Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་བྱ་སྤྱོད་ལ་དཔྱད་པའི་ཀ་བཤད་ཉི་ཤུ་པ།

Posted on 2014-12-262014-12-26 By ཁ་བརྡ 3 Comments on བོད་མིའི་བྱ་སྤྱོད་ལ་དཔྱད་པའི་ཀ་བཤད་ཉི་ཤུ་པ།

ཀོ་ལི་གྷ་གཞུང་པ་ཚེ་དབང་བསོད་ནམས།

 
ཀ་ར་གུ་རམ་རྒྱ་དངུལ་ཏ་ཡང་བོད་ཀྱི་ལས་བྱེད་རྒྱ་ཡིས་བསླུས།།
ཁ་ནས་ཆོལ་གསུམ་ཆིག་སྒྲིལ་ཟེར་ཡང་དོན་དངོས་ཕྱོགས་གཏོགས་མགོ་འདྲེན་མང་།།
ག་པར་བལྟས་ཀྱང་རང་དོན་སྒྲུབ་མཁན་སྐབས་འཚོལ་རིང་ལུགས་དངོས་སུ་དར།།
ང་ཡིན་ཁོ་ཡིན་ཟེར་མཁན་མང་བས་བོད་མིའི་འཐབ་རྩོད་སྒྲུང་གི་འགྱངས།།
ཅ་ཅོ་ཀླ་ཀློའི་དུག་གི་ཆབ་སྲིད་བོད་དོན་ལས་འགུལ་ཁ་འཐོར་བཏང་།།
ཆ་རྒྱུས་མེད་པའི་འཛམ་གླིང་མི་མང་རྒྱ་ཡི་དཔལ་འབྱོར་རིག་པས་བསླུས།།
ཇ་ཆང་ཞིམ་པོར་མགོ་བོ་འཁོར་ནས་འཛམ་གླིང་དབུ་ཁྲིད་རྒྱ་ལ་དགའ།།
ཉ་ཤ་ཕག་ཤ་རྒྱ་ཡི་ཟས་ནས་ས་གནས་བོད་མིར་སྡུག་སྦྱོང་བཏང་།།
ཏཱ་ལའི་བླ་མས་དུས་གསུམ་གསལ་གཟིགས་མ་ནོར་ལམ་སྟོན་དབུ་མའི་ལམ།།
ཐ་མའི་ཐག་གཅོད་ཆོལ་གསུམ་གཞིས་བྱེས་ས་ཡ་དྲུག་གི་མདུན་དུ་བཞག །
ད་ལྟའི་སྐབས་སུ་བོད་མིའི་བྱ་སྤྱོད་ཁ་ཕྱོགས་མ་ནོར་ཐུགས་རྗེས་གཟིགས།།
ན་གཞོན་ལོ་ཆུང་ཆབ་སྲིད་མ་རྟོགས་དོན་མེད་སྤྱི་ཚོགས་ཉེན་ཁར་བསྐྱལ།།
པ་སངས་འདྲ་བའི་རྒན་རབས་བོད་མིའི་བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་བཟོས།།
ཕ་བཟང་འདྲ་བའི་གཞུང་གི་ལས་བྱེད་འཛིན་སྐྱོང་ལས་དོན་ཚགས་ཚུད་བཟོས།།
བ་དན་ཕྱོགས་བཅུའི་ནམ་མཁར་སྒྲེང་ནས་ཁྲིམས་བཟོའི་ལས་དོན་མང་གཙོ་སྲུངས།།
མ་འོངས་བོད་རྒྱའི་དཀའ་རྙོག་སེལ་ལ་བོད་རྒྱའི་འགོ་འཁྲིད་ངོ་ཐུག་ཟབ།།
རྩ་བ་རང་བཙན་ས་ཆའི་བདག་དབང་མ་་གླེང་རྒྱལ་རབས་ནུས་མེད་ཆགས།།
ཚ་གྲང་ཇི་བྱུང་གདོང་ལེན་ཐུབ་པར་ནུས་ལྡན་འཆར་གཞི་གལ་ཆེར་མངོན།།
མཛའ་བརྩེའི་མཛུམ་མདངས་ཀུན་ལ་བསྟན་ནས་འཛམ་གླིང་མི་མང་ཆོས་ལ་བསྒྱུར།།
ཝ་ལེར་བསམ་དང་བྱང་ཆུབ་སེམས་དཔའ་རྒྱལ་སྲས་སྤྱོད་པ་སྤྱན་རས་གཟིགས།།
ཞྭ་མོ་ནག་པོའི་ཁྲིམས་གཞི་བསྡམས་ནས་ས་གནས་བོད་མིའི་མགོ་ལ་བསྐོན།།
ཟ་རྒྱུ་འཐུང་རྒྱུར་ཚད་བཀག་བཟོས་ནས་ས་གནས་བོད་མི་ལྟོགས་ཤི་ཐེབས།།
འ་སྤྱང་འདྲ་བའི་གུང་བྲན་ཇག་ཚོགས་མི་ཤ་དམར་པོ་འཁྱུར་མིད་བཏང་།།
ཡ་མེད་དགྲ་བོ་རྒྱ་དམར་ཀླ་ཀློས་འཛམ་གླིང་ཁྱུར་མིད་གཏོང་ཉེན་ཆེ།།
ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་ཆོས་ལྡན་རྒྱལ་ཁབ་ཀླ་ཀློས་བཟུང་།།
ལ་ལུང་བགྲོད་ཀྱང་ཕ་མེས་རིག་གཞུང་སྲ་བརྟན་ཐུབ་པའི་སྒྲིག་འཛུགས་བཙུགས།།
ཤ་ཚ་ཡོད་ན་རང་ཡུལ་བསམ་ནས་གོང་ས་མཆོག་གི་བཀའ་གསུང་སྒྲུབས།།
ས་ཕྱོགས་གང་དུ་འཚོ་བ་བསྐྱལ་ཀྱང་ཕ་ཡུལ་བོད་ལྗོངས་བརྗེད་མི་ཉན།།
ཧ་ཅང་མང་བའི་ཚོགས་པ་སྐྱིད་སྡུག་བཙན་བྱོལ་སྤྱི་ཚོགས་མང་གཙོོ་དངོས།།
ཨ་གསར་ཆེ་བའི་ཚོགས་པ་སྒྲིག་འཛུགས་མཇུག་མ་ཐུང་ནས་ནང་འཁྲུག་མང་།།

སྣ་ཚོགས།

Post navigation

Previous Post: རྔ་བར་གྲྭ་བློ་བཟང་འཕྲིན་ལས་ལགས་ཀྱིས་ངོ་རྒོལ་གནང་བ།
Next Post: ྋརྒྱལ་དབང་མཆོག་གི་མཚན་བསྟོད་ཀུན་བཟང་མཆོད་སྤྲིན།

Comments (3) on “བོད་མིའི་བྱ་སྤྱོད་ལ་དཔྱད་པའི་ཀ་བཤད་ཉི་ཤུ་པ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-28 at 1:25 am

    ང་ཚོ་བོད་རིགས་ཤ་ཁྲག་གཅིག་པ་དེ་ཚོར་གཟིགས་དང་།
    https://www.facebook.com/DuldzinDorjeShugden/photos/a.333716930003137.72762.124479407593558/463049827069846/?type=1&theater

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-29 at 2:34 am

    རྒྱ་དམར་ཀླ་ཀློའི་མའོ་ཙེ་ཏུང་ལ། ཕག་གིས་དམར་མཆོད་དང་གསོལ་འདེབས་བྱེད་པའི་འདྲ་པར།
    https://www.facebook.com/photo.php?fbid=10204788946557062&set=pcb.10204788967437584&type=1&theater

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-30 at 2:45 am

    གངས་ཅན་བླ་མ་མ་རབས་ཡིན་སྟངས་འདིར་གཟིགས་ན་ཤེས་ཐུབ་པ།
    https://www.youtube.com/watch?v=Dnbns6he6Js

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme