གླེང་??
    ??གཅིག་འགྲིལ་??
    ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དངོས་གནས་སེམས་པ་སྐྱོ་སོང་་་་་་་་་་་་་་་་་
    བོད་མ་ཤི་བར་བྱ་བའི་ཐབས་ལམ་འདོན་པའི་སྔོན་དུ་རིག་གནས་འདི་དག་མ་གསོད་རོགས། སྐུ་མཁྱེན།

  4. གཞིས་ལུས་བོད་པ། says:
    2010-02-26 at 1:14 am

    ཡིག་ནོར་དེ་ལ་བལྟས་ན་འཆི་ལ་ཁད་། །

  5. ཚེ་རིང་སྐྱིད། says:
    2010-02-26 at 8:02 am

    ངས་གོང་གི་སྦྱར་བྱང་དེ་མིག་གིས་མཐོང་བ་དང་སེམས་པ་སྐྱོ་བས་གདུང་བྱུང་བས། སྐྱོ་སེམས་དེ་དང་ལྷན་དུ་ཁོང་ཚོ་ལ་ང་ཚོའི་མིག་མདུན་ལ་ཡོད་པའི་གཞི་རྩའི་གནད་དོན་འདི་ཚོར་དོ་སྣང་ཏོག་ཙམ་བྱ་རོགས་ཟེར་ནས་འཕྲིན་ཐུང་ཞིག་སྐུར་ཡང༌། ལན་དུ་འདི་ལྟར་བྲིས་འདུག གང་ལྟར་རུང་བོད་ཡིག་ཏོག་ཙམ་ཤེས་པ་ནི་གཞན་གྱི་བརྙས་བཅོས་མྱོང་བྱེད་དང་རང་སྡུག་རང་གིས་ཉོ་བྱེད་ཅིག་ཡིན་པའི་ཚོར་བ་ཤུགས་ཆེ་རུ་འགྲོ་འདུག

  6. ཚེ་རིང་སྐྱིད། says:
    2010-02-26 at 8:05 am

    ལན་དུ་འདི་ལྟར་བྲིས་འདུག
    http://www.facebook.com/?sk=messages&tid=1287093550618#!/profile.php?ref=profile&id=1024172655

  7. ལྷག་བསམ། says:
    2010-02-26 at 8:42 am

    ཚེ་རིང་སྐྱིད་ལགས། དྲ་བྱང་དེ་ཁ་འབྱེད་ཀྱི་མི་འདུག་པས། ལན་རྣམས་འདིར་འགོད་རོགས།

  8. ཚེ་རིང་སྐྱིད says:
    2010-02-26 at 9:00 am

    its really great what your organization is doing and I really apearsiate it as a Tibetan. But I am very sad and disappointed to see so many wrong Tibetan letters in your advertisement in every sentence.it is disappointing because organizations like yours that represents Tibetan struggle movement ignores such a fundamental aspects of the issues, such as our language. Considering you only publish a couple of announcements in Tibetan language in year, it seems like you should pay better attention and double check before publishing it. I feel that you neglect the preservation of our own language.

  9. ཚེ་རིང་སྐྱིད says:
    2010-02-26 at 9:00 am

    ལན་དུ་འདི་ལྟར་བྲིས་འདུག
    We are sorry for any errors, it was an honest mistake and we have corrected them. Maybe the error has done us some good like sort of letting us know that Tibetan writing should be triple checked before being published and maybe it has made more people talk about our advertisement which in the first place should not be there because all Tibetans … See More should know about Sum Chu Dhudren. Anyways thanks for your comments and we will check on our spellings from now onwards. Its unfortunate but many RTYC members and Tibetans alike lack basic Tibetan writing skills.

  10. ཀརྨ་རྡོ་རྗེ་ says:
    2010-02-26 at 2:49 pm

    ཡང་གཞན་གྱིས།
    བོད་ཕྱི་ནང་གཉིས་ཀྱིས་རྒྱབ་སྒྱོར་ཡོངས་རྫོགས་ཐོབ་ཐབས་ནི་དབུ་་མའི་ལམ་ཁོ་ན་རེད་ཟེར། ད་སུ་ལ་ཆ་བཞག་དགོས་རེད།

  11. ཀརྨ་རྡོ་རྗེ་ says:
    2010-02-26 at 2:55 pm

    རྒྱབ་སྒྱོར་དེ་རྒྱབ་སྐྱོར་ལ་བཅོས་ཞོར་དུ། ང་ནི་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཅིག་ཡིན།

  12. སྐོར་ལམ་ནང་གི་སྐད་ཆ། says:
    2010-02-26 at 4:52 pm

    གོང་གི་སྦྱར་ཞིང་དེས་ཐོག་འདིར་མཁས་རྟགས་སྟོན་་མཁན་ཚང་ཁ་ཤིག་ཤིག་རེད་། རང་ཉིད་ལ་མཚོན་ན་བོད་ཡི་ཞེ་དྲགས་སྐྱོ་ཡིན་། ཡིན་ན་ཡང་། མཁས་བ་དག་གི་ཁྱད་གསོད་ལ་ཞེན་སྣང་ལས་། རང་གི་མི་རིགས་ལ་དུང་བའི་གདུང་ཤིག་ཆེ་དྲག་པས་། བོད་ཡིག་ཆག་ཆོག་དེ་ཁྱེར་ནས་འདིར་མཁས་སྟོན་པ་དག་གི་མདུན་དེར་ཁྱད་གསོད་ཉོ་གི་ཡང་ཡང་ཡོང་གི་ཡོད་། མཁྱེན་དགོས་བ་ཞིག་ནི་། གོན་པ་རྒྱག་ཐུབས་ཚུལ་ཚང་མ་མཆོང་ལྡིང་བྱེད་ཐུབ་པས་ངེ་བ་མེད་། དེ་ལས་ཀྱང་ཁྱེད་བོད་ཡིག་གི་ཚད་མཐོ་པོར་གནས་པ་དག་གི་མཁྱེན་དགོས་པ་ཞིག་ནི་། ཁྱོད་ཚོའི་ཚད་མཐོའི་བོད་ཡིག་དེ་ང་ཚོའི་སྤྱི་ཚོགས་ནང་ཐབས་ལམ་འདྲ་མིན་དང་བྱེད་ཐབས་ཀུན་བཟང་གི་སྒོ་ནས་
    སྤེལ་མ་ཐུབས་ན་། ཁྱོད་ཚོའི་རྒྱུད་ཀྱི་ཚད་མཐོའི་བོད་ཡིག་དེ་ཁྱིའི་ཐོག་གི་བལ་རེད་།

  13. ལྷག་བསམ། says:
    2010-02-26 at 7:30 pm

    མི་རིགས་ལ་དུངས་པ་ཟབ་ནས་བཤད་པ་ཞིག་ལས། མཁས་རྟགས་སྟོན་པ་ཅང་མིན། ཁྱེད་རང་མི་རིགས་ལ་ཤ་ཚ་ན་དེའི་རིག་གནས་ལའང་ཤ་ཚ་དགོས་སྟབས། ཡིག་ནོར་དེའི་རིགས་ངན་པ་རྒྱུན་འབྱམས་སུ་མ་བཏང་བར་ཡོ་བསྲང་བྱ་དགོས་པའི་འགན་ཡང་ཀུན་ལ་ཡོད། མ་གཞི་བོད་ཡིག་ཚད་མཐོར་སླེབས་པ་དེ་དག་གིས་མ་བྱས་པ་ཅི་ཞིག་འདུག བོད་ཡིག་ཚད་མཐོར་སྦྱངས་པ་ཙམ་ཞིག་ཀྱང་མི་རིགས་ཀྱི་ཞབས་འདེགས་ཡིན་པར་ཅི་ནས་ཀྱང་བསམ་གྱིན་ཡོད། དེ་མིན་བོད་འདིར་རང་གི་མི་རིགས་ལ་དུངས་ཀྱིན་ཡོད་མདོག་སྟོན་ཞིང་དེའི་ལ་རྒྱ་ཁུར་བའི་བོད་སྐད་དང་བོད་ཡིག་གང་ཡང་མི་ཤེས་པས་ཁྱབ་ཉེན་ཡོད། མི་རིགས་ཀྱི་ལ་རྒྱ་དང་དེའི་དོན་ལ་བརྩོན་མཁན་ཞིག་གིས་དེ་ལྟར་སྤེལ་བས་ན་ལྷག་པར་སེམས་པ་སྐྱོ་ནས་བཤད་པ་ལས། ཁྱོད་འདྲས་སྤེལ་བ་ཡིན་ན་དོ་སྣང་ཡང་ཡོང་ཁག་པོ་རེད། ང་ཚོའི་བོད་ཡིག་དེ་ཁྱིའི་ཐོག་གི་སྤུ་ཡིན་ན། ཁྱོད་ཀྱི་བོད་ཡིག་དེ་གང་ཞིག་རེད།

  14. lhasang says:
    2010-02-26 at 7:34 pm

    སྐོར་ལམ་ནང་གི་སྐད་ཆ་ཞས་པའི་མི་འདིས་གང་ལབ་ཀྱིན་ཡོད་པ་རེད་དམ། དེ་མཁས་རྟགས་སྟོན་དང་མི་སྟོན་གྱི་གནས་ཚུལ་མ་རེད་ལ། དེ་བོད་ཡིག་མི་ཤེས་མཁན་ཚོར་བརྙས་བརྐོ་བ་ཡང་མ་རེད། གཞོན་ནུ་ལྷན་ཚོགས་ནི་རྒྱ་ནག་གིས་གླེང་ནས་དོགས་ཟོན་བྱེད་ས་ཞིག་དང་བོད་ཀྱི་གཞཽན་སྐྱེས་མཐོང་བརྩི་ཆེན་པོ་བྱད་བཞིན་ཡོད་རེད། སྤྱིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་བོད་ཡིག་བེད་སྤྱོད་གཏོང་རྒྱུ་ཧ་ཅང་གིས་ཉུང་ཉུང་རེད། མཚམས་མཚམས་རེར་བེད་སྤྱོད་ཏོག་ཙམ་རེ་བཏང་ཡང་ཡིག་ནོར་གྱིས་ཁེངས་འགྲོ་གིན་འདུག་་བོད་ཡིག་ཤེས་ཀྱིན་མེད་པ་རེད་དམ་རང་གི་རིག་གནས་ལ་དོ་སྣང་མ་བྱས་པ་རེད་དམ། ཚིག་གྲུབ་དང་སྒྲ་གདངས་སོགས་ཀྱི་དབྱེ་བ་ཤོད་ཀྱིན་མེད་པར། བོད་ཀྱི་དག་ཡིག་གི་དག་ཆའམ་མིང་ཚིག་གི་དག་ཆ་ནོར་བ་དེ་ཚོ་ནོར་འཁྲུལ་བཟོས་ན་འགྲིག་མདོག་མདོག་བྱེད་ནས་འཇོག་དགོས་པ་རེད་དམ། གོང་དུ་བུ་མོ་ཚེ་རིང་སྐྱིད་ཀྱིས་བརྗོད་པ་བཞིན་བོད་ཡིག་ཤེས་མཁན་ཚོས་ནོར་ཡོད་ན་ནོར་འདུག་ལབ་དབང་ཡང་མེད་དམ། ནོར་འདུག་ལབ་་ན་ལྟ་བ་འཁྲེགས་པོ་འདུག་དང་མཁས་རྟགས་སྟོན་གྱིན་འདུག་ཟེར་ནས་ཁ་རྡུང་ཉོ་དགོས་པ་རེད་དམ།
    མི་སྒེར་ཞིག་གིས་ཡིག་ནོར་དང་བཏགས་ནོར་ཤོར་བ་དང་བོད་ཀྱི་གཞོན་ནུ་ལྷན ཚོགས་ཀྱིས་བཏགས་ནོར་དང་ཡིག་ནོར་ཤོར་བ་གང་ནས་འདྲའམ།

  15. མདའ་ཚན་པ། says:
    2010-02-26 at 10:30 pm

    དག་ཆའི་སྐོར་འདི་བོད་སྤྱི་ཚོགས་ནང་ལ་མཚོན་ན་རྙོག་དྲ་ཚ་བོ་ཞིག་རེད། བོད་ནང་དུ་ཡིག་ནོར་བྲིས་ཡོང་གི་འདུག ཕྱི་ལོགས་སུ་ཡིག་ནོར་བྲིས་ཡོང་གི་འདུག མཁས་དབང་ཚོས་ཀྱང་ཡིག་ནོར་བྲིས་ཡོང་གི་འདུག མཁས་པ་ཚོས་ཡིག་ནོར་བྲིས་ཡོོང་གི་འདུག ད་བོད་ཡིག་རང་སྟེང་ན་སྐྱོན་ཞིག་ཡོད་པ་རེད་དམ་བོད་མི་ཤེས་ལྡན་པ་ཚོའི་དག་ཆའི་གནས་སྟངས་སྐྱོ་དྲགས་པ་རེད།

    མཚམས་རེར་འབྲེལ་ཡོད་སྒྲིག་འཛུགས་དེ་འདྲས་རང་གིས་བོད་ཡིག་མི་ཤེས་ཀྱང་འགན་འཁྱེར་ནས་ང་བོད་ཡིག་ཡག་པོ་ཡོད། ཁོ་བོད་ཡིག་ཡག་པོ་ཡོད་རེད་ཟེར་བ་དེ་འདྲ་ཞིག་བཙལ་ནས་བོད་ཡིག་འབྲི་འཇུག་གི་ཡོད་པ་དེ་འདྲ་ཡོད་པ་རེད། ཡིན་ནའང་། མི་མགོ་བདེ་བོ་དེ་འདྲས་གོ་སྐབས་བཟུང་ནས་གླ་ཆ་ཉུང་ཟད་རེ་རེག་པའི་ཆེད་དུ་ངས་ཤེས་ཁོས་ཤེས་ཟེར་ནས་མཐར་ནོར་འཁྲུལ་ཞེ་ཅིག་གིས་ཁེངས་པ་ཞིག་བྲིས་ཡོང་གི་འདུག དེ་ལ་ཐབས་ཤེས་མེད་པ་འདྲ་པོ་ཞིག་རེད་དེ་ཡང་ཐབས་ཤེས་མེད་པ་རང་མ་རེད།

    ཐབས་ཤེས་ག་རེ་ཡོད་པ་རེད་ཟེར་ན། དྲ་གནས་ཆེ་ཁག་འགའ་ཤས་ཀྱིས་མཉམ་འབྲེལ་གྱིས་དེའི་སྐོར་ལ་འགན་བླངས་ཏེ་བོད་སྤྱི་ཚོགས་གང་སར་མ་སླེབས་པ་མེད་པ་བྱས་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་སྟེ། ཁྱབ་བསྒྲགས་དང་གཞས་ཚིག སྒོ་བྱང་སོགས་ཀྱིས་མཚོན་ག་རེ་ཡིན་ནའང་དེའི་དག་ཆའི་སྐོར་རིན་མེད་ཀྱིས་ཞབས་ཞུ་བྱས་པ་ཡིན་ན་ནོར་འཁྲུལ་དེ་རིགས་ཉུང་དུ་འགྲོ་གི་རེད་སྙམ།

    དཔེ་བཞག་ན། མི་སྒེར་དང་ཚོགས་པ་གང་ཞིག་ལ་བོད་ཡིག་གི་ཚིག་དོན་དང་དག་ཆའི་སྐོར་དཀའ་ངལ་འཕྲད་པའི་སྐབས་ཁ་བརྡས་མཚོན་དྲ་གནས་གང་རུང་ཞིག་ནང་འཛུལ་དེ་དོགས་འདྲི་ཞུས་པ་ཡིན་ན་དཀའ་ངལ་དེ་ལམ་སང་སེལ་ཐུབ་ཀྱི་རེད་སྙམ།

  16. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-02-27 at 12:48 am

    མགོན་ཕྱག་གིས་གསུངས་བ་དེ་ལ་རྒྱུ་མཚན་འདུག
    ངེད་ཀྱིས་འདི་འདྲ་བསམ། དེ་རིང་སང་ཉིན། བོད་ཀྱི་རྩ་དོན་དང་འབྲེལ་ནས་ལས་འགུལ་སྤེལ་ཡོང་དུས། སྦྱར་བྱང་དང་གསལ་བསྒྲགས་སོགས་ཀྱི་སྒང་ན་། ཡིག་ནོར་ཅུང་ཟད་རེ་ཡོད་ན། དེ་ལ་མཐའ་གཅིག་ཏུ་དགག་པ་རྒྱག་རྒྱུའི་གཤིས་ཀ་དེ་བརྟེན་མི་འདོད། ཁོང་ཚོའི་སེམས་ཤུགས་དང་ཁོང་ཚོའི་ཡིག་ནོར། རྩ་དོན་གྱི་ལས་འགུལ་དང་སྦྱར་བྱང་སྒང་གི་ཡིག་ནོར།
    རེ་རེར་བསམ་བློ་གཏོང་རྒྱུ་འདུག་ གཞན་ལ་གཤེ་གཤེ་རྐྱང་རྐྱང་བཏང་ནས་འདུག་པའི་གཤིས་ཀ་དེ་བོད་རིགས་ཚོའི་རྒྱུད་ནས་སྤང་དགོས་བའི་དུས་ཚོད་ཞིག་སླེབས་ཀྱི་ཡོད་པ་འདྲ།
    ཁ་སང་། ཁོང་ཚོའི་གསལ་བསྒྲགས་དེ་ཕ་ཡུལ་དྲ་རྒྱའི་སྒང་ནས་མཐོང་བ་དང་། ཡིག་ནོར་རེ་རེ་བཞིན་བཅོས་ཏེ་ཁོང་ཚོའི་གློག་འཕྲིན་སྒང་ལ་བསྐུར་ཡོད།
    ཞོར་ལ། རྗེས་ཕྱོགས་ནས། ཚོགས་པའི་གསལ་བསྒྲགས་དང་སྦྱར་ཡིག་སོགས་བོད་ཡིག་ཏུ་འབྲི་དགོས་བའི་རིགས་ལ། ང་ཚོའི་ངོས་ནས་རོགས་རམ་བྱས་ཆོག་ལབ་ཡོད།
    དེ་དུས་ཀྱང་། གཤེ་གཤེ་འདྲ་བཏང་མེད། གཏོང་ཐུབ་རྒྱུའི་བློ་སྤོབས་དེ་སླེབས་ཀྱི་མི་འདུག དེ་ཙམ་ཡིན།

  17. སྐོར་ལམ་ནང་གི་སྐད་ཆ་ནས། says:
    2010-02-27 at 12:30 pm

    གོང་མདའ་ཚན་པ་ནས། བཤད་པ་དེ་ལ་རྒྱ་མཚན་འདུག་ལ་།
    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་གསུང་བ་དེ་ནི་། ནད་བརྒྱ་སྨན་གཅིག་རེད་། དེ་ལྟར་ང་ཚོའི་སྤྱི་ཚོསག་ནང་། དངས་ལང་བྱེད་ཐུབས་ན་རབས་དང་། དེ་མིན་ཡང་གླ་ཡོད་ཀྱི་དགོས་ནས་རྒྱ་བོད་དང་དབྱིན་བོད་ཡིག་བསྒྱུར་དང་དག་བཅོས་གནང་གི་ཡོད་ཞེས་འབྲེལ་བ་བྱེད་སའི་ཁ་བྱང་དང་། ཁ་པར་ཨང་གྲངས་། གློག་འཕྲིན་ཁ་བྱང་སོགས་སུ་བཀོད་ནས་ཚང་མས་ཤེས་ཐུབས་ན་སྤྱི་སྒེར་གཉིས་ལ་ཕན་། ད་མིན་གནའ་མི་བོད་ཀྱི་དཔེ་ལ་། མི་ཤེས་ཤེས་ཁུལ་བྱས་ན་ཐན་། ཤེས་བ་ཁོག་རུལ་ཡིན་ཐན་། ཟེར་བ་ལྟར་།
    གོང་དུ་ཞུས་པ་ལྟར་མི་ཤེས་ཤེས་ཁུལ་བྱས་ན་ཐན་ཞེས་ང་རང་ལྟ་བུ་རེད་། འདིར་བོད་དོན་དང་འབྲེལ་བའི་གནས་ཚུལ་ཐུང་ངུ་རེ་ཕྱོགས་བསྡོམ་བྱས་ནས་དག་ཡིག་གསར་བསྒྲིགས་རྙིང་པ་བོ་སྣོག་ཞོར་དུ་། སྐོར་ལམ་ནང་གི་སྐད་ཆ་http://khorlam.wordpress.com/ཞེས་བའི་དྲ་རྒྱ་ཆུང་ཆུང་བཟོས་ནས་རང་གིས་གོ་ཚུལ་གྱི་མི་རིགས་འདི་ལ་འབྱུང་བས་དགའ་སྐྱོ་སྐྲགས་གསུམ་གྱི་་གནས་ཚུལ་ཐུང་བུ་རེ་དེར་འགོད་ཁལ་བྱེད་གྱིན་ཡོད་། ཀློག་མཁན་ལས་དམོད་མཁན་མང་ན་ཡང། ལྷགས་བསམ་སླད་མེད་ཞིག་གི་དེད་ནས་བསྡོད་མ་ཐུབ་པ་ཡིན།
    ཁ་བརྡ་ཚང་ལ་སྐོར་ལམ་གྱི་སྐད་ཆའི་ནང་རྩོམ་ཡིག་སྤེལ་བ་དང་ཡང་ན་དེར་བསྒྲིགས་སྦྱོར་དག་བཅོས་སོགས་ལ་འདོད་པ་ཅན་ཡོད་ན།་ཞེས་རེ་འབོད་ཀྱི་ཡི་གེ་ཐུང་བུ་ཞིག་སྐུར་ཡང་། རིན་གོང་མེད་པ་ཤེས་ནས་བཀོད་མི་འདུག་།

  18. སྐོར་ལམ་ནང་གི་སྐད་ཆ་། says:
    2010-02-27 at 12:31 pm

    གོང་མདའ་ཚན་པ་ནས། བཤད་པ་དེ་ལ་རྒྱ་མཚན་འདུག་ལ་།
    རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས་གསུང་བ་དེ་ནི་། ནད་བརྒྱ་སྨན་གཅིག་རེད་། དེ་ལྟར་ང་ཚོའི་སྤྱི་ཚོསག་ནང་། དངས་ལང་བྱེད་ཐུབས་ན་རབས་དང་། དེ་མིན་ཡང་གླ་ཡོད་ཀྱི་དགོས་ནས་རྒྱ་བོད་དང་དབྱིན་བོད་ཡིག་བསྒྱུར་དང་དག་བཅོས་གནང་གི་ཡོད་ཞེས་འབྲེལ་བ་བྱེད་སའི་ཁ་བྱང་དང་། ཁ་པར་ཨང་གྲངས་། གློག་འཕྲིན་ཁ་བྱང་སོགས་སུ་བཀོད་ནས་ཚང་མས་ཤེས་ཐུབས་ན་སྤྱི་སྒེར་གཉིས་ལ་ཕན་། ད་མིན་གནའ་མི་བོད་ཀྱི་དཔེ་ལ་། མི་ཤེས་ཤེས་ཁུལ་བྱས་ན་ཐན་། ཤེས་བ་ཁོག་རུལ་ཡིན་ཐན་། ཟེར་བ་ལྟར་།
    གོང་དུ་ཞུས་པ་ལྟར་མི་ཤེས་ཤེས་ཁུལ་བྱས་ན་ཐན་ཞེས་ང་རང་ལྟ་བུ་རེད་། འདིར་བོད་དོན་དང་འབྲེལ་བའི་གནས་ཚུལ་ཐུང་ངུ་རེ་ཕྱོགས་བསྡོམ་བྱས་ནས་དག་ཡིག་གསར་བསྒྲིགས་རྙིང་པ་བོ་སྣོག་ཞོར་དུ་། སྐོར་ལམ་ནང་གི་སྐད་ཆ་http://khorlam.wordpress.com/ཞེས་བའི་དྲ་རྒྱ་ཆུང་ཆུང་བཟོས་ནས་རང་གིས་གོ་ཚུལ་གྱི་མི་རིགས་འདི་ལ་འབྱུང་བས་དགའ་སྐྱོ་སྐྲགས་གསུམ་གྱི་་གནས་ཚུལ་ཐུང་བུ་རེ་དེར་འགོད་ཁལ་བྱེད་གྱིན་ཡོད་། ཀློག་མཁན་ལས་དམོད་མཁན་མང་ན་ཡང། ལྷགས་བསམ་སླད་མེད་ཞིག་གི་དེད་ནས་བསྡོད་མ་ཐུབ་པ་ཡིན།
    ཁ་བརྡ་ཚང་ལ་སྐོར་ལམ་གྱི་སྐད་ཆའི་ནང་རྩོམ་ཡིག་སྤེལ་བ་དང་ཡང་ན་དེར་བསྒྲིགས་སྦྱོར་དག་བཅོས་སོགས་ལ་འདོད་པ་ཅན་ཡོད་ན།་ཞེས་རེ་འབོད་ཀྱི་ཡི་གེ་ཐུང་བུ་ཞིག་སྐུར་ཡང་། རིན་གོང་མེད་པ་ཤེས་ནས་བཀོད་མི་འདུག་།

  19. ཁ་བརྡ་ཚང་ says:
    2010-02-27 at 1:27 pm

    སྐོར་ལམ་ནང་གི་སྐད་ཆ་ལགས།

    ཁྱེད་ནས་བསྐུར་བ་ཡིན་ཟེར་བ་དེ། ངེད་ཚོའི་གློག་འཕྲིན་ཐོག་ལ་འབྱོར་མི་འདུག བསྐྱར་དུ་བསྐུར་རོགས་གནང་།
    ཁ་བརྡའི་གློག་འཕྲིན་ཁ་བྱང་།( info@khabdha.org) ཡིན། ཐུགས་རྗེ་ཆེ།

  20. རྨེའུ་་་་་་་་་་རྒྱལ་སྲས་ནས། says:
    2010-02-28 at 5:11 am

    དངོས་གནས་དྲང་གནས་བོད་ཀྱི་རིག་གཞུང་གི་རྒྱལ་ས་ཤོད་ལ་ཁད་ལ་ཉེ་བའི་སྐབས་འདིར། ཤེས་དཔྱོད་ལྷག་བསམ་ཟབ་པའི་ཤེས་ཡོན་ཅན་ཁག་ཅག་གི་ལམ་སྟོན་དང་དགོངས་ཚུལ་བཏོན་དུས། མ་འགྲིགས་མ་བདེ་བའི་རྣམ་འགྱུར་བསྟན་སྟངས་ལ་བལྟས་པ་ཡིན་ན། བོད་ཀྱི་རིག་གཞུང་གི་ཁྱད་ཡོན་དང་ནུས་སྟོབས། རིན་ཐང་སོགས་མ་རྟོགས་པའི་འགྱུར་བག་ཅིག་རེད་འདོད་མོད། འོན་ཀྱང་བསམ་བཞིན་ཤེས་བཞིན་གྱིས་འདི་ལྟར་སྐྱོ་ངར་ཆེ་བའི་ལམ་ཁར་བགྲོད་པ་ཡིན་ན། སུ་ཞིག་གིས་བདག་གཅེས་དང་སྲུང་སྐྱོབ་བྱེ་ད་དགོས་པ་རེད་དམ།

  21. སྐོར་ལམ་ནང་གི་སྐད་ཆ་། says:
    2010-02-28 at 6:20 pm

    བདེན་པ་རེད་།
    ང་རང་ལ་མཚོན་ན་ནད་ཚ་འདི་ཡོད་པས་ནང་པ་དྲག་ཅན་ཞིག་ཡིན་པས་། ཐབས་ལམ་ཏོག་ཙན་རེ་སྟོན་མཁན་ཡོད་ན་དགའ་བསུ་ལས་མེད་། གོང་དུ་ཞུས་བ་དེ་ཡང་དྲ་གྲོགས་སྐོར་ཞིག་གི་གོ་བ་ལྡོག་ཕྱོགས་སུ་སོང་ཡོད་པ་དེ་འདྲ་མ་རེད་། དཔེར་ན་། ངའི་ང་རང་གི་དཀའ་ཁག་ཞིག་གསལ་བོར་ཞུས་། དག་ཆའི་ཐད་དག་ཡིག་གསར་བསྒྲིགས་ཞིག་ཡོད་དེརབཙལ་ན་དེ་འདྲའི་དཀའ་ཁག་མེད་མོད་། སྤྱོར་དང་འཕྲད་དང་། ཡི་གེ་གང་གི་རྗེས་གང་ཐོབས་མི་ཐུབས་སོགས་ནི་མི་ནག་འདའ་ཕང་རེད་། ད་ཇི་ཞིག་བྱེད་།
    ཡིག་ནོར་དང་ཚིག་ནོར་མང་ཙམ་བྲིས་ནས་མི་རིགས་གི་བླ་སྲོགས་ལ་རྨ་བཟོ་གས་། ཡང་ན་རང་ཉིད་གྱི་གླེང་འདོད་པས་ཚོར་བ་དག་སེམས་ལ་བཟུང་ནས་སྐྱེ་བ་གཞན་པ་ཞིག་ལ་བསྒུག་ག་།
    དེ་རིང་འདིར་ང་ལ་དམའ་རིམ་ནས་བཟུང་གོ་རིམ་ས་ལྡན་པས་ཐབས་ལམ་འམ་ཡང་། ཕྱོགས་བསྟོན་ཁ་གསལ་ཞིག་གནང་རྒྱུ་ཡོད་ན་། བདག་གི་ངོས་ནས་རང་ཉིད་བོད་ཡིག་གཙང་མ་ཞིག་འབྲི་ཐུབས་རྒྱུ་ཆོད་སེམས་བརྟན་པོ་ཡོད་ལ་དེ་ལྟར་བྱུང་སོང་ན་། དེ་ནི་ངའི་རང་གི་མི་རབས་ཚ་རྒྱུད་ལ་བཞག་པའི་ཕ་ནོར་ཡིན་། དེ་འདྲ་ཞིག་།
    ག་བྱོས་འདི་བྱོས་ཀྱི་ལམ་སྟོན་ཞིག་ན་བསྒུག་ནས་བསྡད་ཡོད་།

  22. གཞིས་ལུས་བོད་པ། says:
    2010-02-28 at 11:06 pm

    སྐོར་ལམ་ནང་གི་སྐད་ཆ་ལགས། ཁྱོད་ཀྱིས་ཡི་གེའི་དག་ཆ་ལ་གཟབ་དགོས་འདུག

  23. སྐོར་ལམ་ནང་གི་སྐད་ཆ། says:
    2010-03-01 at 3:12 pm

    གཞིས་ལུས་བོད་པ་ལགས་། དེ་ག་རང་ལབས་གི་ཡོད་པ་རེད་། བྱས་ཙང་ག། ད་ག་རེ་བྱས་ག། གོང་གི་མཆན་21པ དེ་ཡང་སྐྱར་ཐེང་གཅིག་གློག་རོགས་གནང་།

  24. བྲེ་ཏྲེ says:
    2010-03-15 at 9:01 am

    ཉེན་ཁ་དེ་དག་ཤེས་དགོས།
    ད་ལྟའི་ཆར་བོད་ནང་བོད་མི་རྣམས་ཀྱི་སེམས་ཤུགས་ཆེ་པོ་ཡོད་ཀྱང་རྗེས་སུ་རིམ་པའི་སེམས་ཤུགས་ཆག་པའི་ཉེན་ཁ་ཤིན་ཏུ་ཆེ།རྒྱ་ནག་གོང་ཕྲན་ཏང་གིས་བོད་ནང་གི་བོད་མི་ལ་ད་ལྟའི་ཆར་བོད་མི་འཚོ་བ་སྡུག་པོ་རྣམས་ལ་འཚོ་བའི་དཀའ་ངལ་ཐད་ལ་རོགས་རམ་བྱས་པ་དང་ཕྲུ་གུ་སློབ་གྲྭ་གཏོང་ནས་རོགས་སྐྱོང་གང་ཐུབ་བྱེད་བཞིན་ཡོད་།དེར་བརྟེན་རང་གི་བསམ་ཚུལ་ལ་ཉེན་ཁ་ཆེ་པོ་གསུམ་ཡོད་དང་པོ་ནི་བོད་མི་རྣམས་རྒྱ་ཡི་གཤིས་ཀ་འཇག་ནས་སྐྱེ་སྒོ་བཀག་སྟེ་བོད་ནང་བོད་མི་རིགས་ཉུང་དུ་འགྲོ་བ་དང་མི་རིགས་རྩ་རླག་འགྲོ་བའི་ཉེན་ཁ་ཡོད༎གཉིས་པ་ནི་༸གོང་ས་མཆོག་དགོང་ལོ་མཐོ་རུ་ཕྱིན་ནས་ཕྱི་རྒྱལ་ལ་དགོངས་པ་གཤེགས་དགོས་པ་དང་། གསུམ་པ་ནི་རྒྱ་གར་དུ་ཡོད་པའི་གདན་ས་ཁག་གྲྭ་རྒྱུན་ཉུང་དུ་ཕྱིན་ནས་གྲྭ་རྒྱུན་ཆད་པ་དང་་ གཞན་པ་གཞིས་ཆགས་བོད་མི་ཕལ་ཆེ་བ་ལ་སྔ་ལྟར་སྐྱོ་པོའི་འཚོ་བ་སྐྱེལ་དགོས་པས་ཉེན་ཁ་ཡོད།དེ་རྣམས་ཀྱི་གདོང་ལེན་ག་འདྲའི་བྱེད་རྩིས་ཡོད་དམ། བཙན་བྱོལ་ལ་ཡོད་པའི་གཞུང་དང་དེ་མིན་པའི་ཚོགས་པ་ཁག་མི་རྣམས་ཀྱིས་བསམ་བློ་གཏོང་དགོས་།་ བཙན་བྱོལ་ནང་ལ་བོད་མི་ཚོས་འཚོ་བ་ཡར་རྒྱས་འགྲོ་བའི་དམིགས་ཡུལ་མེད་པ་དང་སློབ་གྲྭ་བ་རྣམས་ མཐོ་སློབ་ཐོན་པ་དང་ལས་ཀ་བྱེད་ས་མེད་པའི་དཀའ་ངལ་ཆགས་ཡོད། ཚོགས་པ་ཁག་གིས་ཆབ་སྲིད་ཀྱི་ལས་ཀ་དེ་ཚོགས་པ་དེའི་ཁེ་ཕན་ཚོང་གི་ཡོང་བབ་སྒྲུབ་བྱེད་བྱས་སྟེ་དོན་དམ་པ་བོད་མིའི་རྩ་དོན་ཆེད་སྒྲུབ་ཐུབ་པ་མི་འདུག་ བཙན་བྱོལ་གྲོས་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་མེད་པས་གྲོས་ཚོགས་འཚོགས་འདུ་མགོ་མེད་མཇུག་མེད་ཚོགས་དགོས་བྱུང་ཡོད་ང་ཚོས་ཉེན་ཁ་དེ་དག་ཤེས་པ་བྱས་ནས་མ་འོངས་པ་ག་འདྲའི་བྱེད་དགོས་འབྲེལ་ཡོད་ཚང་མས་ཐུགས་སྣང་དགོས་ལགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme