Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱིས་བཙན་འཛུལ།

Posted on 2014-12-312014-12-31 By ཁ་བརྡ 20 Comments on རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱིས་བཙན་འཛུལ།

འཇམ་གཅེས།

དེ་རིང་ནི་སྤྱི་ལོའི་ལོ་གསར་རམ་༢༠༡༥ ལོའི་ལོ་གསར་པ་ཚེས་སོང་ཞེས་གསར་འགྲོགས་དང་། རང་ཚུགས་བྲལ་བའི་བོད་པ་ཚོས་དགའ་བསུ་དང་འཚམས་འདྲི་མང་འདུག་མོད། ངས་ནི་ཕྱི་ལུགས་ལོ་གསར་དང་ཡེ་ཤུའི་དུས་བཟང་གང་ཡང་བརྩི་སྲུང་མི་བྱེད། རྒྱུ་མཚན་ནི། ང་ནི་བོད་མི་ཡིན་པའི་ཆ་ནས་ཐུན་མོང་མ་ཡིན་པའི་རིག་གནས་དང་། ཡུལ་གོམས་གཤིས་ལུགས་དང་མཐུན་པའི་རང་ཉིད་ལ་ལོ་གསར་པའི་དུས་ཚིགས་ཡོད་ལ། ཆོས་ལུགས་ཀྱི་དུས་ཚིགས་ཀྱང་ཡོད། ཡོད་པ་ཙམ་དུ་མ་ཟད་རིན་ཐང་ལྡན་པ་དང་། རྒྱུ་མཚན་ལྡན་པ། མི་རིགས་ཀྱི་ལྟ་སྤྱོད་དང་འཚམས་པ། ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་ལྡན་པ། ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མི་རིགས་ཤིག་ལ་དགོས་པའི་རང་རྐྱ་འཕེར་ངེས་ཀྱི་ཡུལ་གོམས་གཤིས་ལུགས་སོགས་ཡོད་པས་ཡིན།

ངས་འདི་ལྟར་ཟེར་ཡོང་དུས། ཁྱེད་ཅག་གིས་བདག་ལ་མཁྲེགས་འཛིན་མཁན་དང་། རྗེས་ལུས་པ་སོགས་ཚིག་མཚོན་ཆར་ལྟར་འབེབས་རྒྱུ་ཡིན་པའང་ཤེས་ཀྱིན་ཡོད། ཡིན་ནའང་བཟང་ངན་ལེགས་ཉེས་སོགས་ཀྱི་ལམ་ནས་བསྟོད་སྨད་གང་ཞིག་བྱེད་རུང། དེ་ནི་ཁྱེད་ཚོས་རང་དབང་རེད་ལ། མི་བུ་བདག་གི་ལངས་ཕྱོགས་ལ་བཅོས་བསྒྱུར་གཏོང་དགོས་མིན་དེ་ནི་ང་རང་ཉིད་ལ་དབང་བ་ལས་གཞན་སུ་ལའང་མི་དབང་།
སྤྱིའི་ཆ་ནས་བཤད་ན་བོད་རིགས་ནང་ཁུལ་དུའང་ལོ་གསར་དུས་ཚིགས་ལ་མི་འདྲ་བ་ཁ་ཤས་ཡོད་པ་ཡིན་མོད། དེ་དག་ནི་མི་རིགས་གཞན་དང་། རིག་གནས་གཞན་གྱིས་བཙན་འཛུལ་བྱས་ཡོང་བ་ཞིག་དང་། ཡང་ན་ས་ཁུལ་བྱེ་བྲག་པ་རེ་ཟུང་གི་ལམ་ལུགས་ཙམ་ཞིག་ཡིན་པ་ལས། བོད་མི་རིགས་སྤྱིའི་ཐུན་མོངགི་ཡུལ་སྲོལ་གོམས་གཤིས་མཚོན་པར་ནུས་པའི་སྲོལ་རྒྱུན་གྱི་ལམ་ལུགས་རིན་ཐང་ཅན་ཞིག་གང་ཡང་མིན།

མི་རིགས་མཉམ་གནས་དང་། རིག་གནས་དང་རིག་གཞུང་གཅིག་འགྱུར། བསམ་བློ་ཆིག་སྒྲིལ་སོགས་ལ་དམིགས་ནས་ནུས་ཤུགས་ཡོད་དོ་ཀུན་ཕྱོགས་གཅིག་ཏུ་སྤུངས་དགོས་པར་མཐོང་ན་ཕྱོགས་ཡོངས་ལ་དོ་སྣང་དགོས་པ་ལས། ང་ཚོ་གངས་རིའི་ལྗོངས་འདིར་གདོད་མ་ཉིད་ནས་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་གཅིག་མཚུངས་ཡིན་ཟེར་བ་ཙམ་གྱིས་ནི་ས་ཆོད་གང་ཡང་མི་འབྱུང་།

མི་རིགས་རང་ཉིད་ཀྱི་ཆོས་ལུགས་དང་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཡོད་པ་འདི་དག་ནི་ལོ་ངོ་སྟོང་གི་ཡར་སྔོན་ནས་མིའི་ཚེ་སྲོག་ལས་ཉོས་པའི་ཟུངས་ཁྲག་ཡིན་པས་ང་ཚོའི་ཚེ་སྲོག་དང་འབྲེལ་བ་ཡོད་པར་ཤེས་དགོས་ལ། ང་ཚོའི་ཚེ་སྲོག་དེ་ང་ཚོས་བདག་ཏུ་འཛིན་དགོས་པ་ལས་མི་རིགས་གཞན་སུས་ཀྱང་མི་འཛིན། ནམ་ཞིག་མི་རིགས་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་འདི་ཚོ་ར་མ་ལུག་དང་ཡ་མ་ཟུང་དུ་གྱུར་སོང་བ་དེའི་ཚེ་བོད་རིགས་ནི་དོན་གྱིས་སྟོང་བས་བོད་མི་རིགས་ཤིག་དང་། དེ་ནས་རིམ་བཞིན་ལོ་རྒྱུས་ཐོག་གི་བོད་རིགས། མཐར་འཇིག་རྟེན་འདིར་མིང་ཙམ་ཡང་མེད་པར་འགྱུར་ཉེན་ཧ་ཅང་ཆེ་བ་ཡིན།

ང་ཚོ་ལ་རྣམ་དཔྱོད་དང་འཇོན་ཐང་ཡོད་ན་ཐུན་མིན་རིག་གནས་ཀྱི་ནང་ནས་སྙིགས་དོར་བཅུད་ལེན་དང་། འཐུས་སྒོ་ཇེ་ཚང་དང་། སྤུས་ལེགས་གཏང་ཆོག དེ་བཞིན་མ་ཉམས་གོང་འཕེལ་དང་། ཉམས་པ་སོར་ཆུད་དགོས་པ་ནི་མི་རིགས་ཤིག་གི་འོས་འགན་རང་ཡིན་ནོ།

བསམ་ཚུལ།

Post navigation

Previous Post: རྟོགས་བརྗོད་ངག་གི་མེ་ལོང་།
Next Post: ༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་རྗེས་དྲན་སྙིང་གི་ནོར་བུ།

Comments (20) on “རིག་གནས་གཞན་དང་ཡུལ་སྲོལ་གཞན་གྱིས་བཙན་འཛུལ།”

  1. སྤོབས་པ་མཐའ་ཡས། says:
    2014-12-31 at 8:40 am

    བཟང་གི། ལེགས་སོ། ཁྱོད་འདྲ་འདྲ་དེ་ངོ་མ་སྤྱི་ཚོགས་ཤིག་གི་སྲོག་ཤིང་དུ་འགྱུར་དུས་ཡོད། ལངས་ཕྱོགས་དེ་འཁྲེགས་ཙམ་དང་གནས་ལུགས་རྒྱུ་མཚན་ཀྱིས་རྒྱབ་རྟེན་བཙལ་ནས་མུ་མཐུད་དུ་སྐད་སྒྲ་སྒྲོགས་རོགས། ཡིན་ན་ཡང་། ང་དང་ང་འདྲ་བ་ཚོས་མཚམས་མཚམས་ལ་ཁྱེད་ལ་ཁག་དཀྲི་སྙད་འདོགས་རེ་བྱེད་ཡོང་ན་ཡང་མི་ཤེས། ཡིན་ན་ཡང་། དེ་ཙམ་ལ་དོག་ཟོན་བྱེད་དགོས་མ་མཆིས།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-31 at 8:46 am

    ་་་་་་་་་་་་་ མི་རིགས་རང་ཉིད་ཀྱི་ཆོས་ལུགས་དང་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཡོད་པ་འདི་དག་ནི་ལོ་ངོ་སྟོང་གི་ཡར་སྔོན་ནས་མིའི་ཚེ་སྲོག་ལས་ཉོས་པའི་ཟུངས་ཁྲག་ཡིན་པས་ང་ཚོའི་ཚེ་སྲོག་དང་འབྲེལ་བ་ཡོད་པར་ཤེས་དགོས་ལ། ང་ཚོའི་ཚེ་སྲོག་དེ་ང་ཚོས་བདག་ཏུ་འཛིན་དགོས་པ་ལས་མི་རིགས་གཞན་སུས་ཀྱང་མི་འཛིན། ་་་་་་་་་་་་་་་་

  3. སྤོབས་པ་མཐའ་ཡས། says:
    2014-12-31 at 8:54 am

    གྲོགས་པོ་ལགས། ང་ཡང་ཁྱེད་ཀྱི་བསམ་བློའི་འཁོར་ཕྱོགས་ན་ཡོད། དེར་བརྟེན། བདུན་ཕྲག་ཁ་ཤས་སྔོན་ལ་ངས། རང་ཡུལ་དང་རང་མི་ལས་དྲག་ཅིག་མི་འདུག ཅེས་པའི་བསམ་ཚུལ་ཁ་བརྡར་སྤེལ་མྱོང་ཡོད།

  4. འཇམ་གཅེས། says:
    2014-12-31 at 9:05 am

    བཀུར་འོས་དྲྭ་གྲོགས་རྣམས་པ་ཚོ་ཕེབས་བསུ་ཞུ། ལྷག་པར་དུའང་རྒྱབ་སྐྱོར་གནང་བ་ནི་དེ་ལས་ཀྱང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཅིག་ཙམ་ནས་དཔྱད་ན་མི་བུ་ནུས་མེད་ཞིག་གིས་བསམ་འཆར་ཡིན་མོད། ཕྱོགས་གཞན་ཞིག་ནས་བཤད་ན་མི་རིགས་ལ་བཅངས་པའི་ལྷག་བསམ་ཡང་ཡིན། ཅུང་ཟད་བཅོས་དགོས་པ་ནི། གསར་འགྲོགས་ལ་དགའ་བ་དང་། རང་ཚུགས་བྲལ་བའི་བོད་པ་་་ཟེར་དགོས་་

  5. ཇུས་ཏོག says:
    2014-12-31 at 9:38 am

    བཤད་རྒྱུ་མང་པོ་བཤོད་མཁན་ཡོང་།
    ལག་ལེན་རི་བོང་ར་འདྲ་རེད་།
    ཡུལ་ཆུ་ཐུང་ནས་ཡུལ་ཁྲིམས་སྲུང་།
    མི་ཅི་ཟེར་ལ་མི་ཉན་ཅི་བྱེད་ལ་བལྟོས་།
    ཟེར་བའི་དཔེ་དེ་བདེན་ཡང་བདེན་།
    བདེན་པའི་གནས་ལུགས་ཤེས་ན་དགའ་།
    ཧམ་བཤད་མང་མི་ཉན་།

  6. ཆོས་འཕེལ་དར་རྒྱས་ says:
    2014-12-31 at 10:43 am

    ཨ་རོ་འཇམ་གཅེས། happy & healthy 2015 ཁྱེད་ལ་ཞུ་ཆོག་པར་ཞུ། གཞན་བོད་རང་ལ་དབང་བའི་ལོ་སར་ཐུན་མོང་ཞིག་ནི་བར་སྐབས་ལ་ཡོད་ལ་བར་སྐབས་ལ་འབྲི་ཆུའི་ཡན་ཆོད་མན་ཆོད་ལ་དུས་ཐོག་མི་གཅིག་པ་རེ་བྱུང་དུས་གང་ལ་བསྟུན་དགོས་བ་མི་ཤེས་གི།

  7. བདེན་པའི་ཕོ་ཉ་ says:
    2014-12-31 at 11:18 am

    བཤད་པ་ལག་ལེན་དུ་འཁྱོལ་དགོས་སྨོང་དད་གི་གཟི་བ་མ་ཡིན་པར་རང་མི་རིག་གིས་ལ་རྒྱ་དགོས་ལ་དེང་དུས་སྤྱི་ཚོགསདང་མཐུན་པའི་གོམ་པ་སྤོ་དགོས་

  8. ཁྱུང་སེ། says:
    2014-12-31 at 12:18 pm

    * * *NEW YEAR* * * Going To Be Started . . .
    & I Wanna Be The 1st Person
    Who’ll Wish U
    12 Months Of Happiness. . .
    52 Weeks Of Fun . …
    365 Days Of Success. . .
    8,760 Hours Of Good Health . . .

    5,25,600 Minutes Of Good Luck . . .
    31,53,600 Seconds Of Smiling . . .
    So wish u a very HaPpy NeW YeaR . . advance in ha
    (Speacle for jamche )

  9. འཇམ་གཅེས། says:
    2014-12-31 at 12:28 pm

    བདེན་པའི་ཕོ་ཉ་ལགས་ལ་ལན་དམིགས་བསལ་གང་ཡང་མེད། རྒྱུ་མཚན་ནི་གོང་གསལ་རྩོམ་ཡིག་དུ་བྲིས་ཟིན་པས་ཡིན། དེ་ལས་དང་པོར་བོད་ཡིག་ཏོག་ཙམ་ཡར་རྒྱས་གཏོང་་་་་་

  10. པདྨ says:
    2014-12-31 at 5:04 pm

    འཇམ་གཅེས་ལོ་ལོ། དང་པོ་ཁྱོད་ཀྱིས་སྤྱི་ལོའི་ལོ་གསར་རམ་༢༠༡༥ ལོའི་ལོ་གསར་པ་ཚེས་སོང་ཞེས་བཤད་མི་ཉན་ཡ། སྤྱི་ལོ་ཡིན་པར་ཁས་ལན་བཞིན་གཞན་ལ་སྐྱོན་བརྗོད་དང་རང་ཚུགས་ཟིན་ཡོད་འདོགས་སྟོན་རུང་རིག་གཞུང་ལ་གཅེས་སྐྱོང་ཡོད་མེད་རང་མདོག་སྟོན་ཚར་བ་རེད། ཧ ཧ

  11. གནམ says:
    2015-01-01 at 5:15 am

    བཤད་དང་ནི་ཟིག་ཅང་མི་འདུག། སྤྱི་དུས་ཀྱི་གཟའ་ཟླ་ལོ་འཁོར་གྱི་གི་རིམ་འོག་ནས་བྱ་བྱེད་ལས་གསུམ་མི་མཐུན་པ་ཞིག་དང་། མི་གུས་བ་ཞིག་བྱེད་དགོས་ཟེར་ན། དེ་ནི་མ་བུ་མོའི་ཁོག་ལ་བུ་ཆུད་ས་ནས། སྟག་ཤ་རའི་ཁོག་ལ་ཚིག་མ་ཆུད་པ་ཙམ་ལས། སྤྱང་ཤ་དོད་པའི་རིག་པ་ཞིག་མེད་པ་གསལ་པོ་རེད།
    མ་གཞི་བྱས་ན། དགའ་བ་དང་གུས་པ་ནི་སུ་ལ་བྱེད་དགོས་བ་ཞིག་རེད།
    བོད་པ་ཚོས་བྱུང་ན། བོད་ཀྱི་དུས་བཟང་ཚེ་བཟང་ལ་ཕྱི་ནུར་སྔ་འཐེན་མེད་པར་དུས་ཐོག་རང་དུ་རྩི་སྲུང་བྱེད་ཐུབ་ན་ཡག་པོ་ཞིག་ཡིན་པ་ཡིན་ན་ཡང་། དེ་ཡང་སྤྱི་ལོའི་ནམ་ཟླ་ལ་སྟབས་བསྟུན་གྱི་འཚོ་བ་ཞིག་འགྲོ་དགོས་དུས། དེ་ཡང་དཀའ་མོ་ཞིག་ཡིན་སྲིད་པས། བོད་རྒྱལ་ཁབ་ཞིག་མེད་ན། བོད་རྒྱལ་ཁབ་ཞིག་ལེན་མ་ཐུབ་ན། གཤིས་གྱོང་དང་ཚིག་གྱོང་ཙམ་བྱས་ན་ཡུལ་སོ་སོའི་ཡུལ་ལུགས་ལམ་ཁྲིམས་ལ་གུས་རྩི་མི་བྱེད་ཟེར་ན། ཁ་བྲག་ཁུང་གི་ནང་ལ་འཁོར་ནས། སྡུག་སྒོང་རྒྱག་ཡ་ལས་ཡོད་པ་མ་རེད།

    བོད་ཟེར་བ་འདིས་དམ་པའི་ཆོས་ཀྱི་རྩ་བ་སྙིང་རྩར་བཞག་ནས། སེམས་རྒྱ་ཆེ་ཙམ་དང་གོ་ཤེས་མཐོ་ཙམ་བྱས་ནས། ཡུལ་སོ་སོ་ནས་ཡག་པ་ཡོན་ཏན་ལྡན་པ་ཞིག་བྱེད་པར་ཤོག།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-01-01 at 5:39 am

    ་་་་་་་་་་་་་ ང་ཚོའི་ཚེ་སྲོག་དེ་ང་ཚོས་བདག་ཏུ་འཛིན་དགོས་པ་ལས་མི་རིགས་གཞན་སུས་ཀྱང་མི་འཛིན། ་་་་་་་་་་་་་་་་

  13. འཇམ་གཅེས། says:
    2015-01-01 at 5:53 am

    རིག་གནས་ཀྱི་རིན་ཐང་མི་ཤེས་པ་དང་། རང་རིགས་ཀྱི་ལས་དབང་ལ་བསམ་ཤེས་དང་འགན་འཁུར་གང་ཡང་བསམ་པའི་ཡུལ་ཙམ་ལ་འཁོར་མ་མྱོང་བའི་ཁར། དུས་ཀུན་ཏུ་ཕྱོགས་རིས་དང་། སྤྱི་ཚོགས་དཀྲུགས་ཤིང་སློང་ཐབས་ཀྱི་ལས་སུ་གོམས་ཆེ་བའི་དྲྭ་འབུ་དག་གི་ཁ་ནང་ནས་གསེར་དོན་པའི་རེ་བ་ནམ་རྒྱུན་ནས་བྱེད་མྱོང་མེད་ལ་ད་དུང་ཡང་སྔར་བཞིན་ཡིན། གཟུར་གནས་དང་མཁྱེན་སྤྱན་མངའ་བའི་མཆན་པ་ཚོ་ལ་ནི་རྟག་ཏུ་གུས་ཤིང་བཀུར།

  14. འཇམ་གཅེས། says:
    2015-01-01 at 6:23 am

    སྔོན་ཐོན་ཅན་གྱི་འཛམ་གླིང་རྒྱལ་ཁབ་ཁག་དང་། མི་རིགས་ཀྱི་སྔོན་ཐོན་ལ་དམིགས་དཔེ་བལྟ་འདོད་ན། ཤེས་ཡོན་དང་ཚན་རྩལ་རིག་གནས་སོགས་ཀྱི་མཚོན་པའི་བོད་རང་ལ་དགོས་ངེས་པའི་ལེགས་ཆ་དག་ལ་བལྟ་དགོས་པ་ལས། ལོ་གསར་བརྩི་སྲུང་དང་། ཆོས་ལུགས་དུས་ཆེན་སོགས་ལ་གཡམ་རྒྱུགས་དགོས་པ་གང་ཡང་མ་མཐོང་། བྱེད་སྒོ་དེའི་རིགས་ནི་ང་ཚོ་ལའང་མང་མ་དྲགས་ན་ཉུང་སྐྱོན་གཏན་ནས་མེད། ཡིན་ནང་དེ་དག་ལ་རིན་ཐང་དེ་ཙམ་མེད་པར་གཞན་རྐུབ་ལ་འཚང་ཀ་ཆེ་བ་འདི་ནི་གསར་འགྲོགས་མིན་ན་ཅི་ཞིག་ཡིན་ནམ། ཡེ་ལུགས་ལོ་གསར་བརྩི་སྲུང་མ་བྱས་ན་ཡུལ་ཁྲིམས་དང་། རྒྱལ་ཁྲིམས་འགལ་འགྲོ་བ་དེ་འདྲ་སུས་བཀས་བཅད་པ་ཡིན་ནམ། དམིགས་བསལ་བོད་པ་གསལ་འགྲོགས་ལ་དགའ་མཁན་དག་དང་། སྤྱི་ཚོགས་དྲྭ་འབུ་ཚོ་ལ་ཁྲིམས་ལུགས་དེ་འདྲ་ཞིག་ལག་བསྟར་བྱེད་མཁན་འདྲ་ཡོད་མ་གཏོགས། གཞན་ལ་ནི་མེད་པར་ཚིགས་ཐག་ཆོད་པོའི་སྒོ་ནས་བཤད་ཐུབ་པ་ཞིག་རེད། ཧི་ཧི།

  15. གནམ says:
    2015-01-01 at 7:57 am

    ཅིག་ཅིག་བྱས་ན་མི་འགྲིག། མྱིག་མྱིག་བྱས་ན་མི་རུང་།
    དེ་བྱས་ན་དགྱ་ལུགས་དང་དགྱ་ལྟ་རེད། འདི་བྱས་ན་དབྱིན་ལུགས་དང་དབྱིན་ལྟ་རེད་ཟེར་ནས། པགས་སྩོག་མ་གོན་ན་བོད་མི་མིན་པ་འདྲ་བོ། ཤ་ཁྲག་མ་བཟས་ན་གདོང་དམར་མིན་པ་འདྲ་བོ་བཤད་ནས་ཅི་ཡང་བལ་ནི་མ་རེད། དེ་ལས་རང་གི་དུས་ཆེན་དང་གཟའ་ཚེ་སོགས་འདི་འདི་རེད། དེ་དེ་རེད་ཟེར་ནས་དེའི་རིན་ཐང་ཞིག་ངོ་སྤྲོད་དང་། འཁམ་དང་མོས་བ་གང་ལ་མཐུན་པ་འདུག་བལྟས་ཆོག་གི་རེད། དེ་མིན།
    དགའ་ས་བཤད་ན་རྟོག་ལྡན་དང་། མི་མཐུན་པ་ལ་དྲ་འབུ་ཟེར་བ་ནི། དགོད་ཤོར་སའི་རང་ཆས་ཙམ་ལས་མི་འདུག་གོ། ཧ་ཧ་ཧ།

  16. འཇམ་གཅེས། says:
    2015-01-01 at 8:42 am

    བསམ་བློ་ནར་སོན་ཟིན་པའི་བོད་མི་ཞིག་ཡིན་ཕྱིན། སོ་སོའི་རིག་གནས་ཀྱི་རིན་ཐང་སོ་སོའི་མ་ཤེས་ན་དེ་ལས་ཐབས་རྡུག་པ་ཞིག་དང་ཡིད་མུག་པ་ཞིག་ག་ལ་ཡོད། མི་དེ་འདྲའི་རིགས་ལ་འགྲེལ་བཤད་བྱས་རུང་གྲུབ་འབྲས་གང་ཡང་མི་ཡོང་། དེ་ལས་ཅི་དགའ་མཛོད། རབ་བྱུང་ན་བོད་ཡིག་གི་བརྡ་དག་ཏོག་ཙམ་ཨེ་ཤེས་བརྩོན། དེ་མིན་ཆེན་པོ་དང་རྫིག་པོ་ཞིག་ནི་གང་ཡང་ཡོང་ཚོད་མི་གདའ། བརྙས་བཅོས་འདྲ་མིན་སྟེ་ཧི་ཧི་ཧི་ཧི་ཧི་་་་་་

  17. བདེན་པའི་ཕོ་ཉ་ says:
    2015-01-01 at 8:52 am

    འཇམ་གཅེས་ཟེར་བའི་མི་ཁོ་ནི་གཞན་ལ་མཐོང་ཆུང་དང་སྤྱི་ཚོགས་ལ་དཀྲུགས་ཤིང་གི་རྩོམ་ཡིག་སྤེལ་མཁན་ཞིག་རེད་ཁོ་པས་རང་ཉིད་དགའ་བའི་མི་རང་བཙན་དང་རང་དབང་ལ་རྨོངས་པའི་མི་བུ་དག་ལ་རྒྱབ་ལང་ཀྱི་རྩོམ་ཡིག་ཀྱང་སྤེལ་མྱོང་ཡོད་ཡི་གེ་ཕྲན་བུའི་ཤེས་པ་དེ་བེད་སྤྱོད་ལོག་པར་གཏོང་ན་ཕན་ཐོགས་ལས་གནོད་ཆེ་

  18. འཇམ་གཅེས། says:
    2015-01-01 at 10:48 am

    བདེན་པའི་ཕོ་ཉ་ཟེར་བའི་མིང་དེ་རང་ལ་དེ་ཙམ་མི་འོས་པ་འདུག དེ་ལས་རྫུན་པའི་ཕོ་ཉ་ཟེར་ན་ཏག་ཏག་ཡིན་པ་འདྲ་འདུག བཀུར་འོས་ཁ་བརྡའི་དྲྭ་བདག་མཆོག་ལ་ཞུ་རྒྱུར། གོང་དུ་མཆན་ཉིས་བརྩེགས་ཤོར་འདུག་པས། གཅིག་བསུབ་རོགས་ཞུ་རྒྱུ་ཡིན།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-01-01 at 11:31 am

    ཡུལ་མཐའ་ཁྱོབ་བོད་ཀྱི་རྒྱལ་ཁམས་འདིར། །
    མི་མཁས་པ་སླེབས་པའི་སྔོན་མ་ཡིན། །
    བོད་ཁ་བ་ཅན་གྱི་མི་རྣམས་ལ། །
    ང་ཐོན་མི་བཀའ་དྲིན་མི་ཆེ་འམ།།

  20. གནམ says:
    2015-01-01 at 6:35 pm

    # 16 འཇམ་གཅེས།་ལགས་ཀྱིས་མཆན་བཏབ་པ།:
    January 1st, 2015 at 8:42 AM
    བསམ་བློ་ནར་སོན་ཟིན་པའི་བོད་མི་ཞིག་ཡིན་ཕྱིན། (སོ་སོའི་རིག་གནས་ཀྱི་རིན་ཐང་༼སོ་སོའི་མ་ཤེས་ན༽)་དེ་ལས་(ཐབས་རྡུག་)པ་ཞིག་དང་ཡིད་མུག་པ་ཞིག་ག་ལ་ཡོད། མི་དེ་འདྲའི་རིགས་ལ་འགྲེལ་བཤད་བྱས་རུང་གྲུབ་འབྲས་གང་ཡང་མི་ཡོང་། དེ་ལས་ཅི་དགའ་མཛོད། ༼༼རབ་བྱུང་ན་བོད་ཡིག་གི་བརྡ་དག་ཏོག་ཙམ་ཨེ་ཤེས་བརྩོན།༽༽ དེ་མིན་ཆེན་པོ་དང་རྫིག་པོ་ཞིག་ནི་གང་ཡང་ཡོང་ཚོད་མི་གདའ། བརྙས་བཅོས་འདྲ་མིན་སྟེ་ཧི་ཧི་ཧི་ཧི་ཧི་་་་་་

    གཅིན་པ་གནམ་ལ་བཏང་ན། འབབ་ས་ག་བ་ཡིན་པ་ཤེས་མི་འདུག། ཨ་ཧང་བོ་ན་ཧང་བོ། བརྡ་དག་ཟེར་ན་བརྡ་སྤྲོད་དང་དག་ཆ་ལ་ཟེར་གི་ཡོད་ནི་ཨེ་ཡིན། ཡིན་ན། སོ་སོའི་བརྡ་དག་ཅན་དུ་སྣང་པའི་མཆན་ཆག་དེ་ལ་ཅིག་ལྟོས་དང་། ཧ་ཧ་ཧ། ཧ་ཧ་ཧ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme