Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་ཁམས་དང་གྱེས་པའི་གདུང་གླུ།

Posted on 2015-01-052015-02-01 By ཁ་བརྡ 5 Comments on རྒྱལ་ཁམས་དང་གྱེས་པའི་གདུང་གླུ།

རས་པ།

—-སྙན་ངག་འདི་ནི་གུས་པའི་རྩོམ་གྲོགས་རྣམས་ལ་ལོ་གསར་བའི་ལེགས་སྐྱེས་སུ་ཕུལ་བ་ཡིན། 

གླེང་གཞི།

ངས་ཕ་ཡུལ་ཞེས་པའི་དྲན་ཐོ་ཞིག་ཡང་ཡང་ཀློག་གིན་ཡོད
ཡང་ཡང་བཀླགས་ཀྱང་རྙེད་རྒྱུ་མ་བྱུང་བའི་དེབ་ཐེར་དེ་ནི
ཧི་མ་ལའི་རླུང་ཁར་གཤེགས་པའི་ཚྭ་འཚོང་རྒན་པོ་ཞིག་ནང་བཞིན
མི་རྣམས་ཀྱིས་བུ་རབས་ཚ་རྒྱུད་ལ་བརྗོད་ཀྱིན་འདུག
འོན་ཀྱང ངོས་སྟོང་བའི་དེབ་ཐེར་དེ་ནི
འབྲོག་ཁྱིམ་སྟོང་ཤུལ་གྱི་ནོར་ལྷས་དང་འདྲ་བར
རང་ཉིད་ལ་དགོས་ངེས་ཀྱི་ཡི་གེ་ཅི་ཡང་རྙེད་རྒྱུ་མི་འདུག་ཨང

ལེའུ་དང་པོ།

ཕ་ཡུལ་ནི་ལྕགས་ཀྱི་མཁར་རྫོང་མཐུག་པོ་ཅན་གྱི་དམག་སྤྱི་ཞིག་ཡིན་པས
བདག་གིས་ཇི་ལྟར་རྒོལ་ཡང་གཏོར་ཐབས་མ་བྱུང
ཕ་ཡུལ་ནི་གདུང་ཡུས་ཀྱི་སྨྲེང་གླུ་རྒྱུན་པར་འཁོར་བའི་གངས་ཀྱི་རྒྱལ་ཁམས་ཤིག་ཡིན་པས
བདག་ཉིད་ཅི་ཙམ་ཉེ་བར་བཅར་ཡང་དྲོ་སྣང་མ་བྱུང
དོན་དངོས་སུ    བདག་གི་ཕ་ཡུལ་ནི་བདག་ལས་རྣམ་པར་རྒྱལ་བའི་གཉའ་གནོན་མཁན་ཞིག་ཡིན

 

ཕ་ཡུལ གངས་འདབས་ཀྱི་མཚན་མོའི་རླུང་གིས
བདག་གི་གློ་སྙིང་ཚལ་བར་གཤགས་ཤིང
ཡ་ཆུང་སེམས་ལ་བསུབ་དཀའ་བའི་རི་མོ་བྲིས་རྗེས
ཆེས་རྒྱང་རིང་གི་རྒྱང་རིང་དེ་ནས་ང་ལ་གཅེས་སེམས་ཤིག་སྟེར་བར་བྱེད

 

ང་རང་ལམ་ལ་མ་ཆས་པའི་སྔོན་ཏག་ཏག་དེར
ཕ་ཡུལ་གྱི་ནམ་མཁའ་ནི་ངའི་མགོ་ཐོག་ཏུ་བཀབ་པའི་རས་ཡུག་ནག་པོ་ཞིག་ལྟར
སྐད་ཅིག་ཙམ་ཏུའང་སྡོད་འདོད་མི་འདུག

 

ཡུལ་བྱེའུ་གྱི་སྐད་སྒྲ་ག་ལེར་གྲགས་ཤིང
སྒོ་ཟོག་རི་ལ་འདེད་པའི་རྫི་བོའི་གོམ་སྒྲའང་རིམ་བཞིན་རྣ་ལམ་དུ་མཆེད་ཡོང
ཨ་མ་ལགས་ཀྱིས་སྐྱོར་བའི
སྒྲོལ་མའི་བསྟོད་དབྱངས་ཀྱིས་གྱེས་བྲལ་གྱི་སྡུག་ཚོར་སྦྱིན་ཡང
ང་རང་འགྲོ་དགོས་སྟེ ང་ནི་རྒྱང་རིང་གི་རེ་འདུན་སྙེག་པར་འགྲོ་དགོས

 

ང་ཡོང་ཁར ཕ་ཡུལ་ནི་སྐྱ་ཡུག་ཡུག་གི་རི་འདབས་དེར
ལྷུན་ཆགས་ཀྱིས་གནས་ཤིང སྡེ་འདབས་སུ་བཞུར་གྱིན་པའི་དགུ་ཆུའི་བཞུར་སྒྲ་ནི
མྱ་ངན་གྱི་འདུ་འཛོམས་ཤིག་ཏུ་བཏང་བའི་ཆེས་མཐའ་མའི་རོལ་དབྱངས་དང་འདྲ་བར
བདག་ལ་དངངས་འཚུབ་ཀྱི་ཚོར་བ་བསྟུད་མར་བསྩལ་ཞིང
ཞོགས་པའི་མཁའ་རླུང་བསིལ་མོས་མཉེས་གཤིན་གྱི་འཁྱུད་སྦྱོར་བྱེད

 

ཕ་ཡུལ་ལས་ཐོན་པའི་སྐད་ཅིག་མ་དེའི་རིང
སྐྱིད་གཉིད་ངང་ར་བཟི་བའི་སྲིད་གཞུང་ཆུང་ཆུང་དེ
ཁྲིམས་མེད་ལུགས་མེད་ཀྱི་བྲན་བདག་ཅིག་གི་གཞིས་ཀ་དང་འདྲ་བར
ཁེངས་དྲག་གིས་གནས་ཡོད་པ་མཐོང་ཞིང
དྲག་ཆས་ཀྱིས་བཀང་བའི་ར་སྐོར་ཆེན་པོ་དེ་རུ
ངའི་ཡུལ་མིའི་ཟུངས་ཁྲག་གི་དྲི་ངད་མཆེད་བཞིན་པའང་ཚོར་ཡོང

 

དེ་ནས་བརྩིས་པའི་ད་དུང
ངའི་ཕ་ཡུལ་ནི་གླག་ཆེན་གྱི་སྡེར་འོག་ལ་གནས་པའི་ལུ་གུ་ཆུང་ཆུང་ཞིག་ཡིན་ལ
ངའི་ཕ་ཡུལ་ནི་རྒྱལ་པོའི་ལམ་ལུགས་མ་བྱུང་སྔོན་གྱི་མི་སེར་འཇིགས་པ་ཅན་ཞིག་ཡིན
ཕ་ཡུལ ཁྱོད་ནི་ཇི་འདྲའི་ཉམས་ཆུང་གི་དབང་མེད་ཅིག་རེད་ཨང

 

ངའི་བརྩེ་འདང་གི་གཏམ་རྒྱུད་མ་བྲིས་པའི་སྔོན་དུ
ད་དུང་ཕ་ཡུལ་གྱི་རི་ལུང་ཡོད་ཚད་ལ་ཞེན་ཆགས་ཆེ་ཞིང
ཡུལ་མི་ཚོའི་ལག་ཟུང་གིས་ང་ལ་བྱམས་བརྩེའི་དྲོད་ཁོལ་སྟེར་བཞིན་པ་ཚོར་ཡོད
འོན་ཀྱང   རང་ཉིད་ལ་གཏིང་ཟབ་པའི་སྔོག་བཤེར་བྱས་པ་ནས
ཕ་ཡུལ་ནི་སྤྲོ་སྣང་གི་ཚོར་བ་བཅོམ་པའི་གཤེད་མ་ཞིག་ལྟར
དུས་ནམ་ཡང་ངའི་དྲན་སྣང་དུ་གནས་ཤིང
ང་ལ་རེ་སྨོན་གྱི་མིག་ཟུང་གིས་བལྟས་འདུག་ཨང

 

ས་གཞིའི་བརྩེ་སེམས་ཀྱིས
བདག་ལ་རང་འགུལ་མ་ཡིན་པའི་གཞས་ཆུང་གྱེར་ཞིང
ལུས་ལ་སྦྲིད་སྨན་བཏབ་འདྲའི་སྐབས་མང་དག་ཅིག་ལ
ང་རང་འགུལ་མེད་ཀྱིས་ཚོར་བའི་དབྱིངས་ཀྱི་སྟོང་ཁམས་ཉུལ་ཏེ
ཕྱིར་ཡོང་དཀའ་བའི་ཏིང་ངེ་འཛིན་ལ་རོལ
མགོ་འཐོམས་པའི་དག་ཞིང་ནི་ལམ་ལུགས་ཀྱིས་མ་བཅིངས་པའི་ཡུལ་གྲུ་ཞིག་སྟེ
མཚོ་ཐོག་གི་ཁང་བཟང་དང་སྤྲིན་རིམ་གྱི་ཕོ་བྲང
མདོར་ན་ངས་སྐབས་འདི་དག་ལ་བྱིས་སྒྲུང་གི་འཆར་ཡན་དངོས་སུ་སྤྱོད་ཀྱིན་ཡོད

 

བདག་གི་བདེ་སྐྱིད་ནི་དག་ཞིང་གི་འཆར་ཡན་གྱིས་སྟོང་བར་བསྒྱུར་ཞིང
སྟོང་བར་གྱུར་བས་ངས་ཀྱང་ཕ་ཡུལ་རྙེད་རྒྱུ་བྱུང

 

ལེའུ་གཉིས་པ།

རྒྱལ་ཁམས་སྟོང་ཤུལ་གྱི་སྐྱོ་དབྱངས་ད་དུང་གྲགས་མེད་ཅིང
རྒྱལ་རྒྱུད་ཀྱི་ལྟེ་ཐག་སྔར་ནས་ཆད་པའི་བྱུང་བ་དེས་ཀྱང་གནོད་པར་མ་གྱུར
བདག་གིས་བརྩེ་འདང་གི་རས་ཡུག་ལ་བྲིས་པའི་བསྟོད་གླུ་རེ་རེ
སེམས་ལ་ཕོག་པའི་ན་ཟུག་དང་མཉམ་དུ་ཕྱི་རུ་བཏོན་ཞིང
ཕྱི་ལ་བཏོན་པའི་སྐད་ཅོར་གཅིག་པུས་ང་རང་ད་དུང་གསོན་ཡོད་པའི་བདེན་པ་ཁྱོད་ལ་སྟོན

 

ནམ་ཞིག     བདག་ཉིད་རི་མཐོ་ཞིང་གནམ་སྔོ་བའི་འཇིག་རྟེན་གྱི་རྩེ་མོར་སླེབས་ཚེ
ངའི་མགྲིན་པའི་སྦུགས་སུ་འཚང་བའི་ཁྲག་གི་ལྦ་བ་དང
མིག་གི་མཐའ་རུ་སྐུང་བའི་གངས་ཆུའི་བཞུར་རྒྱུན་དེའང
དཔའ་བོའི་བདེན་སྟོབས་ཀྱིས་བྱིན་གྱིས་རླབས་ཏེ
གཟེངས་སུ་མཐོ་བའི་མགྲིན་པ་དང
བཞུར་ནས་རྫོགས་མཐའ་མེད་པའི་སྙན་ངག་གི་དངོས་གྲུབ་དེ་ཐོབ་ངེས

 

ཀྱེ     བདག་གི་ལུས་སེམས་ཀྱི་ཞེ་འདང་བསྟིམས་པའི་གངས་རི་ལགས
ཁྱོད་ཀྱི་བརྩེ་འདང་ནི་ལྕགས་ཀྱིས་བཟོས་པའི་འཁྲབ་ཞིག་ལྟར་བདག་ལུས་ཡོངས་བགོས་ཤིང
བདག་རང་ཕྱི་རུ་འབུད་ཐབས་དཀའ་བའི་དཀྱིལ་འཁོར་དེར་རུ་དམ་དུ་བཅུག

 

བརྩེ་བ་ནི་ས་གཞིའི་མྱོས་བུམ་གྱིས་བསྐྱེད་པའི་ཆགས་སྲེད་ཅིག་ཡིན་ཞིང
ང་ནི་ཕ་ཡུལ་གྱི་མྱོོས་བུམ་ལས་ནར་སོན་ཏེ
སླར་ཡང་མཉེས་གཤིན་བདག་དམ་མཁན་གྱི་ཕོ་རབ་ཅིག་བྱེད་འདོད
རེད་དེ    ཁ་ཐག་རིང་པའི་སེམས་གཏམ་ཞིག་གིས་རང་ཉིད་ལ་བསྟོད་གླུ་ཕུལ་ཏེ
ཆེས་སྤྱིར་བཏང་གི་སྙན་ངག་འདི་རྩོམ་དུས
ཞོགས་པའི་ཁུ་སིམ་གྱི་འཇིག་རྟེན་ལས
རང་ཉིད་ལ་ཡང་ཡང་ཉན་པའང་དྲན་ཡོང
ང་ནི་ཅི་ཡང་མ་ཡིན་ཏེ
རང་ཉིད་ཀྱི་ས་གཞིའང་ད་དུང་མཐོང་མ་བྱུང

 

དཔྱིད་ཟླ་མཐའ་མའི་སྐྱོ་གདུང་གིས
ངས་འཇིག་རྟེན་གྱི་མངོན་སུམ་མིན་པའི་སྒྲུང་ཞིག་ཀློག་པར་སྐུལ་མ་བྱེད་ཅིང
མྱ་ངན་གྱིས་ཡོངས་སུ་མནོན་པའི་ཟླ་འོད་ཀྱིས་ཀྱང
སྒྲུང་མཇུག་མི་གསལ་བའི་སྐྱོ་གར་དེ་ལ་ཉན་པར་སྐུལ་མ་ཡང་ཡང་བྱེད
འོན་ཀྱང     རྟག་བརྟན་གྱི་རྣམ་ཤེས་རྒྱུ་བའི་དག་ཞིང་ཞིག་ཏུ
ལྷ་དང་ལྷ་མོས་ཇི་དགར་ཆགས་སྤྱོད་ལ་རོལ་ཅིང
རྫོགས་མཐའ་མེད་པའི་མནར་གཅོད་ཀྱིས་ངུད་མོའི་གདུང་བ་རྒྱུན་པར་ཐོས

 

ང་རང་ཁ་ཁུར་སིམ་པོར་བྱིས་དུས་ཀྱིས་སྣང་བ་བསྐྱར་དུ་བཙལ་ཞིང
མུན་ནག་ཏུ་གཅིག་པུར་ཙོག་ནས་རང་ཉིད་ཀྱང་བཙལ
བདག་གིས་ཕ་ཡུལ་ནས་བླངས་མྱོང་བའི་གཞས་ཆུང་རེ་རེ་སྣ་གླུར་བླངས་ཤིང
གཉོམ་དུང་དུང་གི་མགྲིན་གླུ་ཕྲ་མོ་རང་ཉིད་གཅིག་པུའི་མིག་ཆུའི་བཞུར་སྒྲར་འགྲོགས
ང་ནི་འདི་ལྟ་བུའི་བཙན་བྱོལ་གྱི་འཚོ་བར་གོམས་པར་གྱུར

 

ལེའུ་གསུམ་པ།

མཚམས་དང་མཚམས་སུ
ངས་བཙན་པོའི་རྟ་དམག་གི་རྨིག་སྒྲ་བདག་དང་ཉེ་བར་བཅར་གྱིན་པའི་ཚོར་བ་རྙེད
མཚམས་དང་མཚམས་སུ
ངས་བཙན་པོ་ཟེར་བའི་ཡ་ཆུང་གི་མེ་དཔུང་ཞིག་རྦད་དེ་མེད་པར་དྲན
ང་ནི་གཡོ་སྐྱོམ་ཆེ་བའི་མཚོ་ཐོག་གི་གྲུ་གཟིངས་ཤིག་ཏུ་གྱུར་ཡང
བཙན་བྱོལ་བའི་སྡུག་བསྔལ་གྱི་རྒྱ་མཚོ་མ་བརྒལ་བའི་སྔོན་དུ
ད་དུང་རེ་ལྟོས་ཆེ་བའི་ཕ་ཡུལ་གྱི་རྒྱལ་ཁམས་དྲན་དགོས
ཕ་ཡུལ    ཕ་ཡུལ

 

དུས་ཚིགས་རེ་རེ་འགྱུར་དུས
ངས་རང་ཉིད་འཆར་ཡན་གྱི་གཤོག་རྩལ་ལ་གཞོན་ནས
དུས་ཡུན་གང་འཚམ་ཤོར་ཟིན་པ་རྟོགས་འོང
དུས་ཚིགས་རེ་རེའི་རྗེས་སུ
ངས་རང་ཉིད་ཀྱི་ལུས་སེམས་གཉིས་ཀ་ཕ་ཡུལ་དང་རྒྱང་ཐག་རིང་བོར་འགྲོ་བ་ཚོར་ཡོང

 

དེ་ཡིན་ཡང
སེར་སྣ་ཆེན་པོས      གདུང་གླུ་འདི་སུ་ལའང་ལེན་རྒྱུ་མིན་ཞིང
ངའི་རྨི་ལམ་གྱི་ལམ་ཐོག་ཏུ་གྲགས་པའི་རོལ་དབྱངས་འདི་ནི
རང་ཉིད་གཅིག་པུར་དབང་བའི་ལྕགས་ཀྱི་མཁར་རྫོང་དེ་རུ་དུར་སྦས་བྱེད

ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༥ལ་བྲིས་གྲུབ།

 

སྙན་ངག

Post navigation

Previous Post: ཁེར་རྐྱང་གི་མཚན་ཕྱེད་དུ། ངས་ཁྱོད་ལ་བརྩེ་དུང་གི་སྙན་ངག་འབྲི་ཕོད།
Next Post: ཨ་རིག་རྭ་རྒྱའི་བཀའ་འགྱུར་པར་མ་གསར་རྙེད་བྱུང་བ།

Comments (5) on “རྒྱལ་ཁམས་དང་གྱེས་པའི་གདུང་གླུ།”

  1. གནམ says:
    2015-01-05 at 8:14 am

    གསང་བ་ཞིག་གླེང་གི་ཡོད་ཚོད་རེད། གོ་ནི་ཞིག་བྲིས་མ་འདུག། ༼ལམ་ཐོག་ཏུ་གྲགས་པའི་རོལ་དབྱངས། ལམ་འོག་ཏུ་དུར་སྦས་བྱས་ན།༽ རྒྱལ་ཁ་སུ་ལ་ཐོབ་རྒྱུ་རེད།

  2. རྒྱང་མིག says:
    2015-01-05 at 9:29 am

    གདུང་གླུ་འདི་དབྱངས་སུ་གྱེར་བཞིན།
    ཞེ་ཆགས་སའི་ཕ་ཡུལ་གྱི་རྣམ་པ་ཡིད་ལ་འཆར་ཞིང་།
    དྲོད་ཁོལ་དང་བྲལ་བའི་གྱེས་གདུང་གི་ཚོར་བ་འགོག་ཏུ་མེད།
    ཕ་ཡུལ་ཡ། ཕ་ཡུལ།

  3. རྟ་དབྱངས། says:
    2015-01-05 at 3:44 pm

    ཡག་པོ་བྲིས་འདུག འོན་ཀྱང་། ཚེག་དང་ཤད་བརྒྱབ་མི་འདུག ཕལ་ཆེར་བརྗེད་སོང་བ་འདྲ།

  4. མཚམས་སྤྲིན། says:
    2015-01-06 at 5:26 pm

    སྙན་ངག་སྙན་བྱུང་། ཚིག་མཐར་ཤད་འབྲི་མཁན་དང་མི་མཁན་གཉིས་འདུག ཁོང་མི་འབྲི་མཁན་གྱི་གྲས་ཡིན་པ་འདྲ། འོན་ཀྱང་ཡིག་ནོར་གང་འཚམ་འདུག

  5. རས་པ་ says:
    2015-01-06 at 11:40 pm

    ལྷན་རྒྱས་ཀྱིས་གཟིགས་གནང་བར་བཀའ་དྲིན་ཆེ། ཡིག་ནོར་ལ་མཛུབ་སྟོན་གནང་རོགས་ཞུ། ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme