Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་འདི་དག་ཡིན་ཟེར།

Posted on 2010-02-252010-02-26 By ཁ་བརྡ་ 7 Comments on ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་འདི་དག་ཡིན་ཟེར།

olympics
སྐར་ཆེན།

ཨ་རིའི་ཁོ་ལོ་ར་སྒྲོ་སློབ་ཆེན་(Colorado College )གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེན་མོ་( Daniel Johnson) སྒྲ་ནལ་འཇོན་སོན་གྱིས་གསུངས་ན། དབྱར་དགུན་ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་ནི་། མི་འབོར་( Population)དང་མི་སྒེར་བ་རེ་རེའི་ལོ་རེའི་ཡོང་སྒོ་( Income per capita) གནམ་གཤིས།( Climate) ཆབ་སྲིད་ཀྱི་སྒྲོམ་གཞི།( Political structure) རྩེད་འགྲན་བྱེད་ཡུལ་གྱི་རྒྱལ་ཁབ་( Host nation)བཅས་ལྔ་བོ་འདི་ལ་རག་ལས་ཀྱི་ཡོད་རེད་ཟེར། རྒྱལ་ཁབ་གང་ཞིག་ལ་མི་འབོར་མང་བ་དང་མི་སྒེར་བའི་ཡོང་སྒོ་བཟང་བ་ཡོད་ན། རྩེད་འགྲན་གྱི་སྣ་འཛོམས་པ་དང་སྤུས་ཚད་ལེགས་པ། གོ་སྐབས་མང་བ་བཅས་ཡོད་ཟེར། གནས་གཤིས་ཀྱི་གནད་དོན་ཐད། གནམ་གཤིས་ཀྱི་འགྱུར་ཁྱད་ཆེན་པོ་ཐེབས་ཀྱི་ཡོད་ཟེར།
དེ་ཡང་ས་མཐོ་སར་གནས་བའི་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་ཚོར་། དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ལ་ཁེ་བཟང་མང་བ་ཡོད་པ་མ་ཟད། ཚ་བའི་ཡུལ་དུ་གནས་བའི་རྩེད་འགྲན་པ་ཚོ་ལས་ཡག་པ་ཡོད་ཟེར། ཆབ་སྲིད་ཀྱི་སྒྲོམ་གཞིའི་གནད་དོན་ཐད། སྲིད་སྐྱོང་ཚོགས་པ་གཅིག་ཅན་གྱི་རྒྱལ་ཁབ་འགར་ཨོ་ལིམ་ཕིག་རྩེད་འགྲན་ལ་རྒྱལ་ཁབ་གཞན་ལས་ལྡབ་འགྱུར་གྱིས་ཡར་རྒྱས་ཆེ་བ་འདུག་ཟེར། དེ་ཡང་། དཔེར་ན། ཁོའུ་རྦ་(Cuba)དང་རྒྱ་ནག་( China)ལྟ་བུ། ད་དུང་། ཨོ་ལིམ་ཕིག་རྩེད་འགྲན་འཚོགས་ཡུལ་རྒྱལ་ཁབ་ཀྱི་ཐད། འཚོགས་ཡུལ་དེ་ལ་ག་དུས་ཡིན་ཡང་རྟགས་མ་མང་འཐོབ་ཀྱི་ཆ་རྐྱེན་དང་གོ་སྐབས་བཟང་བ་ཡོད་ཟེར།
ཁོང་གི་ལྟ་ཚུལ་འདིས། འདས་བའི་ལོ་ངོ་དུ་མའི་རིང་། ཨོ་ལིམ་ཕིག་རྩེད་འགྲན་མང་དག་ཅིག་ལ་ཁུངས་སྐྱེལ་ཐུབ་ཡོད་པ་མ་ཟད་། ལྷག་པར་དུ་ཕྱི་ལོ་༢༠༠༨ལོར་རྒྱ་ནག་ཏུ་འཚོགས་པའི་དབྱར་ཁའི་ཨོ་ལིམ་ཕིག་འགྲན་རྩེད་ཀྱི་རྟགས་མའི་ཐོབ་གྲངས་ལ་ཡང་ཁོང་གི་ལྟ་ཚུལ་འདིས་ཁུངས་སྐྱེལ་ཐུབ་འདུག ད་ཕན། རྒྱལ་ཁབ་རེ་རེའི་སྤྱི་ཡོངས་ཨོ་ལིམ་ཕིག་རྩེད་འགྲན་པའི་ཁྱོན་བསྡོམས་རྟགས་མའི་གྲངས་ཀ་ལ། ཁོང་གིས་ལྟ་ཚུལ་འདིས་བརྒྱ་ཆ་༩༤ཁུངས་སྐྱེལ་ཐུབ་འདུག་ཅིང་། རྒྱལ་ཁབ་རེ་རེའི་སྤྱི་ཡོངས་ཨོ་ཕིག་རྩེད་འགྲན་པའི་གསེར་གྱི་རྟགས་མའི་གྲངས་འབོར་ལ། ཁོང་གི་ལྟ་ཚུལ་འདིས་བརྒྱ་ཆ་༨༨ཁུངས་སྐྱེལ་ཐུབ་འདུག ཁོང་གིས་མུ་མཐུད་དུ་གསུངས་དོན། སྤྱི་ཡོངས་ནས། རྒྱལ་ཁབ་ཆེ་བ་( Large)དང་( Rich)ཕྱུག་པ། གནམ་གཤིས་གྲང་བ་( Cold)བཅས་ཀྱི་རིགས་ལ་ཨོ་ཕིག་རྩེད་འགྲན་གྱི་རྟགས་མ་མང་བ་རག་གི་རེད་ཟེར། དེ་ཡང་། དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་དང་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་གཉིས་ཀྱི་གནད་དོན་ཐད། དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་རྩེད་མོའི་རྣམ་གྲངས་མང་ཆེ་བ། རྩེད་འགྲན་པ་སྒེར་བ་ལ་རག་ལས་ཀྱི་ཡོད་པ་མ་ཟད་། རུ་ཁག་ཅན་གྱི་རྩེད་མོའི་རྣམ་གྲངས་ཧ་ཅང་ཉུང་ཉུང་རེད་ཟེར། འོན་ཀྱང་། དེ་ལས་ལྡོག་སྟེ། དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་རྩེད་མོའི་རྣམ་གྲངས་མང་ཆེ་བ་། རུ་ཁག་རྩེད་འགྲན་པ་ཚོར་རག་ལས་ཀྱི་ཡོད་པ་མ་ཟད་རྩེད་འགྲན་པ་སྒེར་བའི་བྱེད་སྒོའི་རྣམ་གྲངས་ཅན་གྱི་རྩེད་མོ་ཧ་ཅང་ཉུང་ཉུང་རེད་ཟེར། ད་ལྟ་ཁ་ཎ་སྒྲའི་གྲོང་ཁྱེར་བེན་ཁོའི་ལྦར་འཚོགས་བཞིན་པའི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་ཐད་། ཁོང་གིས་ཚོད་དཔག་རྒྱག་དོན། རྟགས་མའི་གྲངས་འབོར་བཅུའི་སྒང་ལ་འགྲོ་མཁན། ཁ་ཎ་སྒྲ་( Canada)དང་ཨ་རི།( United States) ནོར་ལྦེ།( Norway) སི་བས་སྒྲན།( Sweden) ཨུ་རུ་སི།(Russia) འཇར་མན།(Germany)
ཨོ་སི་ཁྲེས་ཡ་(Austia)བཅས་ཡིན་འདུག་པ་དང་། དེ་ཡང་། ཁོང་གི་ཚོད་དཔག་ལྟར་ན། ཁ་ཎ་སྒྲར་( Canada)རྟགས་མ་༢༧། ཨ་རི(United States)༢༦། ནོར་ལྦེར( Norway)༢༦། ཨོ་སི་ཁྲེས་ཡར(Austria)་༢༥། སི་བས་སྒྲན་ལ་( Sweden)༢༤།
ཨུ་རུ་སུ་ལ་( Russia)༢༣། འཇར་མན་( Germany)ལ་༢༠བཅས་འཐོབ་ཀྱི་རེད་ཟེར་ལ། ལྷག་པར་དུ་ཁ་ཎ་སྒྲ་དང་ཨ་རི། ཨུ་རུ་སི། ཨོ་སི་ཁྲེས་ཡ་བཅས་ལ་རྟགས་མའི་འཐོབ་གྲངས་དེ་ཕལ་ཆེ་ཕྱི་ལོ་༢༠༠༦ལོ་དང་གཅིག་མཚུངས་ལྟ་བུ་ཆགས་སྲིད་ཟེར། འདི་ནི་ཁོང་གི་ཚོད་དཔག་རེད། ཁོང་གི་ལྟ་ཚུལ་སྟེ། མི་འབོར་དང་མི་སྒེར་བ་རེ་རེའི་ལོ་རེའི་ཡོང་སྒོ་ གནམ་གཤིས། ཆབ་སྲིད་ཀྱི་སྒྲོམ་གཞི་། རྩེད་འགྲན་བྱེད་ཡུལ་གྱི་རྒྱལ་ཁབ་བཅས་ལ་གཞི་བཅོལ་བའི་ཚོད་དཔག་རེད། ཉིན་འགའི་རྗེས་སུ། ཁོང་གི་ཚོད་དཔག་འདིས་ཁ་གྲགས་ཀྱི་རེད།

(ཨོ་ལིམ་ཕིག་རྩེད་འགྲན་གྱི་སྐོར་ལ་དོགས་འདྲི་དང་བསམ་ཚུལ་བཤད་འདོད་ཡོད་ན། ཁོང་གི་འབྲེལ་གཏུགས་ཁ་བྱང་འདི་གཉིས་རེད། )
djohnson@coloradocollege.edu
moneybox@state.com

སྣ་ཚོགས།

Post navigation

Previous Post: ཤིས་ཚང་ལྗང་མྱུག་དང་ཁོའི་བརྩམས་ཆོས་ཁག
Next Post: གཏམ་བརྗོད། བོད་ཤི་གི་མ་རེད།

Comments (7) on “ཨོ་ལིམ་ཕིག་རྩེད་འགྲན་གྱི་རྟགས་མའི་མང་ཉུང་གི་ཐུག་ས་གཙོ་བོ་འདི་དག་ཡིན་ཟེར།”

  1. གཅན་བཟོད་རྒྱམ། says:
    2010-02-26 at 2:38 am

    འདི་ཡག་པོ་ཞིག་བྲིས་འདུག ཨོ་ལིམ་ཕིག་ཚོགས་ས་ཁ་ཎ་སྒྲའི་གྲོང་ཁྱེར་བེན་ཁོའི་ལྦར་ཟེར་བ་འདི་Vancouver ཟེར་བ་དེ་ཨེ་རེད།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-02-26 at 9:52 am

    རེད། རེད། དགུན་ཁའི་ཨི་ལིམ་ཕིག་འཚོགས་ས་དེ་རེད།

  3. གཅན་བཟོད་རྒྱམ། says:
    2010-02-26 at 12:53 pm

    རིག་འབྱུང་བ་ཁྱོད་བཟང་ཐལ། ལན་གནང་བར་ཐུགས་རྗེ་ཆེ་ཞུ།

  4. ཀརྨ་རྡོ་རྗེ་ says:
    2010-02-26 at 2:58 pm

    ང་ཚོ་བོད་རིགས་ཚོའི་སྲིད་འབྱོར་རིག་གསུམ་ཡར་རྒྱས་ཀྱི་མཉམ་དུ་རྩེད་རིགས་ཡར་རྒྱས་ག་ཚོད་ཙམ་ཕྱིན་ཡོད་དམ།

  5. རྩམ་དགའ་ says:
    2010-02-26 at 4:42 pm

    ང་ཚོ་རྩེད་རིགས་ཕྱོགས་ནས་ད་རུང་རྗེས་ལུས་རེད། དཔེར་ན་མཛེས་མ་འགྲན་བསྡུའི་བསྐོར་ནས་ག་འདྲ་བྱུང་སོང་། འདི་གཅིག་པུའི་ཐོག་ནས་བལྟས་ཀྱང་ད་དུང་རྩེད་རིགས་ཕྱོགས་བློ་མིག་སད་ཡོད་མིན་གསལ་བོ་རེད་ལགས།

  6. གཅན་བཟོད་རྒྱམ། says:
    2010-02-27 at 1:27 pm

    དེང་སང་འཛམ་གླིང་གི་ཨོ་ལེམ་ཕིག་རྩེད་རིགས་ནང་དུ་བོད་པས་རྩེད་བཟིན་པའི་རྩེད་རིགས་རྣམ་གྲངས་འདྲ་ཡོད་དམ།

  7. རྩམ་དགའ་ says:
    2010-02-28 at 1:36 am

    yahoo. ཡང་ན་ google འདིའི་ནང་ལ་སོང་ནས་་་་་དགུན་ཁའི་རྩེད་རིགས་འདི་ལ་ལྟོས་་་་་་་་་་་་་་་་་་་་winter olympics

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme