Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཡིག་ཚད་གཏོང་སྐབས་དགེ་རྒན་ཞིག་དྲན་པ།

Posted on 2015-01-082015-01-08 By ཁ་བརྡ No Comments on ཡིག་ཚད་གཏོང་སྐབས་དགེ་རྒན་ཞིག་དྲན་པ།

སྣང་རྒྱལ་ཤེས་དགེ། ༼ཝར་ཎ༽

 
སློབ་མ་ནས་དགེ་རྒན་དུ་གྱུར་བའི་བརྒྱུད་རིམ་འདིས་ཡིག་རྒྱུགས་སྤྲོད་མཁན་ནས་ཡིག་རྒྱུགས་ལེན་མཁན་ཞིག་ཏུ་གྱུར་སོང་། དེ་རིང་གི་རྒྱུགས་རའི་རྣམ་པ་མང་པོ་ཞིག་གིས་ང་ཕྱིར་དྲན་གྱི་ཀློང་དུ་འདྲེན་པར་བྱས་ཤིང་། ཕྱིར་དྲན་གྱི་ཀློང་ནས་འགྱུར་ལྡོག་གི་དཀྱོག་མཚམས་རེ་རེའང་ཡིད་ངོར་གཟུགས་ཅན་བཞིན་དུ་ཤར་བར་བྱས། རྒྱུན་དུ་སློབ་སྦྱོང་ལ་སྤྲོ་སྣང་མེད་པའི་སློབ་མ་མང་པོ་ཞིག་གིས་ཁྱིམ་མཚེས་ཀྱི་རོགས་སྐྱོར་དང་རང་ཉིད་ཀྱི་གཡོ་འཕྲུལ་ལ་རེ་ལྟོས་བྱེད་བཞིན་འདུག་ཅིང་། ཁོ་ཚོས་བཙན་ཚུགས་ཀྱིས་བཏོད་པའི་སྒམ་ཉམས་དང་དྲང་མདོག་དེས་རང་ཉིད་དཀའ་ཁག་ལ་ཐུག་ཡོད་པ་གསལ་སྟོན་བྱས་པ་ལྟ་བུར་འདུག་ཅིང་། རྐུབ་ལ་ཚེར་མ་ཟུག་པ་ལྟ་བུའི་འགུལ་སྐྱོད་དེས་དེ་བས་ཀྱང་ངས་ཁྲིམས་འགལ་བྱེད་བཞིན་ཡོད་ཅེས་སྒྲོག་པ་དང་ཀུན་ནས་མཚུངས། སྣང་ཚུལ་དེ་དག་གིས་ང་ལ་རང་ཉིད་ཀྱི་ལོ་རྒྱུས་མངར་མོ་དང་སྐྱུར་མོ་དེ་དག་དྲན་པར་བྱས་བྱུང་།

གྲོང་ཚོའི་སློབ་ཆུང་འགྲིམ་སྐབས་ང་ནི་ང་ཚོའི་འཛིན་གྲྭ་ཙམ་མ་ཟད་སློབ་གྲྭ་ཡོངས་ཀྱི་སློབ་སྦྱོང་ཡག་ཤོས་དེ་ཡིན་ཞིང་ལོ་རེར་གསུམ་བཟང་སློབ་མའི་བྱ་དགའ་སོགས་བྱ་དགའ་རིགས་འདྲ་མིན་སྣ་ཚོགས་བླངས་ནས་ངེད་ཚང་གི་ཁྱིམ་གྱི་རྩིག་ངོས་སུ་ཕྲེང་དང་ཕྲེང་བྱས་ནས་སྦྱར་ཡོད། སྐབས་དེར་ང་ནི་ཡིག་རྒྱུགས་གཏོང་སྐབས་སློབ་གྲོགས་མང་པོ་ཞིག་གི་སྲོག་སྐྱོབ་མཁན་༼དོན་དངོས་སུ་ཁོང་ཚོ་ངན་ལང་དུ་གཏོང་མཁན་ཡིན་ན་ཡང་སྐབས་དེར་དེ་འདྲའི་ལྟ་ཚུལ་ཞིག་ཡོད་པ་རེད།༽དེ་ཡིན་པས་ངའི་གཡས་གཡོན་དུ་འདུག་མཁན་ཚོས་རྒྱུན་དུ་ང་ལ་བྱི་རིལ་སོགས་སྤྲོད་པར་བྱེད་ཅིང་འབྲེལ་ལམ་གང་ལེགས་འཛིན་ངེས། ཡིན་ན་ཡང་ངའི་གཟི་བརྗེད་དེ་གྲོང་གསེབ་ཀྱི་སློབ་གླིང་ཙམ་ལས་གནས་མ་ཐུབ་ཅིང་། རྫོང་སློབ་ཆུང་དང་པོར་ཞུགས་པ་ནས་ཅུང་མ་འགོར་བར་ང་ནི་ཡིག་རྒྱུགས་གཏོང་སྐབས་སྲོག་སྐྱོབས་མཁན་ཞིག་ལས་སྐྱོབས་རྒྱུ་ཞིག་ཏུ་གྱུར་སོང་། འོན་ཀྱང་རང་ཉིད་ཀྱི་མ་སྐད་དེ་བོད་ཀྱི་སྐད་ཡིག་གི་གྲུབ་འབྲས་རྒྱུན་འཁྱོང་བྱ་ཐུབ་པ་བྱུང་བ་དེ་ནི་སྐྱོ་བའི་སྐབས་ཀྱི་སེམས་གསོ་ལྟ་བུ་ཞིག་ཀྱང་ཡིན།

ཨང་རྩིས་ཀྱི་གྲུབ་འབྲས་ཉིན་བཞིན་ཇེ་ངན་དུ་གྱུར་ཅིང་རིམ་བཞིན་ཨང་རྩིས་ཀྱི་གྲུབ་འབྲས་ནི་དེ་བས་ཀྱང་བཤད་རིན་མེད་པ་ཞིག་ཏུ་གྱུར་སོང་། གློ་བུར་བའི་ལྷུང་བབས་ཆེན་པོའི་དེའི་འབྱུང་རྐྱེན་གཙོ་བོ་ནི་ཨང་རྩིས་དགེ་རྒན་ལ་རགས་ལུས་པ་ཞིག་ཡིན་ཏེ། ང་ཙམ་མ་ཟད་ངེད་ཀྱི་འཛིན་གྲྭའི་སློབ་གྲོགས་མང་པོ་ཞིག་ལའང་ཤུགས་རྐྱེན་ཆེན་པོ་བྱུང་སོང་། ཨང་རྩིས་དགེ་རྒན་དེ་རྒྱ་རིགས་ཤིག་ཡིན་ཞིང་ཆང་རགས་དང་ཐ་མག་ལ་ཧ་ཅང་དགའ། དེའི་རྐྱེན་གྱིས་ཁོའི་སྐྱེས་དམན་དང་བཟའ་འཁོན་བྱེད་པའི་སྣང་ཚུལ་ཡང་ཡང་མཐོང་རྒྱུ་ཡོད། སྐབས་མང་པོར་ར་བཟི་སྟེ་སྐེ་དང་ངོ་གདོང་དམར་རྐྱང་དུ་གྱུར་ནས་འཛིན་གྲྭར་ཡོང་གི་ཡོད་ཅིང་། ཁམས་མི་དྭངས་བའི་སྐབས་ཡིན་ན་ནམ་རྒྱུན་ང་དང་འདྲ་བའི་ཨང་རྩིས་ལ་མི་དགའ་བའི་སློབ་མ་རྣམས་ཀྱི་ལག་པ་དང་འོང་ཤ་གཉིས་ལ་མནར་གཅོད་གཏོང་ངེས་ཡིན།

བཤད་འོས་མིན་གང་ལྟར་ཡང་སློབ་མ་བུ་མོ་རྣམས་ལ་ནམ་ཡང་གུ་ཡངས་དང་དམིགས་བསལ་གྱི་ལྟ་སྟངས་ཤིག་འཛིན་པའི་མ་ཚད་སྐབས་རེར་སློབ་མ་སྐྱེས་འབྲས་ཅུང་མཚར་བ་རྣམས་ལ་འུད་སྒྲོག་རང་བཞིན་གྱི་བསྟོད་ར་གཏོང་བའང་རྒྱུན་ལྡན་ཡིན། ཁོ་ར་བཟི་བའི་སྐབས་མང་ཤོས་ནི་དགུང་མོའི་ཆུ་ཚོད་དྲུག་པ་ནས་བརྒྱད་པའི་བར་གྱི་རང་སྦྱོང་གི་སྐབས་ཡིན་ཞིང་། རང་སྦྱོང་གི་སྐབས་སུ་འཛིན་གྲྭའི་དགེ་རྒན་རྣམས་བདུན་ཕྲག་རེར་རེས་མོས་ཀྱི་སློབ་ཁང་དུ་ངེད་ཚོར་ལྟ་རྟོགས་བྱེད་དུ་ཡོང་གི་ཡོད།

ངའི་མིག་ལམ་ན་ད་དུང་གསལ་ལྷང་ངེར་འཆར་ཐུབ་པ་ཞིག་ནི་ཁོ་ནང་པང་གི་མདུན་དུ་རྐུབ་སྟེགས་ཤིག་ལ་ཟུར་འདུག་བྱས་ཏེ་ཁ་ལ་ཐ་མག་ཅིག་བཟུང་ནས་འདུག་པའི་ཚུགས་ཀ་དེ་ཡིན། དེ་འདྲའི་སྐབས་སུ་གློ་བུར་གློ་བུར་ལ་སློབ་མ་འགའ་རེའི་མིང་ནས་འབོད་པར་བྱེད་ཅིང་། ནག་པང་སྒང་ལ་བྲིས་པའི་ཨང་རྩིས་ཀྱི་དྲི་གཞི་དག་ལ་ལན་སློག་ཏུ་འཇུག སྐབས་རེར་ངེད་ཅག་ལ་བསླབ་མ་མྱོང་བའི་དྲི་བ་རེའང་ཡོང་གི་ཡོད་མོད་དེ་ནི་ཁོང་གིས་བདུད་རྩི་མཆོད་རྒྱུ་མང་དྲགས་པས་མངོན་རྟགས་ཡིན། དེ་ལྟ་ནའང་ལན་སློག་མ་ཐུབ་ཚེ་ལག་པ་དང་འཕོང་འཚོས་ལ་ཉེས་ཆད་གཅོད་ངེས་ཡིན།

ཆེས་བཟོད་དཀའ་བ་ཞིག་ནི། ཡིག་རྒྱུགས་ཀྱི་གྲུབ་འབྲས་དང་ལས་བྱའི་ཐོབ་སྐལ་སོགས་ལ་བརྒྱ་ཆ་བརྒྱ་ངེས་པར་དུ་ལོན་དགོས་པ་ཡིན་ཞིང་། གལ་སྲིད་མ་ལོན་ལ་ཆད་གྲངས་དང་མཉམ་པའི་གྲངས་ཚད་ལག་ངོར་དབྱུག་པས་གཞུ་བ་རེད། དེ་འདྲའི་སྐབས་སུ་ང་དང་ངའི་རིགས་མཐུན་ཚོའི་ལག་ངོ་སྐྲང་ནས་སྨྱུ་གུའང་འཛིན་མི་ཐུབ་པའི་ཚད་དུ་ལྷུང་ངེས་ཡིན།
འདིར་གསལ་བཤད་བྱེད་དགོས་པ་ཞིག་ལ། ང་དང་ངའི་རིགས་མཐུན་ཚོས་རང་ལ་ཉེས་ཆད་གཅོད་བྱེད་ཀྱི་དབྱུག་པ་རང་གིས་གྲ་སྒྲིག་བྱེད་དགོས་ཤིང་། གལ་སྲིད་དབྱུག་པ་ཕྲ་མོ་དང་ཐུང་ཐུང་ལས་གྲ་སྒྲིག་བྱས་མེད་པ་ཡིན་ན་གྲངས་ཀ་ལྔའམ་བཅུ་རེ་སྤར་ནས་ཉེས་ཆད་ལྷག་མ་གཅོད་པ་རེད།

ཟླ་དྲུག་དང་ལོ་འཁོར་ཡིག་ཚད་ཀྱི་གྲུབ་འབྲས་ཁྱབ་བསྒྲག་བྱེད་པའི་དུས་ཚོད་དེ་ནི་འདི་འདྲའི་དུས་ཚོད་ཛ་དྲག་ཆེ་ཤོས་དེ་ཡིན་ཞིང་། སྐབས་དེར་དགེ་རྒན་ཁོས་ཀྱང་གོ་བའི་ལག་ཤུབ་ནག་པོ་ཞིག་གྱོན་ནས་འོང་། དེ་ནི་ཁོང་ལ་ཉམས་མྱོང་ཞིག་བསགས་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན་འདུག་སྟེ། ཁོས་བཤད་པ་ལྟར་ན་སྔོན་མ་འདི་འདྲའི་དུས་སྐབས་ཤིག་ཏུ་སློབ་མ་ཚོའི་ལག་ངོར་འབྲབ་རྒྱུ་མང་དྲགས་པས་ཁོ་རང་གི་ལག་ངོར་ཡང་ཆ་སྒང་བསགས་སྟེ་ཉི་མ་མང་པོའི་རིང་ལས་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་མྱོང་ཟེར།

ང་དང་རྐུབ་སྟེགས་གཅིག་ཏུ་སྡོད་མཁན་བུ་མོ་ཞིག་ཡོད་པ་དེ་ཡང་ང་དང་འདྲ་བར་མནར་གཅོད་འདི་མྱང་མཁན་ཞིག་ཡིན་པས་དེའི་ཕྱོགས་ནས་ཉམས་མྱོང་ཡང་གང་འཚམས་ཡོད་པ་སྟེ། ལག་པར་ཉེས་ཆད་བཟད་ཚར་མ་ཐག་ཅ་ངོས་གྲང་མོ་ཞིག་ལག་ངོས་གཉིས་ཀྱི་བར་དུ་བཙིར་ནས་ཅུང་ཙམ་བསྡད་ན་ཟུག་གཟེར་འཇམ་པར་ཕན་ཐོག་ཆེན་པོ་ཡོད། དེར་བརྟེན་ཁོ་མོས་རྒྱུན་དུ་ངས་ཉེས་ཆད་བཟད་ནས་ཡོང་སྐབས་སྨྱུག་སྒམ་(文具盒)གྲྭ་སྒྲིག་བྱས་ནས་ངའི་ལག་བར་དུ་འཇོག་པར་བྱེད།

གཏམ་རྒྱུད་ཐུང་ཐུང་ཞིག་བཤད་ཀྱིན་བཤད་ཀྱིན་གཏམ་རྒྱུད་གཞན་མང་པོ་ཞིག་ཀྱང་དྲན་འོང་གིན་འདུག་མོད། དེ་རིང་ལྷོད་ལ་ཕབས་ནས་བཤད་ཐུབ་ཀྱི་མི་འདུག་པས་ཁོམ་སྐབས་ཤིག་ལ་མུ་མཐུད་ནས་བཤད་ཆོག

དྲན་ཐོ།

Post navigation

Previous Post: ཐུབ་བསྟན་ཕུན་ཚོགས་ཨར་ལ་གཏད་པ།
Next Post: གཞུང་པའི་བུ་ཡིས་དྲང་གཏམ་གཅེར་བུར་གླེང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme